གཞུང་རྒྱུ་ལྐོག་ཟའི་ནག་ཉེས།

      ཡོང་ཁུངས། : ཁྲིམས་ལུགས་ཚགས་པར།      སྤེལ་དུས། : 2017-04-14 09:36:08      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        གངས་ལྗོངས་ཁྲིམས་ར།

        གྱོད་དཔེ།

        མིན་ཧའོ་རྫོང་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་གི་ཀྲུའུ་རིན་གཞོན་པ་ཁྲིན་ཞི་ཡུན་གྱི་ལྐོག་ཟའི་གྱོད་གཞི།

        2009ལོའི་ལོ་མགོར། མིན་ཧའོ་རྫོང་གི་ཞ་མིན་གྲོང་རྡལ་གྱིས་གྲོང་རྡལ་ཡོངས་ཀྱི་རྨོ་བསྐྱུར་ནགས་འདེབས་ཀྱི་བྱ་བར་ཞིབ་བཤེར་བྱས། མིན་ཧའོ་རྫོང་གི་སྐབས་བཅོ་ལྔ་བའི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་མིན་ཧའོ་རྫོང་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་གི་ཀྲུའུ་རིན་གཞོན་པ་ཁྲིན་ཞི་ཡན་གྱིས་རུ་མཱ་སྡེ་བར་ཞིབ་བཤེར་བྱེད་སྐབས། ཁྱིམ་ཚང་གཅིག་མ་གཏོགས་གཞན་ཁྱིམ་ཚང72ཚད་ལྡན་མིན་པས་ཁྲིན་ཞི་ཡན་གྱིས་གྲོང་རྡལ་ནགས་ལས་ས་ཚིགས་ཀྱི་འགོ་བ་ལོ་ཅིན་ཧྥོར་བརྡ་བཏང་སྟེ་ཁྱིམ་ཚང72ཀྱི་རོགས་སྐྱོར་དངུལ་གྱི་བྱང་བུ་བཀག་ཉར་བྱེད་དུ་བཅུག ཅང་མ་འགོར་བར་ཁྲིན་ཞི་ཡན་གྱིས་བཀག་ཉར་བྱས་པའི་རོགས་སྐྱོར་བྱང་བུ་ཡོད་ཚད་ལོ་ཅིན་ཧྥོའི་ལག་ནས་བླངས་པ་དང་། ས་གནས་དེའི་མི་ཞིག་ལ་རིན་ཐང་སྒོར་ཉིས་ཁྲི་ལྷག་ཡོད་པའི་འབྲུ་རིགས་སྤྱི་རྒྱ20700ཕྱིར་འཚོང་བྱས་ཏེ་སྒོར་མོ་ཡོད་ཚད་རང་གིས་བདག་བཟུང་བྱས། རྗེས་སུ་གྱོད་དོན་ཤེས་རྟོགས་བྱུང་རྗེས་གྱོད་དོན་ཐོ་འགོད་བྱས་པ་རེད།

        2009ལོའི་ཟླ8ཚེས7ཉིན། མིན་ཧའོ་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིན་ཞི་ཡན་གྱིས་བཟོས་པའི་ལྐོག་ཟའི་གྱོད་དོན་ལ་དུས་བཀག་བཙོན་འཇུག་ལོ་གཅིག་དང་དུས་འགྱངས་ལོ་གཅིག་བྱས།

        ཁྲིམས་མཆན།

        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས 》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས》དང་བཅའ་ཁྲིམས་གཞན་དག་ནང་འཁོད་པའི་འབྲེལ་ཡོད་གཏན་འབེབས་ལྟར་ན། མི་དམངས་ཞིབ་དཔྱོད་ཁང་གིས་ཐད་ཀར་གྱོད་དོན་ཐོ་འགོད་དང་མྱུལ་ཞིབ་ཀྱི་ཚད་གཞིའི་གཏན་འབེབས་བྱས་པ་གཤམ་གསལ་ལྟར།

        ལྐོག་ཟ་ལྐོག་རྔན་གྱི་ཉེས་གསོག་གྱོད་གཞིའི་མཚན་ཉིད།

        གཅིག རྒྱུ་ནོར་ལྐོག་ཟའི་ནག་ཉེས།

        རྒྱུ་ནོར་ལྐོག་ཟའི་ནག་ཉེས་ཞེས་པ་ནི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་ལས་གནས་ཐོག་གི་སྟབས་བདེར་བརྟེན་ནས་ལྐོག་ཟ་བྱེད་པ་དང་མ་བྱིན་པར་ལེན་པ། གཡོ་ལེན་བྱས་པའམ་ཡང་ན་བྱེད་ཐབས་གཞན་ལ་བརྟེན་ནས་ཁྲིམས་འགལ་གྱིས་ཐུན་མོང་གི་ནོར་རྫས་བདག་བཟུང་བྱེད་པའི་བྱ་སྤྱོད་ལ་ཟེར།

