ཟི་ལིང་གློག་འདོན་ཀུང་ཟིའི་གློག་གཅོད་པའི་བརྡ་སྦྱོར།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-04-05 11:27:45      རྩོམ་སྒྲིག་པ། : ལྷ་དཔལ་སྐྱབས།

        གློག་མཁོ་འདོན་ནུབ་མའི་གློག་འདོན་གཅོད་ཨང20170331

        ཟི་ལིང་གྲོང་ཁྱེར་གྱི་གློག་དྲར་བཅོས་སྒྱུར་བྱེད་པའི་དགོས་མཁོ་དང་བསྟུན་ནས་ཟི་ལིང་གྲོང་ཁྱེར་གྱིས་གཤམ་གྱི་ས་ཁུལ་ཁག་དུ་གློག་གཅོད་རྒྱུ་ཡིན་པས། ད་ལྟ་དེའི་དུས་ཚོད་བརྡ་སྦྱོར་གྱི་ཚུལ་དུ་སྤེལ་ཡོད་པས། རྒྱ་ཆེའི་འཛད་སྤྱོད་དག་ལ་སྔ་མོ་ནས་གྲ་སྒྲིག་ཡོད་དགོས། གློག་གཅོད་པའི་སྐབས་སུ་ཁྱོད་ལ་བར་ཆད་འདྲ་མིན་སྟེར་སྲིད་པས་སྐུ་ཉིད་ལ་དགོངས་འགལ་མེད་པར་ཞུ། དེ་ཡང་གློག་གཅོད་པའི་དུས་སྐབས་སུ་སྐུད་ལམ་གྱིས་དུས་ངེས་མེད་དུ་གློག་འདོན་པ་སླར་གསོ་ཡང་བྱེད་ངེས་པས། ལས་ཁུངས་དང་མི་སྒེར་གང་རུང་སུ་ཞིག་ཡིན་རུང་གློག་ཤུགས་བཅའ་ཁྲིམས་དང་གློག་ཤུགས་སྒྲིག་ཆས་སྲུང་སྐྱོབ་ཁྲིམས་སྲོལ་སོགས་བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་བྱེད་རྒྱུ་ལས་གང་སྣང་གང་ཤར་གྱིས་གློག་ཤུགས་མཐོ་གནོན་འཕྲུལ་ཆས་དང་གློག་སྡོང་སོགས་ཀྱི་སྟེང་འགོ་མི་རུང་ལ། གློག་ཤུགས་སྒྲིག་ཆས་བརྐུ་འཁྱེར་དང་གནོད་སྐྱོན་བཟོ་མི་རུང་། གློག་ཤུགས་སྒྲིག་ཆས་སྲུང་སྐྱོབ་ཁུལ་དུ་ཁྲིམས་འགལ་ལུགས་འགལ་གྱི་དོན་རྐྱེན་བཟོ་མི་རུང་ལ། གལ་ཏེ་ཁྲིམས་འགལ་གྱི་དོན་རྐྱེན་འདྲ་མིན་སོགས་བྱུང་བ་ན་མི་སྒེར་རང་ཉིད་ཀྱིས་འགན་འཁུར་དགོས།

        ཟླ4པའི་ཚེས11ཉིན་གྱི་དུས་ཚོད9ནས་དུས་ཚོད24ཡི་དབར།

        མཚོ་སྔོན་ཧོང་ཅིས་ཁང་ས་ཐོན་ལས་ཀུང་ཟི་སོགས། གློག་གཅོད་པའི་རྒྱུ་རྐྱེན་ནི་གློག་སྐུད་གྱི་བྱེད་ནུས་གློག་སྒོ་ལ་བཅོས་སྒྱུར་བྱེད་པ།

        ཟླ4པའི་ཚེས11ཉིན་གྱི་དུས་ཚོད9ནས་དུས་ཚོད24ཡི་དབར།

        མཚོ་སྔོན་རྡོ་ཐལ་ཀུང་ཟིའི་ཟི་ལིང་གྲོང་ཁྱེར་ཀུང་ཟི་དང་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱི་གཞིས་སྡོད་གཞིས་ཁུལ། མཚོ་སྔོན་གཏན་འཇགས་ཁང་ས་ཐོན་ལས་ཀུང་ཟི། ཟི་ལིང་གྲོང་ཁྱེར་ཞིང་ལས་འཕྲུལ་ཆས་ལྟ་རྟོག་དོ་དམ་སའོ། ཟི་ལིང་གྲོང་ཁྱེར་ཧའེ་ཅིས་ཁང་ས་ཐོན་ལས་ཀུང་ཟི། བདེ་སྐྱིད་གཞིས་ཁུལ་སོགས་ཡིན། གློག་གཅོད་པའི་རྒྱུ་རྐྱེན་ནི་གློག་སྐུད་གྱི་བྱེད་ནུས་གློག་སྒོ་ལ་བཅོས་སྒྱུར་བྱེད་པ།

        ཟླ4པའི་ཚེས11ཉིན་གྱི་དུས་ཚོད9ནས་དུས་ཚོད24ཡི་དབར།

        ཟི་ལིང་ངར་ལྕགས་གཞིས་ལས་དོ་དམ་ཚད་ཡོད་ཀུང་ཟི། མཚོ་སྔོན་ཆིས་ཁྲིན་ཁང་ས་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་ཟི། ཟི་ལིང་ཡོན་ཐེན་ཁང་ས་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་ཟི་སོགས། གློག་གཅོད་པའི་རྒྱུ་རྐྱེན་ནི་གློག་སྐུད་གྱི་བྱེད་ནུས་གློག་སྒོ་ལ་བཅོས་སྒྱུར་བྱེད་པ།

        ཟླ4པའི་ཚེས11ཉིན་གྱི་དུས་ཚོད9ནས་དུས་ཚོད24ཡི་དབར།

        མེ་གློག་བཟོ་སྐྲུན་ཀུང་ཟིའི་གཞིས་སྡོད་གཞིས་ཁུལ། མཁར་བྱང་ཁུལ་འཕྲོད་བསྟེན་རིམས་ནད་སྔོན་འགོག་ས་ཚིགས། ཀྲུང་གོའི་གློག་འཕྲིན་མ་རྐང་ཚད་ཡོད་ཀུང་ཟིའི་ཟི་ལིིང་ཡན་ལག་ཀུང་ཟི། མཚོ་སྔོན་བརྟན་འཇགས་ཁང་ས་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་ཟི། ཁྲའོ་དབྱང་ལམ་མདོའི་གཞིས་སྡོད་གཞིས་ཁུལ། དམར་གཙང་ཟམ་སྣེའི་གཞིས་ཁུལ། ཟི་ལིང་གྲོང་ཁྱེར་མཁར་བྱང་ནགས་ལས་ལྗང་བསྒྱུར་དོ་དམ་ཁྲུའུ། མཚོ་སྔོན་ཧྭ་ཏི་ཁང་ས་ཐོན་ལས་ཚད་ཡོད་ཀུང་ཟི། ཟི་ལིང་དམངས་ཕན་གཞིས་ལས་དོ་དམ་ཚད་ཡོད་ཀུང་ཟི་སོགས་ཡིན། གློག་གཅོད་པའི་རྒྱུ་རྐྱེན་ནི་གློག་སྐུད་གྱི་བྱེད་ནུས་གློག་སྒོ་ལ་བཅོས་སྒྱུར་བྱེད་པ།

