ཡུལ་ཤུལ་ཁུལ་གྱི་མཐོ་འབྲིང་སློབ་གྲྭའི་མཐོ་རྒྱུགས་རྒྱུགས་ལེན་སློབ་མ་རྣམས་ཀྱིས་དྲ་ཐོག་ནས་རང་མོས་ཀྱི་སློབ་གྲྭ་འདེམས་པར་སྦྱོང་བརྡར་བྱས་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-03-29 10:58:13      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        2017ལོ་ནས་བཟུང་རང་ཞིང་གི་མཐོ་འབྲིང་སློབ་གྲྭའི་མཐོ་རྒྱུགས་རྒྱུགས་ལེན་སློབ་མ་རྣམས་ཀྱིས་དྲ་ཐོག་ནས་རང་མོས་ཀྱི་སློབ་གྲྭ་འདེམས་རྒྱུ་ལག་བསྟར་བྱས་ཡོད་པས།ཟླ3པའི་ཚེས12ནས13བར་དུ་ཡུལ་ཤུལ་ཁུལ་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་རྒྱ་ཆེ་བའི་སློབ་མ་རྣམས་ཀྱིས་དྲ་ཐོག་ནས་རང་མོས་ཀྱི་སློབ་གྲྭ་འདེམས་པའི་མ་ལག་དེ་བཀོལ་སྤྱོད་བྱ་རྒྱུར་བྱང་ཆ་ཡོང་ཆེད།སློབ་གྲྭ་དག་ལ་༼2017ལོའི་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭར་སློབ་མ་བསྡུ་བར་དྲ་ཐོག་ནས་རང་མོས་ཀྱི་སློབ་གྲྭ་འདེམས་པའི་མ་ལག་བཀོལ་སྤྱོད་ཀྱི་གོ་རིམ༽ཞེས་པའི་རྒྱུ་ཆ་པར་སྐྲུན་བྱས་ཏེ་སློབ་གྲྭ་དག་ལ་བྱིན་ནས་སློབ་མ་ཚོའི་དྲ་ཐོག་ནས་རང་མོས་ཀྱི་སློབ་གྲྭ་འདེམས་པའི་མ་ལག་བཀོལ་སྤྱོད་ཀྱི་གོ་རིམ་ལ་ཆ་རྒྱུས་ཡོད་པར་བྱས།

       ཡུལ་ཤུལ་ཁུལ་སློབ་སྟོན་ཁང་གིས་གཅིག་གྱུར་གྱི་རྩ་འཛུགས་འོག་ད་ལོ་མཐོ་རྒྱུགས་ལ་ཞུགས་དགོས་པའི་སློབ་མ་སྟོང་ལྷག་རང་རང་གི་སློབ་གྲྭའི་རྩིས་འཁོར་ཁང་དུ་རྩིས་འཁོར་དགེ་རྒན་དང་འཛིན་བདག་གཉིས་མཉམ་འབྲེལ་བྱས་ཏེ་སློབ་མ་རྣམས་ལ་མཐོ་རྒྱུགས་སློབ་མས་དྲ་ཐོག་ནས་རང་མོས་ཀྱི་སློབ་གྲྭ་འདེམས་པའི་མ་ལག་ལ་སྦྱོང་བརྡར་བྱེད་དུ་བཅུག་པར་མ་ཟད།ཡུལ་ཤུལ་ཁུལ་སློབ་སྟོན་ཁང་གི་ལས་བྱེད་མི་སྣ་རྣམས་ཀྱང་ཡུལ་དངོས་ལ་ཐོན་ནས་མཛུབ་སྟོན་བྱས།དེ་མིན་སློབ་གྲྭ་དག་གི་འཛིན་གྲྭ་སོ་སོའི་འཛིན་བདག་ཡོངས་ཀྱིས་མ་ལག་འདི་བཀོལ་སྤྱོད་ཀྱི་གོ་རིམ་ཁོང་དུ་ཆུད་པར་བྱས་ཏེ།དུས་རྒྱུན་ཏུ་སློབ་མ་རྣམས་ལ་མ་ལག་འདི་བཀོལ་སྤྱོད་བྱ་རྒྱུའི་ཐད་ནས་མཛུབ་སྟོན་གནང་དགོས་པའི་རེ་བ་བཏོན་པ་རེད།དེ་བས་སློབ་གྲྭ་སོ་སོའི་འཛིན་བདག་དང་རྩིས་འཁོར་དགེ་རྒན་གཉིས་ཀྱིས་ཉིན་གཉིས་ཀྱི་རིང་ལ་སློབ་ཁྲིད་བྱས་མཐར་སློབ་མ་ཡོངས་ཀྱིས་དྲ་ཐོག་ནས་རང་མོས་ཀྱི་སློབ་གྲྭ་འདེམས་པའི་མ་ལག་འདི་བཀོལ་སྤྱོད་བྱ་རྒྱུར་ངེས་ཤེས་ཟབ་མོ་ཞིག་ཐོབ་ཡོད།

        གསར་འགོད་པ།རྡོ་རྗེ་སྒྲོལ་མ།