མཚོ་སྔོན་འཁྱགས་མཚེའུ་ས་ཁུལ་གྱིས་སྔོ་ཚལ་གསར་བ་ཟ་ཐུབ་བྱུང་བ།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-04-07 11:38:19      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

  མཚོ་སྔོན་གྱི་མཚོ་ནུབ་ཏུ་ཆགས་པའི་འཁྱགས་མཚེའུ་ས་ཁུལ་ནི་མཐོ་སྒང་གི་གྲང་ལྷགས་ཆེ་ལ་དབྱིང་རླུང་དཀོན་པ། བྱེ་རླུང་དང་བ་ཚྭ་ལྡང་སྐྱེན་པ། ཁ་དབུགས་སྐམ་ཆེ་ལ་ཆར་ཆུ་ཉུང་བ་བཅས་རང་བྱུང་གི་ཆ་རྐྱེན་ཅུང་སྡུག་པོའི་ས་ཆ་ཞིག་ཡིན་ཞིང་། ལོ་ངོ༦༡ཚུན་ལ་སྡོད་དམངས་ཀྱི་འཚོ་བའི་མཁོ་ཆས་རྣམས་ལེ་དབར་བརྒྱ་ཕྲག་ཡས་མས་ཀྱི་མཚམས་ནས་འདྲེན་དགོས་པས་སྔོ་ཚལ་དུས་ལྟར་ཟ་ཐུབ་རྒྱུ་ནི་དེ་གར་ཆགས་པའི་སྡོད་དམངས་༢༠༠༠ཡི་དཀའ་ཁག་ཆེ་ཤོས་དེ་རེད། ད་ཆ་ཀྲུང་གོའི་རྡོ་སྣུམ་ཀུང་སིས་འཁྱགས་མཚེའུ་ས་ཁུལ་དུ་ཞིང་ལས་འདེབས་འཛུགས་ཀྱི་རྨང་གཞི་སྒྲིག་ཆས་སྒྲིག་རོགས་བྱས་ཏེ། རེས་སྐོར་དང་པོའི་སྔོ་ཚལ་སྣ་བཅུ་ཕྲག་ཅིག་བང་རིམ་ཅན་གྱི་སྒྲོམ་སྟེགས་སུ་སྣོད་ཅར་འདེབས་འཛུགས་བྱས་པ་ད་ལྟ་སྔོ་ལྡེམ་མེར་སྐྱེས་འདུག

  ཞིང་ལས་འདེབས་འཛུགས་ར་བའི་རྣམ་གྲངས་དེ་ལ་ཀྲུང་གོ་རྡོ་སྣུམ་གྱིས་མ་དངུལ་སྒོར་ཁྲི༢༢༥༨བཏང་ཞིང་། སྡེ་ཤོག་ཀུང་སིའི་འཆར་འགོད་སྤྱི་ཁྱབ་གླིང་གི་EPCཡིས་རྣམ་གྲངས་ཡོངས་ཀྱི་ཇུས་འགོད་དང་ཨར་ལས་ཀྱི་འགན་འཁུར་བ་དང་། མཚོ་སྔོན་སྣུམ་ཞིང་གིས་རྣམ་གྲངས་ལ་ལྟ་རྟོག་དང་ཨར་ལས་ལ་དོ་དམ་གྱི་འགན་ཁུར། རྣམ་གྲངས་ཡོངས་འཁོར་རྒྱུག་བྱས་རྗེས་ལོ་རེར་ལྷད་མེད་སྔོ་ཚལ་སྣ་བཅུ་ཙམ་ཡོད་པ་ཏུན་75ཐོན་སྐྱེད་ཐུབ་པས་འཁྱགས་མཚེའུ་ས་ཁུལ་གྱི་སྡོད་དམངས་ཀྱིས་ལོ་ཧྲིལ་བོར་རང་གིས་བཏབས་པའི་སྔོ་ཚལ་གསར་རྐྱང་ཟ་ཐུབ་ཅིང་། ས་གནས་དེའི་སྔོ་ཚལ་མཁོ་འདོན་དང་། སྣ་རིགས། རིན་གོང་། ཁྲོམ་ར་བཅས་གཏན་འཇགས་དང་། སྡོད་དམངས་ཀྱི་འཚོ་བ་ཇེ་ལེགས། ལས་བྱེད་དང་ལས་བཟོ་བའི་དཔུང་ཁག་གཏན་སྡོད་སོགས་ལ་དོན་སྙིང་གལ་ཆེན་ལྡན་པ་རེད།
 

ལོ་ཙཱ་བ། ཁོན་ཐར་འཚོ།