རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས《ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོས་ཁྲིམས་སྐྱོང་ལ་སྐུལ་འདེད་གཏོང་བའི་འགན་འཁུར་བ་དང་པོའི་འགན་འཁྲི་ལག་བསྟར་སྐོར་གྱི་གཏན་འབེབས》འགྲེམས་སྤེལ་བྱས་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2016-12-22 16:01:38      རྩོམ་སྒྲིག་པ། : ཨ་གཡང་སྐྱིད།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ12ཚེས14ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་ལག་བསྟར་སྐོར་གྱི་གཏན་འབེབས》འགྲེམས་སྤེལ་བྱས་པ་མ་ཟད། ས་ཁུལ་ཁག་དང་སྡེ་ཚན་ཁག་ཏུ་བརྡ་ཐོ་བཏང་ནས་ ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

        《ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོས་ཁྲིམས་སྐྱོང་ལ་སྐུལ་འདེད་གཏོང་བའི་འགན་འཁུར་བ་དང་པོའི་འགན་འཁྲི་ལག་བསྟར་སྐོར་གྱི་གཏན་འབེབས》རྩོམ་ཡིག་ཆ་ཚང་གཤམ་དུ་འགོད་རྒྱུ།

        དོན་ཚན་དང་པོ་ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་སྲིད་འགན་འཛིན་པས་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་འགན་འཁུར་བ་ཨང་དང་པོ་ལག་བསྟར་ཏན་ཏིག་གཏོང་ཆེད། འགན་འཁྲི་ལྟར་ཏང་ནང་ཁུལ་གྱི་འབྲེལ་ཡོད་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལྟར། གཏན་འབེབས་འདི་གཏན་ལ་ཕབ་པ་ཡིན།

        གཉིས་པ། དོན་ཚན་གཏན་འབེབས་འདིའི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཏང་ཨུ་དང་སྲིད་གཞུང་གི་གཙོ་བོ་འགན་འཁུར་པར་སྤྱོད་པ་ཡིན།

        དོན་ཚན་གསུམ་པའི་ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་ལག་བསྟར་བྱེད་སྐབས། ངེས་པར་དུ་ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བཅའ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་བླ་མེད་མཐའ་འཁྱོངས་བྱས་ཏེ། གཏམ་གྱིས་ཁྲིམས་ཚབ་བྱེད་པ་དང་། དབང་གི་ཁྲིམས་གནོན་པ། ཉེ་སྐྱོར་ཁྲིམས་འགལ་བཅས་ལ་ངོ་རྒལ་བྱ་དགོས། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། ཁྲིམས་ལྟར་སྲིད་སྐྱོང་། ཁྲིམས་ལྟར་སྲིད་འཛིན་ལ་ཐུན་མོང་དུ་སྐུལ་སྤེལ་གཏོང་དགོས། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྲུན་བྱེད་པ། འགན་དབང་གཅིག་མཐུན་ཡོང་བར་མཐའ་འཁྱོངས་དང་། དབང་ཆ་ཡོད་ན་ངེས་པར་དུ་འགན་འཁྲི་ཡོད་པ་དང་། འགན་འཁྲི་ཡོད་ན་ངེས་པར་དུ་འགན་ཁུར་དགོས་པ་དང་། འགན་ཤོར་ན་ངེས་པར་དུ་རྩད་གཅོད་བྱ་དགོས། རང་དཔེ་གཞན་སྟོན་དང་། གོང་ནས་འོག་ལ་སྣེ་ཁྲིད་མཐའ་འཁྱོངས་དང་། འགོ་ཁྲིད་དེ་བཅའ་ཁྲིམས་སློབ་པ་དང་། ཁྲིམས་སྲོལ་སྲུང་བ། བཅའ་ཁྲིམས་བཀོལ་སྤྱོད་བཅས་བྱ་དགོས།

