2017ལོའི་ཟླ3པའི་ཚེས8ཉིན་གྱི་རྨ་ཆེན་རྫོང་གི་སྐབས་བཅོ་ལྔ་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་འདུ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-04-19 11:08:07      རྩོམ་སྒྲིག་པ། : རྟ་མགྲིན་དཔལ།

        རྨ་ཆེན་རྫོང་གི་རྫོང་དཔོན་གྱིས་སྙན་ཞུ་ཕུལ།

        འཐུས་མི་རྣམ་པ།

        ད་ལྟ་ངས་རྫོང་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྙན་ཞུ་འབུལ་རྒྱུ་ཡིན་པས།ཁྱེད་ཅག་གིས་ཞིབ་བཤེར་གྲོས་མོལ་གནང་རྒྱུ་དང་།གཞན་ཡང་རྫོང་སྲིད་གྲོས་ཀྱི་ཨུ་ཡོན་དང་ཟུར་ཞུགས་བློ་མཐུན་རྣམས་ཀྱིས་བསམ་འཆར་འདོན་པའི་རེ་བ་ཞུ།

        གཅིག 2016ལོའི་བྱ་བའི་ཕྱིར་དྲན་ཉུང་བསྡུས།

        2016ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱེད་པའི་ལོ་མགོ་མ་ཡིན་ཞིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གནད་འགག་གི་ལོ་ དང་། རྨ་ཆེན་རྫོང་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་དང་བརྩོན་པ་ཆེར་བསྐྱེད་སྒོས་མདུན་དུ་བསྐྱོད་པའི་གནད་འགག་གི་ལོ་ཡིན།ལོ་ངོ་གཅིག་གི་རིང་ལ།རྫོང་ཡོངས་ཀྱི་ལས་བྱེད་མི་སྣ་སོ་སོས་ཁུལ་ཨུ་དང་ཁུལ་སྲིད་གཞུང་།རྫོང་ཨུ་སོགས་ཀྱིས་ཡང་དག་པའི་མགོ་ཁྲིད་དང་།རྫོང་དམངས་ཆེན་དང་སྲིད་གྲོས་ཀྱི་ལྟ་སྐུལ་རོགས་འདེགས་འོག ཀུན་མཐུན་གྱི་སྒོ་ནས་རྫོང་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་རྣམས་སྣེ་ཁྲིད་དེ།ནན་ཏན་གྱི་སྒོ་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་གསུམ་པ་བཞི་བ་ལྔ་བ་དྲུག་པ་རྣམས་ཀྱི་དགོངས་དོན་དང་ཞིང་ཆེན་དང་ཁུལ་རྫོང་སོགས་ཀྱི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས།སྤྱི་ཁྱབ་ཧྲུའུ་ཅུ་ཞི་ཅི་ཕིན་ལགས་ཀྱི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་རྣམས་ལག་བསྟར་ནན་མོ་བྱས་ཏེ།གནས་ལྔ་གཞི་གཅིག་གི་སྤྱིའི་འཆར་འགོད་དང་ཡོངས་ཁྱབ་བཞི་ཡི་འཐབ་ཇུས་སོགས་ལ་སྐུལ་འདེད་བྱེད་པ་དམིགས་སུ་བཟུང་ནས།སྲ་བརྟན་སྒོས་འཕེལ་ཐབས་སྣ་ལྔའི་འདུ་ཤེས་སྐྱེད་སྲིང་བྱེད་པ་དང་།ཞིང་ཆེན་ཏང་ཨུའི་131དང་ཁུལ་ཨུའི་169 གཞན་ཡང་རྫོང་ཨུའི་1357སྤྱིའི་རེ་འདུན་ལྟར།ང་ཚོས་རང་འགུལ་གྱིས་རྣམ་པ་གསར་བར་འཆམ་མཐུན་ཡོང་བར་བྱས་ནས།ཡང་དག་པའི་སྒོ་ནས་དཀའ་ངལ་སྣ་ཚོགས་གདོང་གིས་བསུས་ཏེ།མུ་མཐུད་དུ་བྱ་བ་སྣ་ཚོགས་ལེགས་འགྲུབ་ཡོང་བའི་ཐད་དུ་ནུས་ཤུགས་ཡོད་དགུ་བཏོན་ནས།ལོ་ཧྲིལ་བོའི་དམིགས་འབེན་དང་འགན་ཁུར་ལེགས་གྲུབ་བྱས་ཏེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལེགས་འགྲུབ་ཡོང་བར་དབུ་ཁྱུད་ལེགས་པོ་ཞིག་བྲིས།ལོ་ཧྲིལ་བོའི་ནང་དུ་ས་གནས་ཀྱི་ཐོན་སྐྱེད་སྤྱི་འབོར་སྒོར་དུང་ཕྱུར་14.86ཙམ་ལ་སླེབས་པ་དང་།སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་སྒོ་སྒོར་ཁྲི9625ལ་སླེབས་པ་དང་།ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་125.7འཕར་སྣོན་བྱུང་།གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར24.46ལེགས་འགྲུབ་དང་།ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་17.87འཕར་སྣོན་བྱུང་།སྤྱི་ཚོགས་ཡོངས་ཀྱི་འཛད་སྤྱོད་ཐོན་རྫས་ཕྱིར་འཚོང་གི་སྤྱིའིི་སྒོར་གྲངས་ཁྲི9382ལ་སླེབས།ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི11.5འཕར་སྣོན་བྱུང་།ཐོན་ལས་དང་པོའི་འཕར་གྲངས་སྒོར་ཁྲི19849ཡིན་པ་དང་།ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་5.28འཕར་སྣོན་བྱུང་།ཐོན་ལས་གསུམ་པའི་འཕར་གྲངས་སྒོར་ཁྲི70389ཡིན་པ་དང་།ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་11.07འཕར་སྣོན་བྱུང་།ཞིང་ཕྱུགས་ལས་གླིང་ཁུལ་གྱི་ཐོན་ལས་འཕར་གྲངས་སྒོར་ཁྲི་108.65ཡིན་པ་དང་།ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་27འཕར་སྣོན་བྱུང་།མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཡོང་སྒོ་སྒོར་ཁྲི་18741ཡིན་པ་དང་།ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་9.5འཕར་སྣོན་བྱུང་།དེའི་ནང་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཡོང་སྒོ་སྒོར་སྟོང་9185ཡིན།ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་9.5འཕར་སྣོན་བྱུང་།

        ལོ་ངོ་གཅིག་གི་རིང་ལ་ང་ཚོས་གཙོ་བོ་གཤམ་གྱི་ལས་ཀ་དག་སྒྲུབ་པ་ཡིན།

        གཅིག ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་སྲ་བརྟན་དུ་བཏང་ནས་མུ་མཐུད་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས་པ།

        ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུ་དེ་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐབས་ཤེས་སུ་བཟུང་ནས།སྐྱེ་ཁམས་སྲུང་སྐྱོབ་ལེགས་པོ་བྱེད་པའི་འདུ་ཤེས་གཙོ་བོར་བཟུང་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བཀོད་འདོམས་བྱེད་པ་དང་།ཧུར་ཐག་སྒོས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱས་ནས་མུ་མཐུད་དུ་མཛེས་སྡུག་ལྡན་པའི་རྨ་ཆེན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་།ནན་ཏིག་སྒོས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་འཛུགས་སྐྲུན་བྱེད་པའི་ལས་གཞི་ལ་སྐུལ་འདེད་བྱས་པ།ཕྱུགས་བསྐྱུར་རྩྭ་འདེབས་ཀྱི་ལས་གཞི་ཐད་དུ་མ་དངུལ་སྒོར་ཁྲི356ལག་བསྟར་བྱས་པ་དང་།སྤྱིའི་མ་དངུལ་སྒོར་ཁྲི་450བཏང་ནས་ས་ནག་ཐང་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་དང་།མ་དངུལ་སྒོར་ཁྲི་1075བཏང་ནས་རྩྭ་སའི་གནོད་འབུ་སྔོན་འགོག་གི་ལག་གཞི་ལག་བསྟར་བྱས།སྤྱིའི་མ་དངུལ་སྒོར་ཁྲི་1790.67བཏང་ནས་རང་བྱུང་སྲུང་སྐྱོབ་ལས་གཞི་ལག་བསྟར་དང་།མ་དངུལ་སྒོར་ཁྲི་437བཏང་ནས་རི་འགོག་ནགས་གསོའི་ལས་གཞི་དང་མ་དངུལ་སྒོར་2434.59བཏང་ནས་ཀུན་ཕན་ནགས་ཚལ་སྐྱེ་ཁམས་ཁ་གསབ་མ་དངུལ་གྱི་ལས་གཞི་ཡོངས་སུ་ལག་བསྟར་བྱས།གཞན་ཡང་མ་དངུལ་སྒོར་ཁྲི་719ལག་བསྟར་བྱས་ནས་རྟ་བོ་གྲོང་རྡལ་དང་རྭ་རྒྱ་གྲོང་རྡལ་ནས་མཁར་གྲོང་ལྗང་བསྒྱུར་དང་སྡོང་འཛུགས་ནགས་བསྐྲུན་གྱི་ལས་གཞི་ལག་བསྟར་བྱས།འདེབས་འཛུགས་བྱས་པའི་ཤིང་སྡོང་གི་གསོན་ཚད་བརྒྱ་ཆའི་80ལ་ཐོན།དེས་མཐོ་སྒང་ས་ཆ་ནས་སྡོང་འཛུགས་བྱེད་པའི་བྱ་བའི་ཐད་དུ་ཉམས་མྱོང་བཟང་པོ་བླངས་པ་དང་།མུ་མཐུད་དུ་སྐྱེ་ཁམས་ཁ་གསབ་མ་དངུལ་གྱི་དོ་དམ་བྱ་བར་ཤུགས་བསྣན་ནས།རྩྭ་སའི་ཁ་གསབ་མ་དངུལ་སྒོར་ཁྲི7705.4མར་གཏོང་བྱས།ཞིང་ཕྱུགས་ས་ཁུལ་གྱི་མི་རེར་སྒོར་སྟོང་2331.7ཙམ་གྱི་ཁེ་བཟང་ཐོབ།རྫོང་ཡོངས་ནས་གནད་འཁེལ་དབུལ་ཐར་གྱི་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་ཁྱིམ་ཚང་ནས་རྩྭ་ཐང་བདག་གཉེར་བ་མི182དང་ནགས་ཚལ་སྲུང་གཉེར་བ་མི་376ཙམ་བཀོད་སྒྲིག་བྱས།སྡོམ་རྩིས་བྱས་པ་ལྟར་ན་བདག་གཉེར་དོ་དམ་མཁན་གྱི་མི་སྣ་ཡོངས་ལ་སྒོར་ཁྲི་2406.24ཙམ་གྱི་རོགས་སྐྱོར་མ་དངུལ་གཏོང་སྤྲོད་བྱས་ཟིན།མི་རེར་སྒོར་ཁྲི21600ཙམ་གྱི་ཁེ་བཟང་ཐོབ།ཆུ་བ་བཞུར་རྒྱུད་ཀྱི་བཅོས་སྐྱོང་ལས་གཞི་རྒྱུན་འཁྱོངས་བྱས་པ།སྤྱིའི་མ་དངུལ་སྒོར་ཁྲི་2500བཏང་ནས་རྨ་ཆེན་རྫོང་དགུ་ཆུའི་རྟ་བོ་གྲོང་རྡལ་ས་ཚིགས་ཀྱི་དུས་རིམ་གསུམ་པ་དང་ཡང་མ་དངུལ་སྒོར་ཁྲི་1000བཏང་ནས་རྭ་རྒྱ་གྲོང་བརྡལ་གྱི་རྨ་ཆུའི་ལྷོ་བྱང་ཆུ་ངོགས་སུ་ཆུ་ལོག་སྔོན་འགོག་བྱེད་པའི་ལས་གཞི་ཡོངས་སུ་ལེགས་འགྲུབ་བྱུང་།སྤྱིའི་མ་དངུལ་སྒོར་ཁྲི་8900བཏང་བའི་རྭ་རྒྱ་གྲོང་རྡལ་གྱི་རྨ་ཆུའི་བཞུར་རྒྱུན་གྱི་ཆུ་ལོག་སྔོན་འགོག་གི་ལས་གཞི་བརྒྱ་ཆའི་80ཙམ་ལེགས་འགྲུབ་བྱུང་ཟིན།

        གོ་རིམ་ཡོད་པའི་སྒོ་ནས་མཁར་གྲོང་ཁོར་ཡུག་བཅོས་སྐྱོང་གི་བྱ་བ་ནན་གྱིས་སྒྲུབ་པ།མ་དངུལ་སྒོར་ཁྲི488བཏང་ནས་རྨ་ཆེན་རྫོང་གི་སྡོད་དམངས་རྣམས་ཀྱི་འཐུང་ཆུའི་གནད་དོན་མཐོར་འདེགས་གཏོང་བའི་རྣམ་གྲངས་ལག་བསྟར་བྱས་པ་དང་།ཡང་དག་པའི་སྒོ་ནས་ཆུའི་ཐོན་ཁུངས་ཇེ་ལེགས་སུ་གཏོང་བའི་ནུས་བ་མཐོར་འདེགས་བྱས།རྫོང་ཡོངས་ཀྱི་ཆུའི་བཟང་ངན་གྱི་སྤུས་ཚད་ཚད་གཞི་བརྒྱ་ཆའི་80ཡན་ཆད་ཡིན་པ་དང་།མཁར་གྲོང་གི་འཚོ་བའི་བཙོག་ཆུ་ལེགས་བཅོས་ཚད་གཞི་ལེགས་འགྲུབ་བྱུང་ཚད་བརྒྱ་ཆའི་100་ཡིན།ཚབས་ཆེ་བའི་མཁའ་དབུགས་བཙོག་བསྒྱུར་བྱ་བ་ཅི་ཡང་མ་བྱུང་།

        གཉིས།རྣམ་གྲངས་ལ་བསྟེན་ནས་རྫོང་སྐྱོང་བའི་བྱེད་ཐབས་ལག་བསྟར་བྱས་ནས།མཁར་གྲོང་གི་རྨང་གཞིའི་སྒྲོག་བཀོད་མུ་མཐུད་དུ་ཇེ་ལེགས་སུ་བཏང་།ཁྱབ་ཁོངས་གཙོ་བོ་དག་གི་མི་འདང་ས་གཙོ་བོར་བཟུང་ནས།དམིགས་ས་ཡོད་པའི་སྒོ་ནས་རྣམ་གྲངས་མ་དངུལ་བརྩོན་ལེན་བྱས་ཏེ།རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་འབྲེལ་བའི་རྣམ་གྲངས་ལག་བསྟར་བྱས་པ་དང་།རྫོང་ཡོངས་ནས་གསར་དུ་འཛུགས་སྐྲུན་དང་མུ་མཐུད་དུ་འཛུགས་སྐྲུན་བྱས་པའི་རྣམ་གྲངས་བསྡོམས་པས156ཡོད་པ་དང་།གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར24.46ཙམ་བཏང་།འགྲིམ་འགྲུལ་འཛུགས་སྐྲུན་གྱི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས།རྨ་ཆེན་གྱི་གནམ་གྲུ་འབབ་ཐང་དུས་བཅད་ལྟར་ལེགས་འགྲུབ་བྱུང་བ་དང་།མཛོ་རྒན་རྭ་བ་ནས་གཅིག་སྒྲུལ་ལ་བགྲོད་པའི་མྱུར་བསྐྱོད་གཞུང་ལམ་ལེགས་འགྲུབ་བྱུང་བ་དང་།མ་དངུལ་སྒོར་ཁྲི6369.47བཏང་ནས་དབུལ་ཕོངས་སྡེ་བ་12ལྷག་ལ་གཞུང་ལམ་འཛུགས་སྐྲུན་བྱས་པ་དང་།སྤྱིའི་ལམ་ཐག་སྤྱི་ལེ་287ཡོད།མ་ཟད་ཨ་མྱེས་རྨ་ཆེན་གངས་བསྐོར་ནུབ་ལམ་དང་རྟ་བོ་ནས་གྱང་རིང་ལ་བགྲོད་པའི་གཞུང་ལམ་བཟོ་སྐྲུན་གྱི་རྒྱུན་བསྐྱངས།དེ་དང་ཆབས་ཅིག་མ་དངུལ་སྒོར་ཁྲི357བཏང་ནས་ཆུས་ཁུར་ཟིན་པའི་གཞུང་ལམ་18ལྷག་བསྐྱར་གསོ་བྱས་ནས་མང་ཚོགས་ཀྱི་འགྲོ་འོང་ལ་སྟབས་བདེ་བཟོས།གློག་ཤུགས་འཛུགས་སྐྲུན་གྱི་བྱ་བ་ལེགས་པོར་སྒྲུབསྤྱིའི་མ་དངུལ་སྒོར་དུང་ཕྱུར་227.05བཏང་བའི་མར་སྟེང་ཆུ་གློག་ས་ཚིགས་འཛུགས་སྐྲུན་གྱི་བྱ་བ་ལེགས་པར་སྒྲུབ་པ་དང་།ལོ་གཅིག་གི་ནང་མ་དངུལ་སྒོར་དུང་ཕྱུར་14ལེགས་འགྲུབ་བྱུང་།སྤྱིའི་མ་དངུལ་སྒོར་དུང་ཕྱུར་1.23བཏང་ནས་གློག་དྲའི་བཅོས་བསྒྱུར་རྒྱུན་སྲིང་ལས་གཞི་ལ་མུ་མཐུད་དུ་སྐུལ་འདེད་བྱས་ནས།གློག་དྲའི་ཁྱབ་ཚད་སྔར་ལས་ཇེ་ཆེར་བཏང་།མཁར་གྲོང་འཛུགས་སྐྲུན་གྱི་ཐད་དུ་མུ་མཐུད་དུ་ཤུགས་སྣོན་བྱས།སྤྱིའི་མ་དངུལ་སྒོར་ཁྲི3000བཏང་ནས་རྨ་ཆེན་རྫོང་མཐོ་སྒང་གི་དེང་རབས་ཚན་རྩལ་སྐྱེ་ཁམས་གླིང་ངམ་མཐོ་སྒང་གི་གཞིས་ཁྱིམ་འཛུགས་སྐྲུན་གྱི་རྣམ་གྲངས་ལག་བསྟར་བྱས་པ་དང་།བསྡོམས་རྩིས་བྱས་པ་ལྟར་ན་སྤྱིའིི་མ་དངུལ་སྒོར་ཁྲི་9002.87བཏང་ནས་རྟ་བོ་གྲོང་རྡལ་གྱི་པད་མ་ནས་གཅིག་སྒྲིལ་ལམ་དང་།དགའ་བདེ་ནས་དར་ལག་གི་ལམ་གཞན་ཡང་རྭ་རྒྱ་གྲོང་རྡལ་གྱི་སྲང་ལམ་ལེགས་བཅོས་འཛུགས་སྐྲུན་སོགས་མཁར་གྲོང་གི་གཞུང་ལམ་7ཙམ་གྱི་རྣམ་གྲངས་ལག་བསྟར་བྱས།སྡོམ་རྩིས་བྱས་པ་ལྟར་ན་མ་དངུལ་སྒོར་ཁྲི4756བཏང་ནས་རྨ་ཆེན་རྫོང་གི་འཚོ་བའི་གད་སྙིགས་འདོར་ས་དང་ཁོར་ཡུག་འཕྲོད་བསྟེན་གྱི་སྒྲིག་བཀོད་རྣམ་གྲངས་དང་རྭ་རྒྱ་གྲོང་རྡལ་གྱི་བྱང་ཁུལ་གྱི་གཅིག་གྱུར་གྱི་དྲོད་འདོན་རྣམ་གྲངས་ལག་བསྟར་བྱས།མ་དངུལ་སྒོར་ཁྲི་1696བཏང་ནས་རྟ་བོ་ཡུལ་ཚོའི་ཧྭ་ལུང་སྡེ་བ་དང་དྭངས་ལག་ཁྲ་འཁྱོགས་འགབ་མ་སྡེ་བ་གཉིས་ནས་2016ལོའི་མཐོ་སྒང་གི་མཛེས་སྡུག་ཞིང་གྲོང་འཛུགས་སྐྲུན་བྱེད་པའི་འགན་ཁུར་ཡོངས་སུ་ལེགས་འགྲུབ་བྱུང་བ་མ་ཟད།མཁར་གྲོང་གི་རྣམ་པ་ལེགས་བཅོས་བྱེད་པའི་ཐད་ནས་འགྲུབ་འབྲས་མངོན་གསལ་བླངས།རྨང་གཞི་འདིའི་སྟེང་དུ་ཐོན་ཁུངས་ཀྱི་ལེགས་ཆ་བེད་སྤྱད་ནས།ཚན་རིག་གི་བྱེད་ཐབས་བཏོན་ནས་མ་འོངས་བའི་འཕེལ་ཁ་གཏན་ཁེལ་བྱས་ཏེ།རིམ་པ་གསུམ་པའི་རྒྱལ་ཁབ་ཀྱི་རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་ཕྱོགས་བསྡུས་ཚོད་ལྟའི་གནས་གཞིར་སྙན་སེང་ཕུལ་ནས་ལེགས་འགྲུབ་བྱུང་བ་དང་། གྲོང་ཁྱེར་ཅན་དུ་བསྒྱུར་བའི་བྱ་བའི་ཐད་དུ་རྨང་གཞི་ངེས་ཅན་ཞིག་བཞག་པ་ཡིན།སུ་འཇོན་དེས་འགུག་གི་ཕྱོགས་ནས་གྲུབ་འབྲས་མངོན་གསལ་བླངས།སུ་འཇོན་དེ་འགུག་གི་བྱ་བའི་གོ་རིམ་ཁྲོད།ཞིང་ཆེན་ནང་ཁུལ་མ་ཡིན་པའི་ཁེ་ལས་ལ་རྣམ་གྲངས3ཙམ་མོས་མཐུན་བྱུང་བ་དང་།མ་དངུལ་སྒོར་གྲངས་དུང་ཕྱུར་21.2ཙམ་ལ་སླེབས།

        གསུམ།ཤུགས་ཆེན་པོའི་སྒོ་ནས་ཁྱད་ཆོས་ལྡན་པའི་ཐོན་ལས་གསོ་སྐྱོང་བྱས་ཏེ།རྫོང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་ཇེ་མཐོར་ཕྱིན།མུ་མཐུད་དུ་ཁྱད་ལྡན་ཐོན་ལས་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་ལམ་ཉག་གཅིག་ཏུ་བཟུང་ནས།ཐོན་ཁུངས་ཀྱི་ཁྱད་ཆོས་ལ་བརྟེན་ནས།ཁྱད་ལྡན་ཐོན་ལས་ཀྱི་ལག་བསྟར་དང་ཇུས་འགོད་ཐད་དུ་ནུས་བ་མི་དམན་པ་བཏོན།སྐྱེས་ཁམས་ཕྱུགས་ལས་ཐོན་ལས་བདེ་འཇགས་ངང་འཕེལ་རྒྱས་བྱུང་བ།རྫོང་ཡོངས་ཀྱི་ད་ཡོད་ཕྱུགས་གྲངས་ཁྲི36.1ཡིན་པ་དང་།དེ་ལས་རྒྱུད་སྤེལ་ཕྱུགས་ཟོག་གི་ཁ་གྲངས་ནི་ཁྲི12.61དང་།གསོན་གྲངས་བརྒྱ་ཆའི་77.11ཡིན།གསོན་ཟོག་གི་ཚད་གཞི་བརྒྱ་ཆའི་53.62ལ་སླེབས།རིགས་སོ་སོའི་རིམས་ནད་སྔོན་འགོག་གི་ཚད་གཞི་བརྒྱ་ཆའི་90ཡན་ཆད་ལ་སླེབས།ཕྱུགས་ལས་ཀྱི་མཉམ་འབྲེལ་དཔལ་འབྱོར་ཐད་ནས་ཕན་ནུས་མངོན་གསལ་བླངས།མཉམ་འབྲེལ་ཚོང་སྡེའི་རོགས་སྐྱོར་མ་དངུལ་སྒོར་ཁྲི5341ལ་སླེབས།ཕྱུགས་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས།དཔལ་འབྱོར་འཕེལ་རྒྱས་ཀྱི་ཕན་ནུས་གལ་ཆེན་ཐོན།སྤྱི་ལོ2016ལོར།རྫོང་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་དང་ཆེད་གཉེར་མཉམ་འབྲེལ་ཚོང་སྡེས་སྒོར་ཁྲི704.16ཙམ་བགོ་བྱ་བྱས།ཤུགས་ཆེན་པོའི་སྒོ་ནས་རིག་གནས་ཡུལ་བསྐོར་ཐོན་ལས་འཕེལ་རྒྱས་སུ་བཏང་།ཨ་མྱེས་རྨ་ཆེན་རྒྱལ་ཁབ་རིམ་པའི་ས་གཤིས་སྤྱི་གླིང་གི་དབུ་འབྱེད་མཛད་སྒོ་སྤེལ་བ་དང་།མཚོ་སྔོན་ཨ་མྱེས་རྨ་ཆེན་ཡུལ་བསྐོར་གྱི་དཔོན་ཕྱོགས་སྐད་འཕྲིན་འཕྲིན་སྟེགས་ཤར་གཏོང་བྱས་པ་དང་།དེ་ལས་རྨ་ཆེན་གྱི་དམངས་སྲོལ་རིག་གནས་དང་ཡུལ་བསྐོར་ཐོན་ཁུངས།ཁྱད་ལྡན་བཟའ་བཏུང་གི་རིག་གནས་སོགས་དང་འབྲེལ་བའི་ཆ་འཕྲིན་1000ལྷག་སྤེལ་བ་དང་།ཆ་འཕྲིན་གྱི་ཀློག་གྲངས་ཁྲི12.6སླེབས།ཀློག་པ་པོ་མི་གྲངས་ཁྲི5.5ཙམ་ལ་སླེབས།འཆར་འགོད་ལེགས་ཤིང་ཚད་གཞི་མཐོ་བའི་ཨ་མྱེས་རྨ་ཆེན་ལྗོངས་ཁུལ་གྱི་ཡུལ་བསྐོར་འཆར་འགོད་དང་ཐབས་ཇུས་སྐོར་གྱི་དཔེ་དེབ་རྩོམ་སྒྲིག་བྱས།དེ་དང་ཆབས་ཅིག་མ་དངུལ་སྒོར་ཁྲི་1015བཏང་ནས་ལྗོངས་ཁུལ་དང་གནས་བསྐོར་གཙོ་བོ་དག་གི་ཆུ་གློག་ལམ་གསུམ་དང་ཡུལ་བསྐོར་མི་སྣར་ཞབས་འདེགས་ཞུ་ས།ཡུལ་ལྗོངས་ལ་བལྟ་སའི་ལྡིང་ཁང་།ཁོར་ཡུག་འཕྲོད་བསྟེན་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཀྱི་ལས་གཞི་ལག་བསྟར་བྱས།སྤྱི་ལོ2016ལོར་རྫོང་ཡོངས་ཀྱི་ཡུལ་བསྐོར་མི་སྣ་ཁྲི11.7ཙམ་སྣེ་ལེན་བྱས་པ་དང་།ཡུལ་བསྐོར་ཕྱོགས་ཀྱི་ཡོང་སྒོ་སྒོར་ཁྲི་7981.9ཙམ་མངོན་འགྱུར་བྱས།མུ་མཐུད་དུ་རྡོ་བརྐོས་མ་ཎི་དང་སྐུ་བརྙན།མི་རིགས་གྱོན་གོས།ལག་རྩལ་སྒྱུ་རྩལ་སོགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ཕྱོགས་ཀྱི་ཚོང་ལས་གཉེར་བའི་ཁྱིམ་ཚང་ལ་རོགས་འདེགས་བྱས་ནས་རིག་གནས་ཐོན་ལ་ཕྱིར་འཚོང་གི་ཡོང་སྒོ་སྒོར་ཁྲི489.22ཙམ་ལ་སླེབས།གློག་རྡུལ་ཚོང་དོན་གྱི་བྱ་བ་ཕྱོགས་ཡོངས་ནས་མགོ་ཚུགས།སྤྱི་ལོ2016ལོར་རང་རྫོང་རྒྱལ་ཁབ་རིམ་པའི་གློག་རྡུལ་ཚོང་དོན་ཞིང་ཕྱུགས་ས་ཁུལ་དུ་སྤྱོད་པའི་ཚོད་ལྟའི་རྫོང་དུ་བདམས་ཐོན་བྱུང་བ་མ་ཟད།འདིའི་ཐད་ཀྱི་མ་དངུལ་སྒོར་ཁྲི1500ལག་བསྟར་གཏན་འབེབས་བྱས་པ་དང་།གློག་རྡུལ་ཚོང་དོན་གྱི་རྨང་གཞིའི་གནས་ཚུལ་ལ་བརྟག་ཞིབ་དང་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག རིམ་པ་གསུམ་པའི་ཞབས་འདེགས་ས་ཚིགས་གཏན་ཁེལ་བྱེད་པ།རྣམ་གྲངས་ལག་བསྟར་གྱི་ཐབས་ཇུས་ལེགས་སྒྲིག་དང་རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱི་འབྲེལ་ཡོད་མི་སྣར་རྟོག་ཞིབ་གསོ་སྐྱོང་ཕྱོགས་ཀྱི་རྩ་འཛུགས་གནས་ཚུལ་ལ་རྒྱུས་ལོན་བྱེད་པའི་མགོ་བརྩམས།