        ཟླ4པའི་ཚེས12ཉིན་གྱི་དུས་ཚོད9ནས་དུས་ཚོད24ཡི་དབར།

        དམར་གཙང་ལམ་དང་ཁྲའོ་དབྱང་ས་ཁུལ་གྱི་མཚོ་སྔོན་ཞིང་ཆེན་དར་རྒྱས་ཁང་ས་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་ཟི། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་མི་དམངས་ཁྲིམས་ཁང་། ཡོན་ཐེན་ཁང་ས་ཐོན་ལས་སྤྱི་གཉེར། ཡོན་ཀྲིན་སྡེ་ཚོགས་སྤྱི་གཉེར། མཚོ་སྔོན་ཆིས་ཁྲིན་ཁང་ས་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་ཟི་གཙོ་བོ། ཀྲུང་གོ་སྤོ་འགུལ་བརྡ་འཕྲིན་སྡེ་ཚོགས་ཀུང་ཟིའི་ཟི་ལིང་ཡན་ལག་ཀུང་ཟི། བརྟན་དར་ཁྱིམ་གཞིས་ཀྱི་གློག་འདོན་འཕྲུལ་ཆས། ཟི་ཞིང་དབྱི་ཞན་གཞིས་ལས་དོ་དམ་ཚད་ཡོད་ཀུང་ཟིའི་གྲ་སྒྲིག་གློག་གནོན་འཕྲུལ་ཆས། ཟི་ལིང་ཧའོ་ཐེན་གཞིས་ལས་ཞབས་ཞུའི་ཀུང་ཟི། མཚོ་སྔོན་མེ་གློག་བཟོ་བསྐྲུན་ཀུང་ཟི། ཟི་ལིང་ངར་ལྕགས་གཞིས་ལས་དོ་དམ་ཚད་ཡོད་ཀུང་ཟི། མཚོ་ཤར་ཐེན་རོང་གཞིས་ལས་དོ་དམ་ཚད་ཡོད་འགན་ལེན་ཀུང་ཟི ཟི་ལིང་གློག་ཤུགས་དངོས་ལས་གཞིས་ལས་ཀུང་ཟིའི་ཁྲའོ་དབྱང་ས་ཁུལ། ཁྲའོ་དབྱང་གཞིས་སྡོད་གཞིས་ཁུལ་གྱི་སྤྱི་སྤྱོད་གློག་གནོན། མཚོ་སྔོན་ཅིན་ཨན་གཞིས་ལས་དོ་དམ་ཚད་ཡོད་ཀུང་ཟི། པེ་ཅིན་ཧྭ་ལེན་སྣ་འཛོམས་སྒོ་རྩིས་ཁང་མ་རྐང་ཚད་ཡོད་ཀུང་ཟིའི་མཚོ་སྔོན་ཡན་ལག་ཀུང་ཟི་དང་པོ། མཚོ་སྔོན་དམངས་ཕན་དངོས་ལས་ཚད་ཡོད་ཀུང་ཟི། མཚོ་སྔོན་མགྲོན་ཁང་ཁྱིམ་ཚང་ར་སྐོར་གྱི་སྤྱི་སྤྱོད་གློག་གནོན། ཟི་ལིང་གྲོང་ཁྱེར་ཁྲའོ་དབྱང་བཟོ་བསྐྲུན་ཚད་ཡོད་འགན་ལེན་ཀུང་ཟི མཚོ་སྔོན་ནུབ་ལམ་བཟོ་བསྐྲུན་ཀུང་ཟི། མཁར་བྱང་ཤོག་བུ་བཟོ་གྲྭའི་གཞིས་སྡོད་གཞིས་ཁུལ། ཟི་ལིང་ཤིང་ལས་རྒྱུ་ཆའི་བཟོ་གྲྭ། བདེ་ཐང་གཞིས་ཁུལ་སོགས་ཡིན། གློག་གཅོད་པའི་རྒྱུ་རྐྱེན་ནི་གློག་སྐུད་གྱི་བྱེད་ནུས་གློག་སྒོ་ལ་བཅོས་སྒྱུར་བྱེད་པ། ཁངས་ཆར་འབབ་པ་སོགས་དམིགས་གསལ་རྒྱུ་རྐྱེན་ལ་མ་འཕྲད་ན་དུས་ཚོད་ནར་འགྱངས་མི་བྱེད། རྒྱལ་ཁབ་གློག་དྲའི་འཛད་སྤྱོད་ཞབས་ཞུའི་སྐུད་ལམ་ནི95598ཡིན།

        ལོ་ཙཱ་བ། ལྷ་དཔལ་སྐྱབས།