གློག་ཀླད་དང་ལུས་ཁམས་བདེ་ཐང་།

      ཡོང་ཁུངས། : སྐད་འཕྲིན།      སྤེལ་དུས། : 2017-04-01 15:25:57      རྩོམ་སྒྲིག་པ། : ཡེ་ཤེས །
        ཆུ་ཚང་རིག་གནས་སྤྲོ་འཛོམས་ཁང་།

        འགོ་བཙུགས་པ་ནས་ད་བར་ཆོས་སེམས་བརྟན་པོར་བཟུང་ནས་བོད་རིག་གནས། འཕྲིན་གསར། ལེགས་རྩོམ། བཅར་འདྲི། བོད་བརྙན་ལ་སོགས་བརྒྱུད་སྤེལ་བྱ་སའི་སྟེགས་བུ་ཆེ་ཤོས་ཞིག་དང་ཐོག་མཐའ་བར་གསུམ་དུ་བོད་ཀྱི་འཕྲིན་སྟེགས་ནང་ནས་ཤུགས་རྐྱེན་ཆེ་ཤོས་ཀྱི་སྟེགས་བུ་ཞིག

        དེང་དུས་སྤྱི་ཚོགས་ཁྲོད་དུ་སྤྱི་སྒེར་མང་པོ་ཞིག་གིས་གློག་ཀླད་བཀོལ་སྤྱོད་བྱེད་ཀྱིན་ཡོད་ལ་དེས་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཕན་པ་ཆེན་པོ་ཡོད་པ་སྨོས་ཅི་དགོས། འོན་ཀྱང་གློག་ཀླད་བེད་སྤྱོད་བྱེད་སྐབས་ང་ཚོས་ངེས་པར་དུ་དོ་སྣང་བྱེད་དགོས་ས་མང་པོ་ཡོད། དེ་ཡང་སྤྱིར་ན་གློག་ཀླད་དང་ཁ་པར་དེ་མིན་ནུབ་ཕྱོགས་གསོ་རིག་གི་ནད་བརྟག་འཕྲུལ་ཆས་ཟེར་མཐོང(CT-room)དང་ཚོན་རིས་སྒྲ་འདས། (color Doppler ultrasound)བརྟོལ་མཐོང(X-ray room)སོགས་གློག་གི་འཕྲུལ་ཆས་འགའ་ཞིག་ལ་འགྱིག་འཕྲོ(radiation)ཞེས་པ་ཞིག་ཡོད།

        འགྱིག་འཕྲོ་དེ་ལ་ངོ་བོ་མི་འདྲ་བ་མང་པོ་ཡོད་དེ་འོད་ཟེར་དང་སྒྲ་རླབས། རྡུལ་གྱི་རླབས་སོགས་ཡོད། འགྱིག་འཕྲོ་དེ་མིའི་ལུས་ལ་ཕོག་ནས་ལུས་ཁམས་ཀྱི་ཕྲ་ཕུང་མང་པོ་ཞིག་ཤི་ཡི་ཡོད་ལ་སྐབས་དེར་གསར་བྱུང་གི་ཕྲ་ཕུང་འདང་ངེས་ཤིག་ཚབ་བྱེད་མ་ཐུབ་པའི་རྐྱེན་གྱིས་རྒྱུན་ལྡན་གྱི་ཕྲ་ཕུང་ལ་ལ་ནད་དུ་འགྱུར་བའང་ཡོད།

        ཕྲ་ཕུང་ཞེས་པ་ནི་མིའི་ལུས་ཐོག་ཏུ་གནས་པའི་ལྷན་སྐྱེས་རང་བཞིན་གྱི་སྲིན་རིགས་སྟོང་ཕྲག་བརྒྱད་ཅུའི་མིང་སྟེ། མིའི་ལུས་ཕུང་ནི་སྲིན་གྱི་ཕུང་པོའོ་ཞེས་སངས་རྒྱས་གསུང་རབ་ཏུ་གསུངས་ཤིང་། མདོ་སྡེ་དཀོན་བརྩེགས་ལས། དང་པོ་མངལ་ལས་བྱུང་ནས་ཞག་བདུན་ལོན་པ་དང་། །སྲོག་ཆགས་སྲིན་བུའི་རིགས་སྟོང་ཕྲག །བརྒྱད་ཅུ་ལུས་ལ་སྐྱེས་ནས་ཟ་བར་བྱེད། །ཅེས་དང་དེང་དུས་ཚན་རིག་ལས་མིའི་ལུས་པོ་ནི་ཕྲ་ཕུང་གི་རྒྱལ་ཁབ་ཅིག་རེད་ཅེས་ཟེར། དེས་ན་ནུབ་སྨན་གྱི་སྐབས་སུ་བཤད་པའི་མི་ལུས་ཀྱི་ཕྲ་ཕུང་ཞེས་པ་དེ་དང་བོད་ལུགས་གསོ་རིག་གི་སྐབས་སུ་བཤད་པའི་ལྷན་སྐྱེས་སྲིན་རིགས་སྟོང་ཕྲག་བརྒྱད་བཅུ་ཞེས་པ་དེ་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་མངོན་ཏེ་ནུབ་སྨན་སྐབས་སུ་བཤད་པའི་ཕྲ་ཕུང་ཞེས་པ་དེ་ཡང་ཧ་ཅང་ཕྲ་ལ་ཕྲ་བ་དེ་དག་གི་ནང་དུ་ཕུང་པོ་མང་པོ་འདུས་པ་ཞེས་སྲིན་རིགས་སྟོང་ཕྲག་བརྒྱད་བཅུ་དང་ནུབ་སྨན་ཀྱི་ཕྲ་ཕུང་གཉིས་ངོ་བོ་གཅིག་མཚུངས་སུ་སྣང་། དེས་ན་ཕྲ་ཕུང་ངམ་ལྷན་སྐྱེས་ཀྱི་སྲིན་རིགས་འདི་དག་ནི་མི་ཞིག་གི་ཚེ་སྲོག་གྲུབ་བྱེད་ཀྱི་གཞི་རྩ་གཙོ་བོ་དེ་ཡིན། ང་རང་ཚོས་དུས་ཡུན་རིང་པོར་གློག་ཀླད་བཀོལ་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད་དུ་མིག་དབང་གི་ནུས་པ་ཉམས་པ་དང་། མགོ་གཟེར་རྒྱག་པ། ངལ་དུབ་སླ་བ། གཉིད་ཞེན་པ། བརྗེད་ངས་ཆེ་རུ་འགྲོ་བ། ཞེ་མེར་ལངས་པ་སོགས་ཀྱི་ནད་རྟགས་འབྱུང་གི་ཡོད། གལ་ཏེ་ངལ་གསོ་མ་བྱས་པར་གློག་ཀླད་བཀོལ་སྤྱོད་མུ་མཐུད་ནས་བྱས་ན་ཐ་མ་འབྲས་སྐྲན་སོགས་འགྱུར་བའི་ཉེན་ཁ་ཡང་ཧ་ཅང་ཆེན་པོ་ཡོད།

        འབྲས་སྐྲན་ནི་སྙིང་པོ་བསྡུས་པ་ལས། འབད་དེ་སྨིན་པ་ལས་བསྲུང་བྱ། །སྨིན་ན་ཤིན་དུ་གསོ་དཀའ་ཡིན། །གཞན་ཡང་མྱུར་དུ་ཚ་བྱེད་པས། །ཁོང་འབྲས་ཞེས་ནི་དེ་ལ་བཤད། །ཅེས་གང་ལྟར་ཁོང་འབྲས་ཁོ་ན་གསོ་དཀའ་བར་མ་ཡིན་པར་ཅོང་ཆེན་འབྲས་སྐྲན་གྱི་རིགས་ཤིག་ཡིན་ཕྱིན་འབྲས་རྣམས་སྨིན་ནས་དོན་སྣོད་གཞན་གྱི་ནང་དུ་བྱེ་བའམ་ནད་སྟོབས་རྫོགས་ཤིང་གསོ་བར་དཀའ་བའི་ཕྱིར་སྨིན་དུ་མི་འཇུག་པར་ནད་གསར་པའི་དུས་སུ་ལེགས་པར་བརྟགས་རྗེས་མི་ལྷོད་པར་གསོ་བ་ལ་རིག་པ་བསྒྲིམ་དགོས་ཚུལ་སོགས་བོད་ལུགས་གསོ་རིག་གི་ནང་དུ་ཁ་གསལ་གཏིང་གསལ་མང་དག་ཞིག་གསུངས་ཡོད་པ་ལྟར་ནུབ་སྨན་ནང་དུ་ཡང་འབྲས་སྐྲན་དེ་ཡང་ནད་ངན་ཞིག་ཡིན་པ་སྨོས་མི་དགོས་པས་ང་ཚོས་ཅིས་ཀྱང་གཟབ་དགོས།

        ད་དུང་འགྱིག་འཕྲོ་དེས་པགས་པ་དང་དེ་མིན་གྱི་དོན་སྣོད་དང་དབང་པོ་སོགས་ལ་གནོད་སྐྱོན་ཚབ་ཆེན་བཟོ་ཡི་ཡོད། དེ་ཡང་སྤྱི་ལོ1998ལོར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གློག་ཁབ་ལེན་གྱི་འགྱིག་འཕྲོས(lectromagnetic radiation)མིའི་ལུས་ལ་གནོད་འཚེ་ཆེན་པོ་ལྔ་ཡོད་པ་གསལ་བསྒྲགས་བྱས་ཡོད་པ་སྟེ།གཅིག་ནས་གློག་ཁབ་ལེན་གྱི་འགྱིག་འཕྲོ་ནི་སྙིང་ནད་དང་། གཅིན་སྙི་ཟ་ཁུའི་ནད། འབྲས་ནད་གློ་བུར་དུ་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པ། གཉིས་ནས་མིའི་ལུས་ཁམས་ཀྱི་སྐྱེ་འཕེལ་དབང་པོའི་མ་ལག་དང་། དབང་རྩའི་མ་ལག མཐོང་ཚོར་རྒྱུད་ཁོངས། རིམས་འགོག་མ་ལག་སོགས་ལ་གནོད་སྐྱོན་བཟོ་བ། གསུམ་ནས་སྦྲུམ་མ་ཡིན་པའི་བུད་མེད་དག་མངལ་ཤོར་བ་དང་མངལ་མི་འབྱུང་བ། ཡ་གཟུགས་སྦྲུམ་བུ་སོགས་འབྱུང་བ། བཞི་ནས་བྱིས་པའི་འཚར་སྐྱེས་དང་རུས་སྒྲོམ་འཚར་སྐྱེས་ལ་གནོད་པ་འབྱུང་བ་དང་མིག་ཤེད་ཉམས་པ། མཐོང་བྱེད་ཀྱི་དྲ་སྐྱི་ལྷུང་བ་དང་བཙུན་མོ་ལྟ་བུའི་མཆིན་པའི་ཁྲག་བཟོའི་ནུས་པ་ཆུང་དུ་འགྲོ་བ། ལྔ་ནས་གློག་ཀླད་འགྱིག་འཕྲོས་རྐྱེན་པས་སྐྱེ་ཁམས་ནུས་པ་ཉམས་པ་དང་། བུད་མེད་རྣམས་ཟག་ཐོན་འཁྲུགས་པ། ཟླ་མཚན་མི་སྙོམས་པ་སོགས་ཀྱི་ནད་རིགས་དུ་མ་འབྱུང་གི་ཡོད་པར་གསལ་བསྒྲགས་བྱས་ཡོད།

        (དེ་ཡང་འགྱིག་འཕྲོའི་འོད་རླབས་དེ་ཉིད་ཤུགས་ཆེ་ཆུང་ངམ་འགྱིག་འཕྲོ་ཡོད་པའི་འཕྲུལ་ཆས་ཀྱི་རིགས་དུས་ཡུན་རིང་པོར་བཀོལ་སྤྱོད་མཁན་ཚོས་གོ་དགོས་པ་ལས་འགྱིག་འཕྲོ་དང་ཕྲད་མ་ཐག་མངལ་ཤོར་བ་དང་མངལ་མི་འབྱུང་བ། ཟག་ཐོན་འཁྲུགས་པ། བྱིས་པའི་འཚར་སྐྱེས་ལ་གནོད་པ། སྙིང་ནད་སོགས་འཕྲལ་དུ་ནད་རིགས་དེ་དག་ན་མི་སྲིད་སྙམ།)

        གློག་ཀླད་འཆར་ཤེལ་གྱི་ལྡོག་འཕྲོའི་འོད་ལས་མིག་ཤེད་ལ་སྐྱོན་ཐེབས་པ།

        སྤྱིར་ན་གློག་ཁབ་ལེན་གྱི་འགྱིག་འཕྲོས་རྐྱེན་པས་མིག་ལ་གནོད་འཚེ་ཐེབ་པ་འདི་ནི་ལོ་རབས50སྔོན་ནས་བཤད་ཅིང་ཨ་རིའི་རཱ་ཏ་ས་ཚིགས་སུ་ལས་མི་མི་ཉུང་བ་ཞིག་ལ་སྐྱ་འགྲིབ་ཀྱི་ནད་ཕོག་ཡོད་ལུགས་སོགས་བརྗོད་ཡོད།