        བཞི།གཅིག་གྱུར་སྐུལ་འདེད་ཕྱོགས་ལ་རྒྱུན་འཁྱོངས་བྱས་ཏེ།སྤྱི་ཚོགས་ལས་རིགས་མུ་མཐུད་དུ་འཕེལ་རྒྱས་ཕྱིན་པ།སློབ་གསོའི་དོ་མཉམ་འཕེལ་རྒྱས་ཀྱི་ཐད་དུ་སྐུལ་འདེད་བྱས་པ།རྫོང་ཡོངས་ཀྱི་འོས་འགན་སློབ་གསོའི་སྲ་བརྟན་ཚད་གཞི་དང་ཕལ་ཆེར་གཉིས་ཀྱི་རྣམ་གྲངས་སོ་སོའི་དམིགས་ཚད་གཙོ་གྲས་དག་སྲ་བརྟན་དང་ཇེ་མཐོར་ཕྱིན་པ་དང་།ལོ་དགུའི་འོས་འགན་སློབ་གསོའི་སྲ་བརྟན་ཚད་གཞི་བརྒྱ་ཆའི་94.38ལ་ཐོན་པ་དང་།སློབ་ལོ་རན་པའི་བྱིས་པའི་སློབ་ཞུགས་ཚད་གཞི་བརྒྱ་ཆའི་100ལ་སླེབས།སློབ་འབྲིང་རིམ་པའི་སློབ་ཞུགས་ཚད་གཞི་བརྒྱ་ཆའི་99.96ལ་སླེབས།དབང་བོ་སྐྱོན་ཅན་གྱི་བྱིས་པ་དང་ན་ཆུང་བྱིས་པའི་སློབ་ཞུགས་ཚད་གཞི་བརྒྱ་ཆའི་80.65ལ་སླེབས།2016ལོར་རྫོང་ཡོངས་ནས་སློབ་འབྲིང་སློབ་མ་495མཐར་ཕྱིན་པ་དང་།དེ་ལས་མཐོ་འབྲིང་དང་ལག་རྩལ་ལས་རིགས་སློབ་གྲྭའི་ནང་དུ་སློབ་མ་477འགྲོ་ཐུབ་པ་བྱུང་།སློབ་འཕར་ཚད་གཞི་བརྒྱ་ཆའི་96.36ལ་སླེབས།མུ་མཐུད་དུ་སློབ་གསོ་རོགས་སྐྱོར་ཐད་ཀྱི་མ་དངུལ་འདོན་ཚད་ཇེ་མཐོར་བཏང་ནས།ལོ་བཅོ་ལྔའི་བར་དུ་སློབ་གསོའི་ཐད་ཀྱི་འགྲོ་སོང་དང་སློབ་མའི་སྤྱི་སྤྱོད་འགྲོ་སོང་།བཅུད་ལྡན་ཟས་རིགས་ཐད་ཀྱི་འགྲོ་སོང་ཐད་དུ་མ་དངུལ་སྒོར་ཁྲི2727.47བཏང་བ་དང་།མུ་མཐུད་དུ་རྣམ་གྲངས་ལ་བསྟེན་ནས་སློབ་གྲྭའི་ཆ་རྐྱེན་ཇེ་ལེགས་སུ་བཏང་བ་དང་།མ་དངུལ་སྒོར་ཁྲི་12618ཙམ་བཏང་ནས་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་ཐད་དུ་རྣམ་གྲངས་27ལག་བསྟར་བྱས་པ་དང་།སློབ་གསོའི་སློབ་ཁྲིད་ཐད་ཀྱི་ཆ་རྐྱེན་ཇེ་ལེགས་དུ་བཏང་ནས་རྫོང་ཡོངས་ཀྱི་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་ཡོང་བའི་ཐད་དུ་རྨང་གཞི་བརྟན་པོ་བཞག།