        གཞུང་གི་ལས་ཁུངས་དང་རྒྱལ་ཁབ་ལ་དབང་བའི་ཀུང་སི། ཁེ་ལས་དང་ལས་དོན་སྡེ་ཁག ཚོགས་པ་བཅས་ཀྱི་མངགས་བཅོལ་ལྟར་དོ་དམ་དང་། གཞུང་ལ་དབང་བའི་རྒྱུ་ནོར་ལ་གཉེར་སྐྱོང་བྱེད་པའི་མི་སྣས་གོ་གནས་ཐད་ཀྱི་སྟབས་བདེ་བེད་སྤྱད་དེ་ལྐོག་ཟ་བྱེད་པ་དང་མ་བྱིན་པར་ལེན་པ། རྒྱལ་ཁབ་ལ་དབང་བའི་རྒྱུ་དངོས་གཡོ་ལེན་བྱས་པའམ་བྱ་ཐབས་གཞན་སྤྱད་ནས་ཁྲིམས་འགལ་གྱིས་བདག་བཟུང་བྱས་པ་དེའི་ཉེས་འགན་བདའ་འདེད་བྱ་དགོས།

        “མངག་བཅོལ་བྱ་ཡུལ་དོ་དམ་དང་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་གཉེར་སྐྱོང”ཅེས་པ་ནི་འགན་གཙང་ལེན་བྱས་པ་དང་བོགས་མ་གཏོང་ལེན། གདན་ཞུ་སྐུལ་སྤྱོད་སོགས་ཀྱི་ཆེད་དོ་དམ་བྱས་པ་དང་། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་གཉེར་སྐྱོང་། རྒྱལ་ཁབ་ལ་དབང་བའི་ཉེན་འགོག་འགན་ལེན་ཀུང་སིའི་ལས་བྱེད་མི་སྣ་དང་རྒྱལ་ཁབ་ལ་དབང་བའི་ཉེན་འགོག་འགན་ལེན་ཀུང་སི་དང་རྒྱལ་ཁབ་ལ་མི་དབང་བའི་གཞུང་དོན་སྒྲུབ་མཁན་གྱིས་ལས་གནས་ཐོག་གི་སྟབས་བདེར་བརྟེན་ནས་ཉེན་འགོག་འགན་ལེན་གྱི་རྐྱེན་བྱུང་མེད་པ་བསམ་བཞིན་དུ་རྫུན་བཟོ་བྱས་ཏེ་སྐྱིན་ཚབ་དངུལ་གཡོ་ལེན་བྱས་པའི་ལྐོག་ཟའི་ནག་ཉེས་དང་ཉེས་འགན་བདའ་འདེད་བྱ་དགོས།

        རྒྱལ་ཁབ་ལ་དབང་བའི་ཀུང་སི་དང་ཁེ་ལས་སམ་རྒྱལ་ཁབ་ལ་དབང་བའི་སྡེ་ཚན་གཞན་དག་གི་ནང་དུ་གཞུང་དོན་སྒྲུབ་པའི་མི་སྣ། རྒྱལ་ཁབ་ལ་དབང་བའི་ཀུང་སི། ཁེ་ལས་སམ་རྒྱལ་ཁབ་ལ་དབང་བའི་སྡེ་ཚན་གཞན་དག་བཅས་སུ་མངག་གཏོང་བྱས་པའི་རྒྱལ་ཁབ་ལ་མི་དབང་བའི་ཀུང་སི། ཁེ་ལས་དང་དེ་བཞིན་རྒྱལ་ཁབ་ལ་མི་དབང་བའི་སྡེ་ཚན་གཞན་དག་གི་གཞུང་དོན་སྒྲུབ་མཁན་གྱིས་གོ་གནས་ཐད་ཀྱི་སྟབས་བདེ་བེད་སྤྱད་དེ། ལས་ཁུངས་ཀྱི་རྒྱུ་དངོས་ཁྲིམས་འགལ་གྱིས་བདག་བཟུང་བྱས་རིགས་དང་ལྐོག་ཟའི་ནག་ཉེས་དང་ཉེས་འགན་བདའ་འདེད་བྱ་དགོས།

        རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་རྒྱལ་ནང་གི་གཞུང་དོན་བྱེད་སྒོའམ་ཕྱི་ཕྱོགས་ལ་འབྲེལ་བ་བྱེད་སྐབས་ལག་རྟགས་བླངས་ཏེ། རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་གཞུང་ལ་འབུལ་དགོས་ཀྱང་གཞུང་ལ་མ་ཕུལ་ཤིང་། གྲངས་འབོར་ཆེ་ཙམ་གྱི་རིགས་ལ་བརྟེན་ནས་ལྐོག་ཟའི་ནག་ཉེས་དང་ཉེས་འགན་བདའ་འདེད་བྱ་དགོས།

        གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་སྙན་སེང་ཞུ་དགོས་ཏེ།

        1.མི་སྒེར་གྱིས་རྒྱུ་དངོས་ལྐོག་ཟ་བྱས་གྲངས་སྒོར་ལྔ་སྟོང་ཡན་ཟིན་པའི་རིགས།

        2.མི་སྒེར་གྱིས་རྒྱུ་དངོས་ལྐོག་ཟ་བྱས་གྲངས་སྒོར་ལྔ་སྟོང་མ་ལོན་ནའང་། ལྐོག་ཟ་བྱ་ཐབས་དང་བརྒྱུད་རིམ་ཧ་ཅང་ངན་པའི་རིགས།

        གཉིས། གཞུང་དངུལ་སྒེར་སྤྱོད་ཀྱི་ནག་ཉེས།

        གཞུང་དངུལ་སྒེར་སྤྱོད་ཀྱི་ནག་ཉེས་ཞེས་པ་ནི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་གོ་གནས་ཐད་ཀྱི་སྟབས་བདེ་བེད་སྤྱད་དེ། གཞུང་དངུལ་སྒེར་སྤྱོད་བྱས་ནས་མི་སྒེར་གྱིས་བཀོལ་བ་དང་ཁྲིམས་འགལ་གྱི་བྱེད་སྒོ་སྤེལ་རིགས་དང་། ཡང་ན་གཞུང་དངུལ་སྒེར་སྤྱོད་བྱས་གྲངས་ཅུང་ཆེ་ཞིང་། ཁེ་གཉེར་གྱི་བྱེད་སྒོ་སྤེལ་པའམ་ཡང་ན་སྒེར་སྤྱོད་བྱས་གྲངས་ཅུང་ཆེ་ཞིང་ཟླ་གསུམ་བརྒལ་ཡང་ཕྱིར་མ་སྤྲད་པའི་བྱ་སྤྱོད་ལ་ཟེར།

        གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་སྙན་སེང་ཞུ་དགོས།

        1.གཞུང་དངུལ་སྒེར་སྤྱོད་བྱས་ནས་མི་སྒེར་གྱིས་བཀོལ་བ་དང་སྒོར་ལྔ་སྟོང་ནས་སྒོར་ཁྲི1 ཡན་གྱིས་ཁྲིམས་འགལ་གྱི་བྱེད་སྒོ་སྤེལ་རིགས།

        2.གཞུང་དངུལ་སྒེར་སྤྱོད་བྱས་གྲངས་སྒོར་ཁྲི1ནས་སྒོར་ཁྲི3ཡན་དང་སྒེར་ནས་ཁེ་ལས་གཉེར་བའི་བྱེད་སྒོ་སྤེལ་རིགས།

        3.གཞུང་དངུལ་སྒེར་སྤྱོད་བྱས་གྲངས་སྒོར་ཁྲི1ནས་སྒོར་ཁྲི3ཡན་དང་ཟླ་གསུམ་བརྒལ་ཡང་ཕྱིར་མ་སྤྲད་པའི་རིགས།

        ཞིང་ཆེན་རིམ་པའི་མི་དམངས་ཞིབ་དཔྱོད་ཁང་གིས་ས་གནས་དེའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཆོག་སྟེ། གོང་གསལ་གྲངས་འབོར་གྱི་ནང་ཚུན་དང་རང་ས་ཁུལ་དུ་ལག་བསྟར་བྱེད་པའི་ཞིབ་ཕྲའི་གྲངས་འབོར་གྱི་ཚད་གཞི་གཏན་ཁེལ་དང་འབྲེལ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ལ་སྙན་སེང་ཞུ་དགོས།