        དོན་ཚན་བཞི་བའི་ཏང་སྲིད་འགན་ཁུར་པ་གཙོ་བོ་དེ་ཁྲིམས་སྐྱོང་འཛུགས་སྐྲུན་དང་པོའི་འགན་འཁུར་མཁན་གྱིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གལ་ཆེའི་རྩ་འཛུགས་བྱེད་མཁན་དང་། སྐུལ་སྤེལ་གཏོང་མཁན་དང་ལག་ལེན་བྱེད་མཁན་གྱི་འགན་འཁྲི་དངོས་སུ་ལག་བསྟར་ཏན་ཏིག་བྱས་ཏེ། ཀྲུང་དབྱང་གི་ཁྲིམས་སྐྱོང་འཛུགས་སྐྲུན་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་མཐར་ཕྱིན་བྱ་དགོས། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་འཛིན་ནན་པོ། ཁྲིམས་འཛིན་དྲང་བཞག དམངས་ཡོངས་ཁྲིམས་སྲུང་བཅས་གཅིག་གྱུར་གྱི་སྐུལ་འདེད་བཏང་སྟེ། རང་རྟོགས་ཀྱིས་ཁྲིམས་སྐྱོང་གི་བསམ་པ་དང་བྱེད་ཐབས་བཀོལ་སྤྱོད་བསྒྱུར་བཅོས་ཟབ་སྤེལ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འགལ་བ་སེལ་བ། བརྟན་ལྷིང་ལ་སྲུང་སྐྱོང་བཅས་བྱ་དགོས། ཁྲིམས་སྐྱོང་འཛུགས་སྐྲུན་གྱི་བྱ་བ་གལ་ཆེན་ལ་དངོས་སུ་བཀོད་སྒྲིག་དང་། གནད་དོན་གལ་ཆེན་ལ་དངོས་སུ་འདྲི་རྟོག གལ་གནད་གཙོ་བོ་ལ་དངོས་སུ་མཐུན་སྦྱོར། གལ་ཆེའི་ལས་འགན་ལ་དངོས་སུ་སྒྲུབ་སྐུལ་བྱས་ཏེ། ས་ཁུལ་དེའི་ལས་ཀ་སོ་སོའི་ཁྲིམས་ལུགས་ཅན་གྱི་ལམ་ལ་འཇུག་དགོས།

        དོན་ཚན་ལྔ་བ། ཏང་སྲིད་འགན་ཁུར་པ་གཙོ་བོས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་གཤམ་གསལ་གྱི་ལས་འགན་གཙོ་བོ་ལག་བསྟར་བྱ་དགོས།

        (གཅིག )ཏང་ཨུས་རང་ས་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་འགོ་ཁྲིད་ཀྱི་སྣེ་ཁྲིད་ནུས་པ་གང་ལེགས་འདོན་སྤེལ་བྱས་ཏེ། དུས་ལྟར་འབྲེལ་ཡོད་ལས་དོན་གྱི་སྙན་སེང་ལ་ཉན་པ་དང་། དུས་ཐོག་ཏུ་འབྲེལ་ཡོད་གནད་དོན་གལ་ཆེན་ཞིབ་འཇུག་ཐག་གཅོད་བྱས་ཏེ། ཁྲིམས་སྐྱོང་འཛུགས་སྐྱོང་བྱ་རྒྱུ་དེ་ས་ཁུལ་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་དང་ལོ་འཁོར་གྱི་ལས་ཀའི་འཆར་གཞི་སྟེང་འཇུག་དགོས། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་བཀོད་སྒྲིག་དང་། མཉམ་དུ་སྐུལ་སྤེལ་གཏོང་རྒྱུ། མཉམ་དུ་ལྟ་སྐུལ། མཉམ་དུ་དཔྱད་ཞིབ། མཉམ་དུ་ཞིབ་བཤེར། མཉམ་དུ་ཆད་གཅོད་བཅས་བྱ་དགོས།

        (གཉིས)ཕྱོགས་ཡོངས་ནས་ནན་ཏན་གྱིས་ཏང་སྐྱོང་བ་དང་། ཁྲིམས་ལྟར་ཏང་སྐྱོང་བ། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་བསྣན་ནས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་དགོས།