        སྨན་བཅོས་འཕྲོད་བསྟེན་གྱི་ཚད་གཞི་མངོན་གསལ་གྱི་འཕེལ་རྒྱས་ཕྱིན་པ།མཁར་གྲོང་སྡོད་དམངས་རྣམས་ཀྱི་རྨང་གཞིའི་སྨན་བཅོས་འགན་སྲུང་ལམ་ལུགས་དང་།རྨང་གཞིའི་སྨན་རྫས་གོང་སླ་མོ་བྱས་ཏེ་བཙོངས་བ།སྤྱི་བའི་འཕྲོད་བསྟེན་གྱི་ཞབས་འདེགས་ནུས་བའི་འཛུགས་སྐྲུན།གཞུང་གཉེར་སྨན་ཁང་དང་གཞི་རིམ་སྨན་བཅོས་མ་ལག་བཅོས་བསྒྱུར་སོགས་བྱ་བ་གཙོ་གྲས་ལྔ་ལྷག་གི་བཅོས་བསྒྱུར་བདེ་ལེགས་ངང་སྤེལ་བ་དང་།འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས།འཕྲོད་བསྟེན་ལྟ་སྐུལ་སོགས་ཀྱི་བྱ་བ་ནན་གྱིས་སྤེལ་བ་ཡིན།རྫོང་ཡོངས་ཀྱིས་དྲ་ལམ་ཁག་ནས་མངགས་ཉོ་བྱས་པའི་སྨན་སྣ་702ཡོད་པ་དང་།རྨང་གཞིའི་སྨན་རྫས་བཀོལ་ཐུབ་པའི་ཁྱབ་ཚད་བརྒྱ་ཆའི་100ལ་སླེབས།རིན་གོང་དམའ་མོ་བྱས་ཏེ་བཙོང་བའི་ཚད་གཞི་བརྒྱ་ཆའི་100ལ་ཐོན་པ་དང་།གྲོང་རྡལ་དང་ཡུལ་ཚོ་སོ་སོའི་འཕྲོད་བསྟེན་ཁང་གི་ནོར་སྲིད་གྲོན་དངུལ་སྒོར་ཁྲི་990.4ལྷག་ཕྱོགས་ཡོངས་ནས་ལག་བསྟར་བྱས།གྲོན་དངུལ་སྔོན་འདོན་སྒོར་ཁྲི67བྱས་པ་དང་།མི་གྲངས་174ལ་ཁེ་བཟང་ཐོབ།ཧྲང་ཧེ་ཁ་གཏད་རོགས་སྐྱོར་གྱིས་གྲོང་རྡལ་དང་ཡུལ་ཚོ་སོ་སོར་ཚད་ལྡན་གྱི་འཕྲོད་བསྟེན་ཁང་འཛུགས་སྐྲུན་དང་རྟ་བོ་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་ལས་སྒྲུབ་ཁང་བ་འཛུགས་སྐྲུན་ཐད་ཀྱི་རྣམ་གྲངས་བདེ་ལེགས་ངང་ལག་བསྟར་བྱས།རིག་གནས་ལུས་རྩལ་དང་རླུང་བརྙན་འཕྲིན་གྱི་ལས་རིགས་ལ་འཕེལ་རྒྱས་ཆེན་པོ་བྱུང་།བསྟུད་མར་མཚོ་སྔོན་རྨ་ཆེན་གྱི་སྐབས་གཉིས་པའི་གངས་རིའི་རིག་གནས་ཡུལ་བསྐོར་དུས་ཆེན་དང་ཨ་མྱེས་རྨ་ཆེན་གངས་བསྐོར་སོགས་ཀྱི་བྱ་འགུལ་སྤེལ་ནས།རང་རྫོང་གི་མཚན་སྙན་གྲགས་དང་ཤུགས་རྐྱེན་སོགས་གོང་འཕེལ་དུ་བཏང་།སྡེ་བ་སོ་སོ་དང་ཁྱིམ་ཚང་རེ་རེ་ལ་བརྙན་འཕྲིན་ཕབ་ལེན་གྱི་མཁོ་ཆས་གནང་སྦྱིན་བྱས་ཏེ།རླུང་འཕྲིན་དང་བརྙན་འཕྲིན་གྱི་ཁྱབ་ཚད་བརྒྱ་ཆའི་98.64ལ་སླེབས།མ་དངུལ་སྒོར་ཁྲི་5436བཏང་ནས་རྭ་རྒྱ་དགོན་པའི་རིག་དངོས་སྲུང་སྐྱོབ་ཀྱི་རྣམ་གྲངས་ཀྱི་དུས་རིམ་གཉིས་པའི་ལས་གཞི་དང་མ་དངུལ་སྒོར་ཁྲི་579བཏང་ནས་རྫོང་གི་གློག་བརྙན་ཁང་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱས།

