རྡོ་སོལ་དང་སྣུམ་གྱིས་ཚབ་བྱེད་པའི་གློག་ནུས་རྣམ་གྲངས་243ཡིས་རང་ཞིང་གི་རླུང་ཁམས་ཆེན་པོའི་ཁོར་ཡུག་ལ་བཅོས་སྐྱོང་བྱས་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-03-26 11:04:06      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        ༢༠༡༦ལོར་རང་ཞིང་གིས་སྔ་གཞུག་ཏུ་༢༠༡༦ལོའི་མཚོ་སྔོན་ཞིང་ཆེན་གྱི་རླུང་ཁམས་ཆེན་པོར་སྦག་བཙོག་ཐེབས་པར་སྔོན་འགོག་དང་བཅོས་སྐྱོང་གི་ལག་བསྟར་འཆར་ཇུས་དང་། གློག་སྒུལ་རླངས་འཁོར་གྱི་གློག་གསོག་རྨང་གཞིའི་སྒྲིག་ཆས་མགྱོགས་པོར་འཛུགས་སྐྲུན་གྱི་ལག་བསྟར་བསམ་འཆར་སོགས་གློག་ནུས་ཀྱིས་ཚབ་བྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་བཏོན་ནས་གློག་གིས་རྡོ་སོལ་གྱི་ཚབ་བྱེད་པ་དང་། སྣུམ་གྱི་ཚབ་བྱེད་པའི་ལས་ཀ་སྒོ་ཀུན་ནས་ལག་བསྟར་བྱེད་རྒྱུ་བྱས། ན་ནིང་གི་ལོ་མཇུག་བར་དུ་ཞིང་ཆེན་ཡོངས་སུ་སྔ་གཞུག་ཏུ་གློག་ནུས་ཚབ་བྱེད་ཀྱི་རྣམ་གྲངས243ལེགས་འགྲུབ་བྱུང་ཞིང་། ཆུ་ཚོད་གཅིག་ལ་སྟོང་ཝ་དྲུང་ཕྱུར33.99གྱི་ཚབ་བྱེད་གློག་བཏོན་པས་དབྱང་གཉིས་ཐཱན་འགྱུར་གྱི་འབུད་སྐྱུར་དེ་ཏུན360ཇེ་ཉུང་དུ་སོང་ཡོད་པ་རེད།

        སྲིད་གཞུང་གིས་སྣེ་ཁྲིད་དང་། གློག་དྲའི་སྐུལ་སྤེལ། ཁེ་ལས་ནང་ཞུགས་བྱས་པས་གློག་ནུས་ཀྱིས་བཟོ་ལས་མངའ་ཁོངས་ཆེ་ཤོས་སུ་ཚབ་བྱེད་ཀྱི་ཕན་ཁེ་གཟེངས་སུ་ཐོན། དེ་ལས་མཚོ་སྔོན་པོ་དང་རྨ་འབྲི་རྫ་གསུམ་སྟེ་མངའ་ཁོངས་གཙོ་བོ་གཉིས་དང་། རྫོང་བཞི་སྟེ་ཐེམ་ཆེན་དང་མདོ་ལ་རྫོང་། གཙན་ཚྭ། དར་ལག གྲོང་ཁྱེར་གསུམ་སྟེ་ཟི་ལིང་དང་ན་གོར་མོ། མཚོ་ཤར་བཅས་ཀྱི་ཚོང་ལས་ཚ་འཐེན་ཆས་དང་གསོལ་ཁང་གི་གློག་ཐབ། ཁྱིམ་ཚང་གི་གློག་ཤུགས། ཞིང་ལས་ཀྱི་མངའ་ཁོངས་བཅས་སུ་གློག་ནུས་ཚབ་བྱེད་ལག་བསྟར་ཤིང་། ༢༠༡༦ལོར་ཚ་འཐེན་ཐབ་གར་གློག་སྟོང་ཝ་ཁྲི7.6བཏང་ཡོད་པ་དང་། རོང་འབྲོག་མང་ཚོགས་ཀྱི་གློག་དྲོད་མལ་ཁྲི་དང་གློག་སྐྱི་སོགས་ཁྱབ་གདལ་དུ་བཏང་།

        ལོ་ཙཱ་བ། ཁོན་ཐར་འཚོ།