སྐབས་བཅོ་བརྒྱད་པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱིས་ཝུའུ་ཧན་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ།

        ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན། སྐབས་བཅོ་བརྒྱད་པའི་ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་གྲོས་ཚོགས་ཀྱིས་ཝུའུ་ཧན་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། ཧུའུ་པེ་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་ཀྱི་འཐུས་མི་དྲུག་ཅུ་ལྷག་དང་། ཀྲུང་དབྱང་གི་ཧུའུ་པེ་ཞིང་ཆེན་དུ་སྡོད་པའི་སྨྱན་བྱད་དང་ས་གནས་དེའི་སྨྱན་བྱད་མང་པོ་ཚོགས་འདུར་ཞུགས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་ཚོགས་འདུར་ཞུགས་ནས་ཤིས་ཚིག་ཕུལ།

        ཝང་ལིས་མེན་གྱིས་བཤད་རྒྱུར། ཧུའུ་པེ་ཞིང་ཆེན་ནི་མཚོ་སྔོན་གྱིས་འབྲི་ཆུའི་བཞུར་རྒྱུན་ས་ཁོངས་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པའི་ཞིང་ཆེན་གཙོ་བོ་གྲས་ཀྱི་གཅིག་ཡིན། ཉེ་བའི་ལོ་འགའི་རིང་། ང་ཚོས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་སྟེགས་བུ་བརྒྱུད་དེ། ཞིང་ཆེན་གཉིས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། གྲུབ་འབྲས་གཡུར་དུ་ཟ་བ་བླངས། ཉེ་བའི་ལོ་གསུམ་རིང་། ཧུའུ་པེ་ཞིང་ཆེན་གྱི་རིགས་མི་འདྲ་བའི་ཁེ་ལས་ཀྱིས་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་དང་ཉོ་ཚོང་འཁོར་རྒྱུག་སོགས་ཁྱབ་ཁོངས་སུ་མ་དངུལ་སྒོར་ཐེར་འབུམ་བཞི་ལྷག་གཏོང་རྒྱུའི་གྲོས་མཐུན་བཀོད་ཡོད་པ་དང་། སྒོར་དུང་ཕྱུར་དྲུག་དངོས་འབེབས་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་སྐུལ་འདེད་བཏང་། མིག་སྔར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཏན་ཏན་ཏིག་ཏིག་བཞིའི་ཐུགས་རེ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་དང་བསྒྱུར་དགོས་པ་བཞི་ལག་བསྟར་བྱེད་བཞིན་པའི་སྒང་ཡིན་པས། ཚོང་གཏམ་གྲོས་ཚོགས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དུ་གཏོང་བ་དང་། ལྷག་པར་དུ་ཚོང་འགུག་དངུལ་འདྲེན་བྱ་བར་ཡར་སྐུལ་བྱེད་པའི་ཐད་ཀྱི་སྟེགས་བུའི་ནུས་པ་འདོན་སྤེལ་བྱས་ཏེ། མཉམ་རྒྱལ་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཟེར།