ནག་ཆུ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་ཡོད།

      ཡོང་ཁུངས། : བོད་ཀྱི་དྲ་བ།      སྤེལ་དུས། : 2017-03-15 15:27:08      རྩོམ་སྒྲིག་པ། : ཨ་གཡང་སྐྱིད།

        

        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ནང་ནག་ཆུ་ས་ཁུལ་གྱིས་སྐྱེ་ཁམས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཟམ་མི་ཆད་པ་བཏང་བས་ཁོར་ཡུག་ལྟ་འདོམས་ནུས་པ་དང་སྦག་བཙོག་འགོག་བཅོས་ནུས་པ། ཁོར་ཡུག་དོ་དམ་ཆུ་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་བས། ནག་ཆུ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་ཡོད། KJ3ཀྲུང་གོ་བོད་ཀྱི་དྲ་བ།

        ནག་ཆུ་ས་ཁུལ་གྱིས་ཁོར་ཡུག་ཞིབ་དཔྱད་ནན་པོ་བྱེད་པ་དང་འབྱུང་རྩ་ནས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ། འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་རྒྱུན་ཆད་མེད་པར་ལག་བསྟར་དོན་འཁྱོལ་ནན་པོ་བྱེད་པ། ཁོར་ཡུག་གི་ཤུགས་རྐྱེན་དཔྱད་དཔོག་ལས་དོན་ཚད་ལྡན་སྤེལ་བ། རྣམ་གྲངས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་ཐབས་དོན་འཁྱོལ་བྱེད་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དོན་ཞིབ་བཤེར་རྩིས་ལེན་ཏན་ཏིག་བྱས་པ་རེད།

        ཤེས་རྟོགས་བྱས་པར་གཞིགས་ན། 2016ལོ་ཁོ་ནར་འཛུགས་སྐྲུན་གྱི་ཆོག་མཆན་ཐོབ་པའི་རྣམ་གྲངས183གྱི་ཨར་སྐྲུན་བྱེད་ཡུལ་དུ་ཁོར་ཡུག་ལ་གཏོར་གཤིགས་ཕོག་ཡོད་མེད་སོགས་དཔྱད་ཞིབ་བྱས་པ་རེད། མི་དམངས་མང་ཚོགས་ལ་དབང་བའི་ཁོར་ཡུག་གི་ཁེ་ཕན་སྲུང་སྐྱོང་ནུས་ལྡན་བྱེད་པ་དང་ཆབས་ཅིག ནག་ཆུ་ས་ཁུལ་གྱིས་སྐྱེ་ཁམས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཟམ་མི་ཆད་པ་བཏང་སྟེ་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་དང་སྐྱེ་ཁམས་ནུས་པའི་ཁུལ་འཛུགས་སྐྲུན། རང་བྱུང་རྩྭ་ར་སྲུང་སྐྱོབ། རང་བྱུང་ནགས་ཚལ་སྲུང་སྐྱོབ། འདམ་ར་སྲུང་སྐྱོབ། བྱེ་འགོག་བྱེ་བཅོས། ས་ཆུ་སྲུང་འཛིན། འགོག་སྲུང་ནགས་ཚལ་མ་ལག་འཛུགས་སྐྲུན་བཅས་ཤུགས་ཆེ་བྱེད་པ་དང་། སྐྱེ་ཁམས་གྲོང་ཚོ་གཏོད་པའི་ལས་དོན་སོགས་གཙོ་གནད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གཞི་ཧུར་ཐག་སྤེལ་ནས། བོད་བྱང་ཐང་གི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཧུར་ཐག་གཏོད་ཡོད། ད་བར་གྲོང་ཚོ116ལ་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོ་ཞེས་པའི་མིང་བཏགས་ཡོད།གཞན་ཡང་། ནག་ཆུ་ས་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོབ་དྲིལ་བསྒྲགས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་པ་སྟེ། ས་ཁུལ་རྟ་རྒྱུགས་སྒྱུ་རྩལ་དུས་ཆེན་དང་ནུས་རྒྱུ་གྲོན་ཆུང་སྐོར་གྱི་དྲིལ་བསྒྲགས་གཟའ་འཁོར། ཚན་རིག་ཁྱབ་གདལ་བྱེད་སྒོའི་ཉིན་མོ་སོགས་ཀྱི་བྱེད་སྒོ་དང་བསྟུན་ནས་ཁེ་ལས་དང་མང་ཚོགས། གཞོན་ནུ་དང་བླངས་པ། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་འཐུས་མི་བཅས་གདན་ཞུས་བྱས་ཐོག་དྲིལ་བསྒྲགས་བྱེད་སྒོའི་ནང་ཞུགས་སུ་བཅུག་ཡོད། དེ་དང་ཆབས་ཅིག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ནུས་པ་འདོན་སྤེལ་བྱས་ཏེ་མང་ཚོགས་ལ་རྒྱ་ཁྱབ་ངང་ཁོར་ཡུག་སྲུང་སྐྱོབ་ཀྱི་དོན་སྙིང་དང་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ཡོད། ནག་ཆུ་ས་ཁུལ་གྱིས་བྱ་ཐབས་མང་པོ་མཉམ་བཟུང་བྱས་ཏེ་ནག་ཆུ་ས་ཁུལ་གྱི་སྐྱེ་ཁམས་ཤེས་དཔལ་དྲིལ་བསྒྲགས་ཀྱི་སྤུས་རྟགས་གཏོད་ཐུབ་པ་མ་ཟད། ཁོར་ཡུག་སྲུང་སྐྱོབ་ལས་དོན་ནང་མང་ཚོགས་རང་འགུལ་ངང་ཞུགས་པའི་འདུ་ཤེས་ཀྱང་སྐོང་འཐེན་ཐུབ་ནས་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་གཏོད་ཐུབ་ཡོད་པ་རེད། །KJ3ཀྲུང་གོ་བོད་ཀྱི་དྲ་བ།