        གསུམ། ལྐོག་རྔན་བླངས་པའི་ནག་ཉེས།

        ལྐོག་རྔན་བླངས་པའི་ནག་ཉེས་ཞེས་པ་ནི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་ལས་གནས་ཐོག་གི་སྟབས་བདེར་བརྟེན་ནས་མི་གཞན་གྱི་རྒྱུ་ནོར་བཙན་ལེན་བྱེད་པའམ་ཡང་ན་ཁྲིམས་འགལ་སྒོས་མི་གཞན་པའི་རྒྱུ་ནོར་བླངས་ནས་མི་གཞན་པར་ཁེ་ཕན་དོན་གཉེར་བྱེད་པའི་བྱ་སྤྱོད་ལ་ཟེར།

        རྒྱལ་ཁབ་ལ་དབང་བའི་ཀུང་སི་དང་ཁེ་ལས་བྱ་གཞག་སྡེ་ཚན། མི་དམངས་ཚོགས་པ་བཅས་ཀྱི་ནང་དུ་གཞུང་དོན་སྒྲུབ་མཁན་མི་སྣ། རྒྱལ་ཁབ་ལས་ཁུངས་དང་རྒྱལ་ཁབ་ལ་དབང་བའི་ཀུང་སི། ཁེ་ལས་དང་བྱ་ལས་སྡེ་ཚན་བཅས་སུ་མངགས་པའི་རྒྱལ་ཁབ་ལ་དབང་བ་མ་ཡིན་པའི་ཀུང་སི། སྤྱི་ཚོགས་ཀྱི་ཚོགས་པ་ལ་སོགས་གཞུང་དོན་སྒྲུབ་མཁན་གྱིས་ལས་གནས་ཐོག་གི་སྟབས་བདེར་བརྟེན་ནས་གཞན་གྱི་རྒྱུ་ནོར་སློང་པའམ་ཁྲིམས་འགལ་གྱིས་གཞན་གྱི་རྒྱུ་ནོར་བླངས་ཏེ་མི་གཞན་པར་ཁེ་ཕན་གཉེར་བའམ་ཡང་ན་དཔལ་འབྱོར་འགྲོ་འོང་ཁྲོད། རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ནས་སྒེར་ལ་དབང་བ་བྱས་རིགས་དང་ལྐོག་རྔན་བླངས་པའི་ནག་ཉེས་ལ་ཉེས་འགན་བདའ་འདེད་བྱ་དགོས།

        གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་སྙན་སེང་ཞུ་དགོས།

        1.མི་སྒེར་གྱིས་ལྐོག་རྔན་བླངས་གྲངས་སྒོར་ལྔ་སྟོང་ཡན་ཟིན་པའི་རིགས།

        2.མི་སྒེར་གྱིས་ལྐོག་རྔན་བླངས་གྲངས་སྒོར་ལྔ་སྟོང་ཡན་མ་ལོན་ནའང་གཤམ་གསལ་གྱི་གནས་ཚུལ་རིགས་གཅིག་ཡོད་པ་སྟེ།

        (1)ལྐོག་རྔན་ལེན་པའི་བྱ་སྤྱོད་ཀྱིས་རྒྱལ་ཁབ་བམ་ཡང་ན་སྤྱི་ཚོགས་ཀྱི་ཁེ་ཕན་ལ་གྱོང་གུན་ཚབས་ཆེན་ཕོག་པའི་རིགས།

        (2)བསམ་བཞིན་འབྲེལ་ཡོད་སྡེ་ཚན་དང་མི་སྒེར་ལ་ཤུགས་རྐྱེན་ངན་པ་ཐེབས་པའི་རིགས།

        (3)བཙན་ཤེད་ཀྱིས་རྒྱུ་ནོར་ཧམ་ལེན་བྱེད་པའི་རིགས་བཅས་སོ། །

        བཞི། སྡེ་ཚན་གྱིས་ལྐོག་རྔན་བླངས་པའི་ནག་ཉེས།

        སྡེ་ཚན་གྱིས་ལྐོག་རྔན་བླངས་པའི་ནག་ཉེས་ཞེས་པ་ནི་རྒྱལ་ཁབ་ཀྱི་ལས་ཁུངས་དང་རྒྱལ་ཁབ་ལ་དབང་བའི་ཀུང་སི། ཁེ་ལས། ལས་དོན་སྡེ་ཁག མི་དམངས་ཚོགས་པ་བཅས་ཀྱིས་ཁྲིམས་འགལ་གྱིས་མི་གཞན་གྱི་རྒྱུ་ནོར་བླངས་ཏེ་ཁེ་ཕན་གཉེར་བའི་ཉེས་ཚབས་ཆེ་བའི་བྱ་སྤྱོད་ལ་ཟེར།

        གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་སྙན་སེང་ཞུ་དགོས།

        1.སྡེ་ཚན་གྱིས་ལྐོག་རྔན་བླངས་པའི་དངུལ་གྲངས་སྒོར་ཁྲི10 ཡན་ཟིན་པའི་རིགས།

        2.སྡེ་ཚན་གྱིས་ལྐོག་རྔན་བླངས་གྲངས་སྒོར་ཁྲི10མ་ལོན་ནའང་གཤམ་གསལ་གྱི་གནས་ཚུལ་རིགས་གཅིག་ཡོད་པ་སྟེ།

        (1)བསམ་ངན་བྱས་ཏེ་འབྲེལ་ཡོད་སྡེ་ཚན་དང་མི་སྒེར་ལ་ཤུགས་རྐྱེན་ངན་པ་ཐེབས་པའི་རིགས།

        (2)བཙན་ཤེད་ཀྱིས་རྒྱུ་ནོར་ཧམ་ལེན་བྱས་རིགས།

        (3)དེའི་རྐྱེན་གྱིས་རྒྱལ་ཁབ་དང་ཡང་ན་སྤྱི་ཚོགས་ཀྱི་ཁེ་ཕན་ལ་གྱོང་གུན་ཚབས་ཆེན་བཟོས་རིགས་བཅས་སོ། །

        ལྔ། ལྐོག་རྔན་སྤྲོད་ལེན་ངོ་སྤྲོད་ཀྱི་ནག་ཉེས།

        ལྐོག་རྔན་སྤྲོད་ལེན་ངོ་སྤྲོད་ཀྱི་ནག་ཉེས་ཞེས་པ་ནི་རྒྱལ་ཁབ་ཀྱི་ལས་བྱེད་པར་ལྐོག་རྔན་ངོ་སྤྲོད་བྱས་པའི་ཉེས་ཚབས་ཆེ་བའི་བྱ་སྤྱོད་ལ་ཟེར།

        གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་སྙན་སེང་ཞུ་དགོས།

        1.མི་སྒེར་གྱིས་རྒྱལ་ཁབ་ཀྱི་ལས་བྱེད་པར་ལྐོག་རྔན་སྤྲད་ཅིང་ངོ་སྤྲོད་བྱས་པར་གཞིགས་ན་གྲངས་འབོར་སྒོར་ཁྲི2ཡན་ཟིན་པའི་རིགས་དང་། སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་ལས་བྱེད་པར་ལྐོག་རྔན་སྤྲད་ཅིང་ངོ་སྤྲོད་བྱས་པར་གཞིགས་ན་གྲངས་འབོར་སྒོར་ཁྲི20ཡན་ཟིན་པའི་རིགས།

        2.ལྐོག་རྔན་ངོ་སྤྲོད་བྱས་པའི་གྲངས་འབོར་གོང་གི་ཚད་གཞི་མ་ལོན་ནའང་གཤམ་གསལ་གྱི་གནས་ཚུལ་རིགས་གཅིག་ཡོད་པ་སྟེ།

        (1)ལྐོག་རྔན་སྤྲོད་མཁན་གྱིས་ཁྲིམས་འགལ་ཁེ་ཕན་གྱི་དོན་དུ་ལྐོག་རྔན་ངོ་སྤྲོད་བྱས་པའི་རིགས།

        (2)ཐེངས3ཡན་ནམ་མི3ཡན་གྱིས་ལྐོག་རྔན་ངོ་སྤྲོད་བྱས་པའི་རིགས།

        (3)ཏང་སྲིད་འགོ་ཁྲིད་དང་ཁྲིམས་འཛིན་བྱ་བ་སྒྲུབ་པའི་མི་སྣ། སྲིད་འཛིན་ཁྲིམས་སྒྱུར་བྱེད་མཁན་མི་སྣར་ལྐོག་རྔན་ངོ་སྤྲོད་བྱེད་པའི་རིགས།

        (4)དེའི་རྐྱེན་གྱིས་རྒྱལ་ཁབ་དང་ཡང་ན་སྤྱི་ཚོགས་ཀྱི་ཁེ་ཕན་ལ་གྱོང་གུན་ཚབས་ཆེན་བཟོས་པའི་རིགས་བཅས་སོ། །

        འབྲོང་སངས་ཀྱིས་བསྒྱུར་སྒྲིག་བྱས།

      རྩོམ་འཇུག་པ། ལྷ་ཆེན་རྒྱལ།