        (གསུམ)ཁྲིམས་ལྟར་འཆར་འགོད་ལྟར་ཐབས་ཇུས་དོན་འཁྱོལ་བྱས་ཏེ། ཏང་ཨུའི་བཅའ་ཁྲིམས་བློ་འདྲི་ལམ་ལུགས་དང་། གཞུང་ཁྲིམས་རྩོད་པའི་ལམ་ལུགས་ལག་བསྟར་བྱས་ཏེ། ཏང་ཨུའི་ཡིག་ཆ་དང་། ཐབས་ཇུས་གལ་ཆེན་གྱི་ཁྲིམས་མཐུན་དང་ལུགས་མཐུན་རང་བཞིན་ལ་ཞིབ་བཤེར་ཤུགས་སྣོན་བྱ་དགོས།

        (བཞི)རིམ་པ་དེའི་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས། ཁྲིམས་ཁང་། ཞིབ་དཔྱོད་ཁང་བཅས་ཀྱི་ཁྲིམས་ལུགས་དང་སྒྲིག་ཡིག་ལྟར་འགན་ནུས་སྒྲུབ་པ་དང་། ལས་དོན་སྤེལ་བར་རྒྱབ་སྐྱོར་བྱ་རྒྱུ་དང་། ལྟ་སྐུལ་འགོ་ཁྲིད་ཚན་པའི་ཁོངས་མི་གཞན་དག་དང་རིམ་པ་འོག་མའི་ཏང་སྲིད་འགན་ཁུར་པ་གཙོ་བོས་ཁྲིམས་ལྟར་བྱ་བ་སྒྲུབ་པར་ལྟ་སྐུལ་བྱེད་པ་དང་། ལུགས་འགལ་གྱི་ཁྲིམས་འཛིན་བྱེད་སྒོ་སྤེལ་བ་དང་། ཞིབ་ཕྲའི་གྱོད་གཞི་ཐག་གཅོད་ལ་ཐེ་ཇུས་བྱ་མི་ཆོག།

        (ལྔ། ) ཁྲིམས་སྐྱོང་གི་བྱང་ཚད་དང་ཁྲིམས་སྐྱོང་སྒྲུབ་མཁན་གྱི་ཕྱོགས་སྟོན་ལ་སྔར་བཞིན་དུ་མཐོང་ཆེན་ བྱེད་དགོས། ཁྲིམས་སྐྱོང་བྱ་བའི་དཔུང་ཁག་འཛུགས་སྐྱོང་དང་སྲིད་ཁྲིམས་ལས་ཁུངས་ཀྱི་འགོ་ཁྲིད་ཚན་པ་འཛུགས་སྐྱོང་ལ་ཤུགས་སྣོན་བྱ་དགོས།

        (དྲུག)ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཡོངས་སུ་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་བོ་བསྐྲུན་དགོས།

        དོན་ཚན་དྲུག་པ། སྲིད་གཞུང་གི་གཙོ་བོ་འགན་ཁུར་མཁན་གྱིས་ཁྲིམས་སྐྱོང་འཛུགས་སྐྲུན་སྐུལ་འདེད་གཏོང་བའི་ཁྲོད་གཤམ་གསལ་གྱི་ལས་འགན་གཙོ་བོ་ལག་བསྟར་བྱ་དགོས།

        (གཅིག)ས་ཁུལ་དེའི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དགོས། ལས་ཀའི་འཆར་འགོད་དང་ལོ་འཁོར་གྱི་ལས་ཀའི་འཆར་གཞི་བཟོས་ཏེ། དུས་ཐོག་ཏུ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་སྐོར་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་ཐག་གཅོད་བྱས་ནས་ཁྲིམས་སྐྱོང་འཛུགས་སྐྲུན་སྐུལ་སྤེལ་ལ་འགན་སྲུང་དང་ཆ་རྐྱེན་བསྐྲུན་དགོས།