        ལོ་རབས70ནང་དུ་བསྐྱར་དུ་བཀོད་པ་ལྟར་ན་འགྱིག་འཕྲོས་རྐྱེན་པས་མིག་སྐྱོན་ཐེབ་པ་ནི་ལོ་རབས50ལས་མང་དུ་སོང་ནས་མི་རྣམས་ཀྱིས་འགྱིག་འཕྲོ་དེར་ངོས་འཛིན་གཏིང་ཟབ་བྱུང་བ་དང་འབྲེལ་ཡོད་གློག་ཁབ་ལེན་གྱི་འགྱིག་འཕྲོ་ཡི་མི་ལུས་ལ་གནོད་འཚེ་བྱེད་པའི་ཞིབ་འཇུག་ཀྱང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བའི་དུས་སྐབས་སུ་སླེབས་ཡོད།

        དུས་ཡུན་རིང་པོར་གློག་ཀླད་བཀོལ་སྤྱོད་བྱས་པའི་རྐྱེན་གྱིས་ཚན་རྩལ་མཐོ་བའི་བཟོ་གྲྭ་ག་གེ་མོ་ཞིག་ནས་ལོ་སུམ་ཅུ་ཙམ་གྱི་བཟོ་སྐྲུན་དགེ་རྒན་ཞིག་ཡོད། ཁོ་བོ་ནི་ནམ་རྒྱུན་ཆུ་ཚོད་བཅུ་ཙམ་གློག་ཀླད་བེད་སྤྱོད་བྱས་ནས་སྡོད་དགོས་ཀྱི་ཡོད་སྟབས་ཉིན་ཞིག་གློ་བུར་དུ་མིག་ཞར་བ་ན་སྨན་པ་ཆེད་ལས་མཁས་པ་དག་གིས་ལྷན་འཛོམས་ཐོག་ནད་དཔྱད་སྡོམ་ཚིག་ཅིག་ཐོབ་ཡོད་པ་སྟེ། བཟོ་སྐྲུན་དགེ་རྒན་དེ་ནི་གློག་ཀླད་ཁབ་ལེན་གྱི་འགྱིག་འཕྲོའི་རྐྱེན་དབང་གིས་མིག་ཞར་སོང་བ་འགྲེལ་བརྗོད་བྱས་ཡོད།

        ཨ་རི་དང་ཉིན་ཧོང་ནས་ཆེད་ནད་རིག་པའི་བརྟག་དཔྱད་སྙན་ཞུ་ལས་མངོན་པར་གཞིགས་ན། གལ་ཏེ་གློག་ཀླད་འགྱིག་འཕྲོའི་དྲག་ཚད་དེmicro tesla<0.3ནས0.4>བརྒལ་ན་མིག་ཞ་ར་ཆགས་པ་དེ་བས་ལྡབ་གཅིག་གི་མང་དུ་འཕར་བ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མིག་གཅེས་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན་སྤྱི་ལོ2006ནས2008ཀྱི་བར་ཀློག་ཀླད་འགྱིག་འཕྲོས་གོ་ལ་ཧྲིལ་པོའི་ནང་མི30000ཙམ་མིག་ནད་བྱུང་ཡོད་པ་སྟེ་དཔེར་ན་སྐྱ་འགྲིབ་དང་སྔོ་འགྲིབ། མིག་ལོང་སོགས་འཚབ་ཆེན་རང་བཞིན་གྱི་མིག་ནད་ན་བའི་ཉེན་བརྡ་ཡང་བཏང་འདུག

        དེས་ན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་མིག་གཅེས་མཐུན་ཚོགས་ཀྱི་མིག་སྔར་གློག་ཀླད་འགྱིག་འཕྲོ་འགོག་ཐབས་གཅིག་པུ་དེ་ནི་གློག་ཀླད་བེད་སྤྱོད་བྱེད་སྐབས་དུས་ཚོད་ངེས་གཏན་ཞིག་ཡོད་དགོས་ལ་བེད་སྤྱོད་བྱེད་པའི་སྐབས་སུའང་འགྱིག་འཕྲོ་འགོག་ཐུབ་པའི་མིག་ཤེལ་སོགས་གྱོན་དགོས། དྲ་འཇུག་མ་བྱས་སྔོན་ལ་ངོ་གདོང་བཀྲུ་བ་དང་ཤིང་འབྲས་རིགས་ཟ་བ་སོགས་བྱས་ན་འགྱིག་འཕྲོ་བརྒྱ་ཆ70ལྷག་ཡང་དུ་གཏོང་ཐུབ།

        གློག་ཀླད་ཀྱི་འགྱིག་འཕྲོའི་ཚད།

        མཐེབ་གཞོང་ལ1000V/m2

        རྩིག་བརྙན450V/m3

        འཆར་ཤེལ218V/m4

        གཙོ་འཕྲུལ། 170V/m5

        ལག་འཁྱེར་རྩིས་འཁྲུལ2500V/m

        ཨ་རིས་ནར་མ་སོང་བའི་བྱིས་པ་རྣམས་ལོ་གཅིག་གི་ནང་འགྱིག་འཕྲོའི་ཚད50,000μGy/hལས་འགལ་མི་རུང་བའི་གཏན་འབེབས་བྱས་ཡོད།

