ལྷ་བྱ་ཁྲུང་ཁྲུང་གི་འཚོ་གནས་ཞིང་ཁམས།

      ཡོང་ཁུངས། : མི་དམངས་དྲ་བ།      སྤེལ་དུས། : 2017-03-23 15:58:00      རྩོམ་སྒྲིག་པ། : ཨ་གཡང་སྐྱིད།
      མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་། མི་དང་རང་བྱུང་ཁམས་བར་འཆམ་མཐུན་མཉམ་གནས་བྱས་དང་བྱེད་བཞིན་ཡོད་པས། བདག་ཏུ་མ་བཟུང་བའི་སྲུང་སྐྱོང་བྱེད་པའི་སྲོག་ཆགས་རིམ་བཞིན་ཇེ་མང་དུ་འགྲོ་བ་དང་དུས་མཚུངས་སུ་དུས་བྱ་འདྲ་མིན་སྣ་ཚོགས་ཀྱི་དགུན་དུས་སྐྱེལ་བའི་དགའ་ཚལ་དུའང་གྱུར་ཡོད། བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་གཞི་གྲངས་ལ་གཞིགས་ན། མིག་སྔར་བོད་ལྗོངས་ནི་འཛམ་གླིང་ཡོངས་ཀྱི་ཁྲུང་ཁྲུང་སྐེ་ནག་གི་དགུན་དུས་སྐྱེལ་ས་ཆེ་ཤོས་སུ་གྱུར་པ་དང་། ཁྲུང་ཁྲུང་སྐེ་ནག་གི་ངོ་གྲངས་བསྡོམས་འབོར་སྔོན་ཆད་2000ལྷག་ནས་ད་ལྟ་8000ལྷག་ལ་འཕར་ཡོད་པས། འཛམ་གླིང་ཡོངས་ཀྱི་ཁྲུང་ཁྲུང་སྐེ་ནག་གི་ངོ་གྲངས་བསྡོམས་འབོར་གྱི་80%ཡན་ཟིན་ཡོད་པ་རེད།