        (གཉིས)གལ་ཆེའི་སྲིད་འཛིན་ཐབས་ཇུས་ཁྲིམས་བཀོད་གོ་རིམ་ནན་ཏན་གྱིས་ལག་བསྟར་དང་། སྲིད་གཞུང་གིས་བཅའ་ཁྲིམས་བློ་འདྲི་ལམ་ལུགས་དང་། གཞུང་འགན་གྱི་ཁྲིམས་རྩོད་པའི་ལམ་ལུགས་འཐུས་ཚང་འཛུགས་དགོས། ཁྲིམས་ལྟར་བསྒྲིགས་ཡིག་དང་ཚད་གཞི་ཅན་གྱི་ཡིག་ཆ་གཏན་འབེབས་བྱས་ནས་ཕྱོགས་ཡོངས་ནས་སྲིད་དོན་ཡོངས་བསྒྲགས་ལ་སྐུལ་འདེད་གཏོང་དགོས།

        (གསུམ་)ཁྱོན་ཡོངས་ནས་ཁྲིམས་ལྟར་སྲིད་གཞུང་གི་འགན་ནུས་ལག་བསྟར་བྱས་ཏེ། སྲིད་འཛིན་ཁྲིམས་བསྟར་གྱི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། དྲང་གཞག་དཔལ་ཡོན་ཁྲིམས་བསྟར་ཚད་ལྡན་ལ་སྐུལ་འདེད་གཏོང་དགོས།

        (བཞི། ) ལྟ་སྐུལ་ཚན་པའི་ཁོངས་མི་གཞན་དག་དང་སྲིད་གཞུང་གི་འགན་འཁུར་བ་གཙོ་བོས་ཁྲིམས་ལྟར་སྲིད་འཛིན་པར་སྐུལ་འདེད་གཏོང་བ་དང་། སྲིད་གཞུང་ནང་ཁུལ་གྱི་ལྟ་སྐུལ་རིམ་པ་དང་ཆེད་དམིགས་ལྟ་སྐུལ་ལ་སྐུལ་འདེད་བྱས་ནས་འཐུས་ཚང་དུ་གཏོང་དགོས། སྲིད་འཛིན་ལས་ཀ་མི་བྱེད་པ་དང་གང་བྱུང་དུ་བྱེད་པའི་བྱ་སྤྱོད་ལ་ཡོ་བསྲང་བྱ་དགོས།

        (ལྔ། ) ཁྲིམས་འཛིན་དབང་གྲགས་རང་རྟོགས་ངང་སྲུང་སྐྱོང་བྱ་དགོས། དོན་འཁྱོལ་ནན་ཏན་གྱིས་སྲིད་འཛིན་ལས་ཁུངས་ཁྲིམས་རར་ཞུ་གཏུག་ལག་བསྟར་དང་། ཁྲིམས་ཁང་གིས་སྲིད་འཛིན་གྱོད་དོན་བདག་སྤྲོད་དང་ལེན་ལ་རྒྱབ་སྐྱོར།བརྩི་འཇོག་བྱས་པ་མ་ཟད་ད་དུང་ཁྲིམས་ཁང་གིས་གོ་ཆོད་པ་ཤན་འབྱེད་པའི་ལམ་ལུགས་ལ་ལག་བསྟར་བྱ་དགོས།།

        (དྲུག)སྲིད་འཛིན་ལས་ཁུངས་ཀྱི་ལས་བྱེད་མི་སྣས་ཁྲིམས་སྦྱོང་ཁྲིམས་སྤྱོད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཁྲིམས་ལུགས་ཁྱབ་གདལ་གཏོང་རྒྱུའི་འཆར་འགོད་ལ་ལག་བསྟར་སྒྲིག་འཛུགས་བྱ་དགོས་པ་དང་། “སུ་ཁྲིམས་བསྟར་དང་སུས་ཁྲིམས་ལུགས་ཁྱབ་གདལ”གྱི་འགན་འཁྲི་ལག་བསྟར་ལ་སྐུལ་འདེད་བྱ་དགོས།

