ཟི་ལིང་ནས་སྐུ་འབུམ་བར་ཏེ་ཤིན་ཀྲུང་ལམ་གྱི་ལམ་རིན་བསྡུ་མཚམས་བཞག་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-02-10 11:25:44      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        དེ་རིང་ནས་བཟུང་ཟི་ལིང་གི་མྱུར་བགྲོད་གཞུང་ལམ་སྟེ་ཤིན་ཀྲུང་ལམ་གྱི་ལམ་རིན་བསྡུ་ས་ལྷོ་ཐང་བཟོ་ལས་གླིང་ཁུལ་གྱི་(南川工业园区收费站)ལམ་རིན་ས་ཚིགས་དེ་སྤྱོད་མཚམས་བཞག གསར་དུ་བསྐྲུན་པའི་ཟི་ལིང་གི་ལམ་རིན་ས་ཚིགས་ལྷོ་མ་དེ་དུས་གཅིག་ཏུ་སྤྱོད་འགོ་བརྩམས་ཤིང་། དེ་དང་ཤིན་ཀྲུང་ལམ་གྱི་ལམ་རིན་ས་ཚིགས་ཀྱི་བར་ལེ་དབར་7.5ཡོད་པ་དང་། ལམ་རིན་བསྡུ་སའི་ETCའཁོར་ལམ་དེ་སྔའི་གཉིས་ནས་དྲུག་ཏུ་བཏང་བ་དང་། དངུལ་དམར་སྤྲོད་སའི་འཁོར་ལམ་དེ་སྔའི་བཞི་ནས་བཅོ་བརྒྱད་དུ་བཏང་ཡོད། ལམ་རིན་གྱི་ཚད་གཞི་སྔོན་ཆད་ཀྱི་ཚད་གཞི་ནང་བཞིན་བསྡུ་རྒྱུ་རེད།

        གཞན་དེ་སྔ་གྲོང་ཁུལ་ལྷོ་མའི་ཙ་ཏའོ་ལམ་རིན་ས་ཚིགས་(匝道收费站)བཤིག་པའི་དགོས་དབང་གིས་སྒོ་བརྒྱབ་པའི་གྲོང་ཁྱེར་གྱི་ལྷོ་ཁུལ་གསར་བ་ནས་ཙོང་ཁའི་ཕྱོགས་ཀྱི་ལམ་ཡང་དེ་རིང་དངོས་སུ་ཕྱེས་ནས་ཕར་འགྲོ་ཚར་འོང་གི་ལམ་གཉིས་ཀ་ཤར་གཏོང་བྱས། ལོ་སར་དུས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཁག་ཐེག་བྱ་ཆེད་ཤིན་ཀྲུང་(原新庄)ལམ་གྱི་ལམ་རིན་ས་ཚིགས་ཀྱི་སྒྲིག་ཆས་རྒྱ་ལོ་བཅོ་ལྔར་འགོར་ན་ད་གཟོད་བཤིག་རྒྱུ་ཐད་བཅད།

      ལོ་ཙཱ་བ། ཁོན་ཐར་འཚོ།