རྒྱལ་ཡོངས་ཀྱི་ཆོས་ལུགས་ཅུས་ཀྲང་གི་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

      ཡོང་ཁུངས། : མི་དམངས་དྲ་བ།      སྤེལ་དུས། : 2017-02-27 11:31:22      རྩོམ་སྒྲིག་པ། : ཨ་གཡང་སྐྱིད།

            མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་9ཉིན། 2017ལོའི་རྒྱལ་ཡོངས་ཀྱི་ཆོས་ལུགས་ཅུས་ཀྲང་གི་ཚོགས་འདུ་ཚེས་9ཉིན་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་2016ལོའི་ལས་དོན་ཕྱོགས་སྡོམ་སྤེལ་རེས་དང་2017ལོའི་ལས་དོན་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད། རྒྱལ་ཁབ་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་ཝང་ཙུའོ་ཨན་གྱིས་ཚོགས་འདུའི་ཐོག་ལས་དོན་སྙན་སྒྲོན་གནང་ཞིང་། ཁོང་གིས་འདས་ཟིན་པའི་ལོ་གཅིག་ནང་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག་རྒྱལ་ཁབ་ཆོས་ལུགས་ཅུས་ཀྱིས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཁྲིམས་སྐྱོང་གི་བྱ་ཐབས་ལ་བརྟེན་ནས་ཆོས་ལུགས་ལས་དོན་ལ་སྐུལ་མ་བཏང་བ་དང་། གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་མ་བཏང་བ། “ནན་གསུམ་དྲང་གསུམ”གྱི་བླང་བྱར་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་པས་ལས་དོན་ཁག་ལ་འཕེལ་རིམ་གསར་པ་ཐོབ་ཡོད། 2017ལོའི་ཆོས་ལུགས་ལས་དོན་གྱི་སྤྱིའི་བླང་བྱ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གི་བླང་བྱ་གཞིར་བཟུང་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ་གསར་དུ་བཟོ་བཅོས་བརྒྱབ་པའི་《ཆོས་ལུགས་ལས་དོན་སྲོལ་ཡིག་》ལག་བསྟར་དོན་འཁྱོལ་ཏན་ཏིག་གིས་ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྱིས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། ཆོས་ལུགས་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ། ཆོས་ལུགས་ལས་རིགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཧུར་ཐག་རྒྱག་པ་བཅས་བྱས་ནས་རང་རྒྱལ་གྱི་ཆོས་ལུགས་ཁྱབ་ཁོངས་མཐུན་སྒྲིལ་བརྟན་ལྷིང་ཡོང་རྒྱུར་སྐུལ་མ་བཏང་སྟེ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་ཐུབ་རྒྱུར་བསུ་བ་ཞུ་དགོས་ཞེས་བཤད་པ་རེད།