རང་ཞིང་གི2017ལོའི་གཞུང་ཞབས་པ་བསྡུ་བའི་རྒྱུགས་སྤྲོད་བྱ་བ་མགོ་བརྩམས་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-03-24 10:27:20      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་མི་ཤུགས་ཐོན་ཁོངས་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི2017ལོར་བསྡུ་བའི་གཞུང་ཞབས་པ་དང་སྤྱི་བདེ་ལས་ཁུངས(ནགས་ཚལ་སྤྱི་བདེ་ཡང་འདུ)སྤྱི་ཚོགས་ལ་ཁ་གཏད་དེ་མི་དམངས་ཉེན་རྟོག་པ་བསྡུ་བའི་བརྡ་སྦྱོར་དེ་རིང་ནས་དངོས་སུ་སྤྱི་བསྒྲགས་བྱེད་རྒྱུ་རེད། འདི་ལས་རང་ཞིང་གི2017ལོའི་གཞུང་ཞབས་པ་བསྡུ་བའི་རྒྱུགས་སྤྲོད་བྱ་བ་མགོ་བརྩམས་པ་མཚོན།

        རྒྱུགས་ལེན་བརྡ་སྦྱོར《མཚོ་སྔོན་ཉིན་རེའི་ཚགས་པར》དང་ཞིང་ཆེན་མི་ཤུགས་ཐོན་ཁོངས་སྤྱི་ཚོགས་འགན་སྲུང་ཐིན་གྱི་དྲ་ཚུགས་གཙོ་གྲས།“མཚོ་སྔོན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ”རུ་སྤྱི་བསྒྲགས་བྱ་རྒྱུ་རེད། ད་ལོར་གཞུང་ཞབས་པ956དང་སྤྱི་བདེ་ལས་ཁུངས(ནགས་ཚལ་སྤྱི་བདེ་ཡང་འདུ)སྤྱི་ཚོགས་ལ་ཁ་གཏད་དེ་བསྡུ་བའི་མི་དམངས་ཉེན་རྟོག་པ116བསྡུ་རྒྱུའི་འཆར་འགོད་ཡོད་པ་རེད། མིང་ཐོ་འགོད་པའི་བྱ་བ་ཟླ3པའི་ཚེས25ཉིན་མགོ་རྩོམ་རྒྱུ་དང་ཡིག་རྒྱུགས་བྱ་བ་ཟླ4བའི་ཚེས22ནས23ཉིན་ལ་ཞིང་ཆེན་ཡོངས་ནས་གཅིག་གྱུར་གྱིས་རྩ་འཛུགས་ལག་བསྟར་བྱ་རྒྱུ་རེད།

      ལོ་ཙཱ་བ།ལྷ་ཆེན་རྒྱལ།