        གློག་ཀླད་བེད་སྤྱོད་བྱེད་ཚུལ་རགས་ཙམ།

        དང་པོ། གློག་ཀླད་ཆུ་ཚོད་གཅིག་ཙམ་བེད་སྤྱོད་བྱས་རྗེས་སྐར་མ15ཙམ་མིག་དང་གཟུགས་ཕུང་ལ་ངལ་གསོ་བྱས་ནས་ལུས་ཁམས་ངལ་དུབ་སེལ་བར་བྱེད་དགོས།

        གཉིས་པ། ངལ་གསོའི་སྐབས་སུ་ངོ་གདོང་འཁྲུད་པ་དང་། ཡར་འགྲོ་མར་འགྲོ་བྱེད་པ་དང་བསྟུན་རྐེད་ཚིགས་དང་འཇིང་ཚིགས་སོགས་འགུལ་གཡོ་བྱས་ནས་རུས་ལྷག་གི་ནད་དམ་མཁར་མཚམས་རུས་འབུར་ནད་འབྱུང་བར་སྔོན་འགོག་བྱེད་དགོས།

        གསུམ་པ། གློག་ཀླད་སྒེའུ་ཁུང་གི་ཉེ་འགྲམ་དུ་བཞག་ན་ཕྱིའི་དཀར་མདངས་ལ་བརྟེན་ནས་གློག་ཀླད་ཀྱི་འཆར་ཤེལ་ནང་གི་ཡིག་ཆ་གསལ་པོ་མི་མཐོང་པའི་རྐྱེན་གྱིས་མིག་ཤེད་ལ་སྐྱོན་ཐེབས་ཀྱིན་ཡོད། དེས་ན་གློག་ཀླད་འཇོག་ས་དཀར་མདངས་ཆུང་ས་ནས་འཇོག་དགོས་ལ་སྤྱིར་གློག་ཀླད་དང་མིག་གི་བར་དུ་ལིའི་རྨིད36-42བར་ཐག་དགོས་ལ་དེ་འདྲ་བྱས་ན་མིག་ཤེད་ལ་གནོད་པ་ཅུང་ཆུང་།

        བཞི་བ། གློག་ཀླད་ཀྱི་འགྲམ་དུ་ཛ་ཕོག་མེ་ཏོག(མེ་ཏོག་དབང་ལག)འཇོག་པ་དང་། གློག་ཀླད་བེད་སྤྱོད་བྱེད་སྐབས་ཇ་སོགས་འཐུང་ན་འགྱིག་འཕྲོ་འགོག་པའི་ཕན་ནུས་ཡོད། (འོན་ཀྱང་ཛ་ཕོག་མེ་ཏོག་འཇོག་ས་ཡག་པོ་ཞིག་མེད་ན་སེམས་གཡེང་པའི་སྐབས་དང་བསྟུན་ནས་ཛ་ཕོག་ལག་པར་ཟུག་པ་ལ་ཡིད་གཟབ་བྱེད་དགོས།)

        ལྔ་པ། རྒྱུན་དུ་གློག་ཀླད་བེད་སྤྱོད་བྱེད་མཁན་གྱི་མི་ཞིག་ཡིན་ན་ཆུ་ཁོལ་དང་ཇ་མང་པོ་འཐུང་དགོས་ལ་ཟས་རིགས་ཐོག་སྲན་མྱུག ཚ་ལུ་མ། འཚོ་བཅུདAསྔོ་ཚལ་སོགས་བཟའ་དགོས།

        དྲུག་པ། ལས་ཁུངས་ཁག་གི་ལས་མི་རྣམས་ཀྱིས་ལས་ཀ་མ་གྲོལ་བར་དུ་གློག་ཀླད་བེད་སྤྱོད་བྱས་ནས་མ་བསྡད་པར་བར་གསེང་འཚོལ་ནས་ལས་རོགས་དང་ལྷན་དུ་ཁ་བརྡ་ཤོད་པ་དང་ལུས་ཕུང་འགུལ་གཡོ་དང་བཅས་ཀླད་པ་དང་ལུས་ཀྱི་དབང་རྩ་དག་ལ་ངལ་གསོ་ཐེབ་པར་བྱེད་དགོས།

        རྩོམ་འཇུག་པ། ཡེ་ཤེས་སྒྲོལ་མ།