        ལྔ།ནུས་ཤུགས་ཡོད་དགུ་བཏོན་ནས་དམངས་ཚིས་ལས་རིགས་ཀྱི་འཛུགས་སྐྲུན་ཕྱོགས་ལ་སྐུལ་འདེད་བྱས་པ།ཕྱོགས་ཡོངས་ནས་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུ།ཞིང་ཆེན་དང་ཁུལ་སྲིད་གཞུང་སོགས་ཀྱིས་བཏོན་པའི་དབུལ་སྐྱོར་མཁྲེགས་གཏོར་གྱི་སྤྱིའི་བཀོད་སྒྲིག་དང་རེ་འདུན་ལྟར།རང་རྫོང་གི་དངོས་ཡོད་དང་མཐུན་པའི་དབུལ་སྐྱོར་བྱ་བ་གཏན་ཁེལ་དང་དབུལ་སྐྱོར་བྱ་ཡུལ་གྱི་ཡིག་ཚགས་དང་ཁ་གྲངས་གསར་དུ་གཏན་ཁེལ་བྱས།ལས་རིགས་བཅུ་གཉིས་ལྷག་གི་དབུལ་སྐྱོར་ཆེད་དོན་གྱི་ཐབས་ཇུས་རྣམས་ལེགས་སྒྲིག་བྱས་ཏེ།དབུལ་སྐྱོར་བྱ་བ་གནད་དུ་ཁེལ་བའི་རྨང་གཞི་སྟེང་རྫོང་ཡོངས་ནས་དབུལ་སྐྱོར་བྱེད་ཡུལ་གྱི་གཞི་གྲངས་ལས་སྟེགས་བཟོས།ལོ་གཅིག་གི་ནང་།ལས་རིགས་སོ་སོའི་མ་དངུལ་སྒོར་ཁྲི8668.9མཉམ་བསྡུས་བྱས་པ་དང་།ལས་རིགས་ཀྱིས་དབུལ་སྐྱོར་ནུས་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་ཕྱིན།མ་དངུལ་སྒོར་ཁྲི་7600བཏང་ནས་ཁྱིམ་ཚང་380ལྷག་གི་གནས་སྤོར་བྱ་བ་མངོན་འགྱུར་དང་།མ་དངུལ་སྒོར་ཁྲི1228.5བཏང་ནས་སི་རིག་ཆེན་དང་ཐེ་བྱས་སྡེ་བ་གཉིས་ཀྱི་ཆུ་གློག་ལམ་གསུམ་དང་།སྡེ་བ་རིམ་པའི་འཕྲོད་བསྟེན་ཁང་དང་རིག་གནས་ཞབས་ཞུའི་ལྟེ་གནས་སོགས་ཀྱི་སྒྲིག་བཀོད་ལག་བསྟར་བྱས།དངོས་ཡོད་ལ་བསྟུན་ཏེ་སྒོར་ཁྲི1088ཙམ་གྱི་ཐོན་ལས་མ་དངུལ་བཏང་སྟེ།གསོ་སྤེལ་ལས་རིགས་དང་ཕྱུགས་ལས་ཐོན་རྫས་ཀྱི་ལས་སྣོན།ཚོང་གཉེར་སོགས་ཀྱིས་མཚོན་པའི་ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས་19ལག་བསྟར་བྱས་ནས།དབུལ་ཕོངས་སྡེ་བ14དང་དབུལ་ཕོངས་སྡེ་བ་མ་ཡིན་པའི་ཁྱིམ་ཚང་574གཞན་ཡང་མི་གྲངས་1700ལྷག་གི་དབུལ་ཕོངས་མི་སྣར་ཁེ་ལས་གསར་གཏོད་ཀྱི་ལམ་ཁར་ཁྲིད་དེ་ཡོང་སྒོ་ཇེ་མང་དུ་བཏང་བ་མ་ཟད།སྒོར་ཁྲི་23.85ཙམ་བགོ་བྱ་བྱས་པ་དང་།དངུལ་རྩའི་རོགས་སྐྱོར་གྱི་མ་དངུལ་སྒོར་ཁྲི500ལག་བསྟར་བྱས། སྣེ་ཁྲིད་ཁེ་ལས་དག་ལ་དངུལ་ཁང་ནས་སྒོར་ཁྲི་2100ལྷག་གི་དངུལ་བུན་བཏང་།རྫོང་ཡོངས་ཀྱི་དབུལ་ཕོངས་སྡེ་བ་4ལྷག་གི་དབུལ་ཕོངས་ཁྱིམ་ཚང་ཡོད་ཚད་ལ་ཁེ་ཕན་ཐོབ་པ་དང་།རྫོང་རིམ་པའི་ནོར་སྲིད་གྱིས་དངུལ་རྩའི་དབུལ་སྐྱོར་གཏའ་མར་སྒོར་ཁྲི100དང་སྒོར་ཁྲི་500ལྷག་གི་དངུལ་བུན་བཏང་།དབུལ་སྐྱོར་ཁྱིམ་ཚང་གི་ཁེ་ལས་གསར་གཏོད་ཕྱོགས་ལ་རོགས་འདེགས་བྱས་ཏེ།མ་དངུལ་སྒོར་ཁྲི་700བཏང་ནས་དབུལ་ཕོངས་ཁྱིམ་ཚང་14ལ་ཁེ་ཕན་སྤྲད།རྫོང་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་ལ་ཁ་གཏད་རོགས་སྒྲུབ་ཀྱི་བྱེད་ཐབས་སྤྱད་ནས།རོགས་སྒྲུབ་མ་དངུལ་སྒོར་ཁྲི103ཙམ་བུད་པ་དང་།དབུལ་ཕོངས་ཁྱིམ་ཚང་1174ལ་མ་མཐའི་འཚོ་བའི་ཁ་གསབ་མ་དངུལ་སྒོར་ཁྲི293.5ཙམ་སྤྲད།ལོ་ཧྲིལ་བོའི་ནང་དབུལ་ཕོངས་ཁྱིམ་ཚང་1700དངོས་སུ་དབུལ་ཐར་བྱས།ཁེ་ལས་གསར་གཏོད་དང་ལས་ཞུགས་ཐད་དུ་ནུས་ཤུགས་ཡོད་དགུ་བཏོན། དྷི་གནས་ཐོན་ཁུངས་ཚད་ཡོད་ཀུང་ཟི་སོགས་ཀྱིས་མཚོན་པའི་ལས་ཁུངས་46ལྷག་རྩ་འཛུགས་བྱས་ཏེ་ལས་སྟེགས་224ཙམ་བཀོད་སྒྲིག་བྱས་པ་དང་།མི་སྣ་83ལས་ཞུགས་བྱས་པ་མ་ཟད།ཞིང་ཕྱུགས་མང་ཚོགས་2437ཙམ་ལ་ལས་ཀ་ཡོད་པར་གྱུར་བ་དང་།ཡོང་སྒོ་སྒོར་ཁྲི930ཙམ་ལ་སླེབས།དབུལ་ཕོངས་མི་སྣ182་ལྷག་གི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་བྱས་ཏེ་ལས་ཞུགས་བྱས་པ་དང་།རྫོང་ཡོངས་ཀྱི་མཁར་གྲོང་ཐོ་འགོད་ཀྱི་ལས་ཤོར་ཚད་གཞི་བརྒྱ་ཆའི་3.5ནང་ཚན་དུ་ཚོད་འཛིན་བྱས།།མུ་མཐུད་དུ་སྤྱི་ཚོགས་འགན་སྲུང་གི་མ་ལག་འཐུས་ཚང་ཅན་དུ་བཏང་བ།མུ་མཐུད་དུ་སྤྱི་ཚོགས་འགན་སྲུང་གི་གཞི་རྒྱ་བསྐྱེད་པའི་བྱ་བ་ནན་གྱིས་སྒྲུབ་ནས།མཁར་གྲོང་གི་རྒན་གསོ་དང་སྨན་བཅོས།ལས་ཤོར།ལས་རྨས།བུ་བཙའ་སོགས་འགན་སྲུང་སྣ་ལྔའི་ནང་ཞུགས་ཚད་གཞི་སོ་སོར་བརྒྱ་ཆའི་99དང་བརྒྱ་ཆའི་103.2དང་།བརྒྱ་ཆའི101.6བརྒྱ་ཆའི104.6 བརྒྱ་ཆའི་102.3ཙམ་ལ་སླེབས།དབུལ་ཕོངས་མི་སྣའི་རྨང་གཞིའི་སྨན་བཅོས་འགན་སྲུང་དང་།ནད་ལྕི་མོ་བྱུང་དུས་ཀྱི་སྨན་བཅོས་འགན་སྲུང་གི་ཁྱབ་ཚད་བརྒྱ་ཆའི་100ལ་སླེབས།སྡོམ་རྩིས་བྱས་པ་ལྟར་ན་མཁར་གྲོང་གི་ཆེས་དམའ་བའི་ཁ་གསབ་མ་དངུལ་དང་སྨན་བཅོས་འགན་སྲུང་།འགན་སྲུང་སྣ་ལྔའི་ཐད་ཀྱི་སྲི་ཞུ།གནས་སྐབས་ཀྱི་རོགས་སྐྱོར་སོགས་ཀྱི་ཐད་དུ་མ་དངུལ་སྒོར་ཁྲི2846.1ཙམ་བཏང་།དབུལ་ཕོངས་མི་སྣའི་སྨན་བཅོས་རོགས་སྐྱོར་དང་མ་མཐའི་འཚོ་བའི་རོགས་དངུལ་གྱི་ཁྱབ་ཚད་བརྒྱ་ཆའི་100ལ་སླེབས།མ་དངུལ་སྒོར་ཁྲི་950བཏང་ནས་ཞིང་ཕྱུགས་མང་ཚོགས་ཀྱི་ལུས་ཕུང་བརྟག་དཔྱད་བྱས་པ་དང་།མང་ཚོགས་18146ལྷག་གི་ནད་རྟགས་ངོས་འཛིན་བྱུང་།སྡོད་ཁང་འཛུགས་སྐྲུན་རྣམ་གྲངས་ཀྱིས་མཁར་གྲོང་ལ་ཁེ་ཕན་བསྐྲུན་པཕྱོགས་ཡོངས་ནས་མ་དངུལ་སྒོར་ཁྲི་5301.45བཏང་ནས་སྤྱི་སྤྱོད་གླ་གཏོང་གི་ཁང་བ་561ལྷག་འཛུགས་སྐྲུན་བྱས།འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་25301ཡོད།ཁྱིམ་ཚང་480ལྷག་གི་སྡོད་ཁང་ཉེན་ཁ་ཅན་བསྐྱར་གསོ་བྱེད་པའི་རྣམ་གྲངས་ལག་བསྟར་བྱས།ནུས་ཤུགས་ཡོད་དགུ་བཏོན་ནས་འཐུང་ཆུའི་བདེ་འཇགས་ཀྱི་ཕྱོགས་ལ་ཁག་ཐེག་བྱས་པ།མ་དངུལ་སྒོར་ཁྲི་488བཏང་ནས་རྭ་རྒྱ་གྲོང་རྡལ་དང་དྭངས་ལག་ཡུལ་ཚོ།རྟ་བོ་ཞོལ་མ་ཡུལ་ཚོ་སོགས་ཀྱི་དབུལ་ཕོངས་སྡེ་བ8ལྷག་ལ་ཞིང་ཕྱུགས་ས་ཁུལ་གྱི་འཐུང་ཆུའི་གནད་དོན་ཐག་གཅོད་ཐད་ཀྱི་ལས་གཞི་ལག་བསྟར་བྱས།ལས་གཞི་འདི་ཁྱིམ་ཚང་559དང་མི་གྲངས་1772ལ་ལྷག་གི་འཐུང་ཆུའི་གནད་དོན་འབྲེལ་ཡོད་ལ།མིག་སྔར་ལས་གཞིའི་ལེགས་འགྲུབ་ཀྱི་ཚད་གཞི་བརྒྱ་ཆའི་85ཡན་ཆད་དུ་སླེབས་ཡོད།ཚོང་རའི་ལྟ་སྐུལ་བྱ་བར་ཤུགས་སྣོན་བྱས་པ།ནན་ཏན་གྱི་སྒོ་ནས་ཚོང་རའི་རིན་གོང་གི་བྱ་བར་ལྟ་སྐུལ་བྱས་པ་དང་།རྫོང་ཡོངས་ཀྱི་རིན་གོང་གི་འཕར་ཚད་བརྒྱ་ཆའི་0.3ནང་ཚོད་འཛིན་བྱས།དཔང་རྟགས་ལྔ་གཅིག་གྱུར་བྱེད་པའི་ཕྱོགས་བསྡུས་ཞབས་འདེགས་ཀྱི་བྱ་བ་འཕེལ་རྒྱས་ཡོང་བའི་ཐད་དུ་ཤུགས་བསྣན་པ་དང་།རྫོང་ཡོངས་ཀྱི་ཁེ་ལས་ཀྱི་ལག་རྟགས་བརྗེ་བའི་ཚད་གཞི་བརྒྱ་ཆའི་90ཡན་ཆད་དུ་སླེབས།ཁེ་ལས་གྱི་ཡིག་རྟགས་དངོས་མའི་ཚད་གཞི་བརྒྱ་ཆའི་98ཡན་ཆད་དུ་སླེབས།རྫོང་ཡོངས་ནས་གསར་དུ་ཐོ་འགོད་བྱས་པའི་མི་སྒེར་ཚོང་ལས་གཉེར་བའི་ཁྱིམ་ཚང་314ཡོད་པ་དང་།ཐོ་ཁོངས་ནས་བསུབ་ཟིན་པའི་ཁྱིམ་ཚང་376ཡོད།ཚོང་རྟགས་26ལྷག་གསར་དུ་བྱུང་པ་ལས་ཚོང་རྟགས་4ལ་དངོས་སུ་ཐོ་འགོད་བྱེད་ཐུབ་པ་བྱུང་།

