རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་ཐད་ནས་བསམ་འཆར་བསྡུ་བ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-03-26 11:34:44      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

         རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟ་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་གི་བྱེད་ཐབས་གལ་ཆེན་ཡིན་ཞིང་། གཙོ་བོ་རང་བྱུང་གི་ཐོན་ཁུངས་དོ་དམ་དང་བར་སྟོང་གི་རྩིས་ལེན་དོ་དམ་གཉིས་གཅིག་གྱུར་ལག་བསྟར་དང་། སྲུང་སྐྱོབ་བྱ་ཡུལ་སྲུང་སྐྱོབ་དང་། འཛུགས་སྐྱོང་། དོ་དམ་བཅས་བྱེད་སྟངས་ཤིག་འཚོལ་ཞིབ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་འཛུགས་པར་ཉམས་མྱོང་གསོག་པ་བཅས་ཀྱི་སླད་རེད། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས་པར་འགྲིམས་བྱས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟའི་འཆར་ཇུས་ཀྱི་སློབ་སྟོན་འོག རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་ཀྱི་བསམ་འཆར་བསྡུ་བའི་མ་ཡིག་ད་ཆ་བསྒྲིགས་ཚར་བས། སྤྱི་ཚོགས་ཡོངས་ནས་དེ་ལ་བསམ་འཆར་དང་བསམ་ཚུལ་འདོན་རྒྱུ་གལ་ཆེ། བསམ་འཆར་དག་གློག་རྡུལ་ཡིག་ཟམ་བརྒྱུད་511319035@qq.comརྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ལ་བསྐུར་དགོས་པ་དང་། ༢༠༡༧ལོའི་ཟླ༣པའི་ཚེས༣༡ཉིན་བར་བསམ་འཆར་བཏོན་ཆོག

      ཟུར་མཆན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད།

            ༢ རྨ་འབྲི་རྫ་གསུམ་འབྱུང་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད(པར་རིས)

        འབྲེལ་བ་བྱེད་ས།许巍(ཞུས་ཝེ) 0971—8232068 13897119567

        ཡིག་བསྐུར་ས་གནས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཧའེ་ཡན་ལམ་གྱི་ཨང་རྟགས75(西宁市城西区海晏路延伸段75号(地矿写字楼))

        ལོ་ཙཱ་བ། ཁོན་ཐར་འཚོ།