        དོན་ཚན་བདུན་པར། ཏང་སྲིད་འགན་གཙོ་བོ་འཁུར་མཁན་གྱིས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགན་འཁུར་བ་དང་པོའི་འགན་འཁྲིའི་གནས་ཚུལ་དེ་དག་ལོ་མཇུག་གི་འགན་འཁྲི་སྒྲུབ་ཚུལ་བརྗོད་པའི་ནང་དོན་ཁྲོད་འཇུག་དགོས། གོང་རིམ་ཏང་ཨུ་ཡིས་རིམ་པ་འོག་མའི་ཏང་སྲིད་ཀྱི་འགན་གཙོ་བོ་འཁུར་མཁན་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགན་འཁུར་བ་ཨང་དང་པོའི་འགན་འཁྲིའི་གནས་ཚུལ་དེ་དག་དུས་བཀག་ལྟར་ཞིབ་བཤེར་དང་ཆེད་དོན་ལྟ་ཞིབ་བྱ་དགོས།

        དོན་ཚན་བརྒྱད་པ། གོང་རིམ་ཏང་ཨུ་ཡིས་རིམ་པ་འོག་མའི་ཏང་སྲིད་ཀྱི་འགན་གཙོ་བོ་འཁུར་མཁན་གྱི་ ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགན་འཁུར་བ་དང་པོའི་འགན་འཁྲིའི་གནས་ཚུལ་དེ་སྲིད་ཕྱོགས་གྲུབ་འབྲས་དཔྱད་ཞིབ་བྱེད་པའི་དམིགས་ཚད་མ་ལག་ནང་དགོས། ལས་བྱེད་པ་རྟོག་ཞིབ་དང་བཀོལ་སྤྱོད་དང་། ལས་བྱེད་པ་གོང་འོག་གཉིས་འཕེར་གྱི་གལ་ཆེའི་གཞི་འཛིན་ས་བྱ་དགོས།

        དོན་ཚན་དགུ་པའི་ནང་། ཏང་སྲིད་འགན་གཙོ་བོ་འཁུར་མཁན་གྱིས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ འགན་འཁུར་མཁན་དང་པོའི་འགན་འཁྲི་ལག་བསྟར་མི་བྱེད་པ་དང་ཡང་ན་ལག་བསྟར་ཡང་དག་མི་བྱེད་ན། 《ཀྲུང་གོའི་གུང་ཁྲན་ཏང་གི་འགན་འཁྲི་རྩད་གཅོད་ཀྱི་སྲོལ་ཡིག》སོགས་འབྲེལ་ཡོད་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལྟར་འགན་འཁྲི་རྩད་གཅོད་བྱེད་དགོས།

        དོན་ཚན་བཅུ་པར། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་སྡེ་ཁག་གི་འགན་འཁུར་པ་གཙོ་བོ་དང་། རྫོང་རིམ་པ་ཡན་གྱི་ས་གནས་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་སྡེ་ཁག་གི་འགན་འཁུར་བ་གཙོ་བོ།ཤང(གྲོང་རྡལ་དང་ཁྲོམ་གཞུང)ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོ་བཅས་ཀྱི་གཏན་འབེབས་འདི་དཔེ་བྱས་ནས་ལག་བསྟར་བྱ་དགོས།

        དོན་ཚན་བཅུ་གཅིག་པ། གཏན་འབེབས་འདི་ནི་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགན་ཁུར་ནས་འགྲེལ་བཤད་བརྒྱབ་ཡོད།

        དོན་ཚན་བཅུ་གཉིས་པ་གཏན་འཁེལ་འདི2016ལོར་ཟླ11པའི་ཚེས30ཉིན་ནས་བཟུང་ལག་བསྟར་བྱས།

        ལོ་ཙཱ་བ། ཨ་གཡང་སྐྱིད།