        དྲུགམུ་མཐུད་དུ་བཅོས་བསྒྱུར་གསར་གཏོད་གཏིང་ཟབ་དུ་སྤེལ་ནས།ཕྱོགས་ཡོངས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འབྱུང་བའི་ཁོར་ཡུག་ཇེ་ལེགས་སུ་བཏང་བ།ཕྱོགས་ཡོངས་ནས་ས་ཁུལ་གཙོ་བོ་དག་གི་བཅོས་བསྒྱུར་བྱ་བ་གཏིང་ཟབ་དུ་སྤེལ་བ།མུ་མཐུད་དུ་ལས་ཁུངས་བསྡུ་རུབ་དང་དབང་ཆ་གཤམ་སྤྲོད་ཀྱི་གཞི་རྒྱ་ཆེ་རུ་བསྐྱེད་ནས།སྲིད་འཛིན་ཆོག་མཆན་གྱི་འགྲོ་ལུགས་བཅོས་བསྒྱུར་བྱེད་པའི་བྱ་བ་གཏིང་ཟབ་དུ་སྤེལ་པ་དང་།སྲིད་འཛིན་གྱི་ཞིབ་བཤེར་ཆོག་མཆན་འགོད་པའི་འགྲོ་ལུགས་50ལྷག་མེད་པར་བྱས།སྲིད་འཛིན་གྱི་ཞིབ་བཤེར་ཆོག་མཆན་འགོད་པའི་བྱ་བ་113དང་ལེན་བྱས་པ་དང་།སྲིད་འཛིན་གྱི་ཞིབ་བཤེར་ཆོག་མཆན་འགོད་པའི་དོན་བྱ་40ལེགས་སྒྲིག་བྱས།སྲིད་འཛིན་གྱི་ཞིབ་བཤེར་ཆོག་མཆན་གྱི་དོན་བྱ་172ལྷག་སོར་བཞག་བྱས་ཏེ།རྩིས་ཁྲ་རྣམ་པ་གཉིས་ཀྱི་ཡོངས་ཁྱབ་སྤྱི་བསྒྲགས་དང་ལག་བསྟར་དོ་དམ་བྱ་བ་ལེགས་འགྲུབ་བྱུང་།མ་དངུལ་སྒོར་ཁྲི་550བཏང་ནས་སྲིད་འཛིན་ཞབས་ཞུའི་ལྟེ་གནས་དངོས་སུ་བཙུགས་པ་དང་།མིག་སྔའི་བར་དུ་སྲིད་འཛིན་ཞབས་ཞུའི་དོན་བྱ་2800ལྷག་དང་ལེན་བྱས་པ་དང་།དེ་ལས་དོན་བྱ་2750ཐག་གཅོད་བྱས་ཟིན་པ་དང་།ཐག་གཅོད་ཀྱི་ཚད་གཞི་བརྒྱ་ཆའི་98.2ལ་སླེབས།མང་ཚོགས་ཀྱི་བྱ་བ་སྒྲུབ་པའི་ཐད་དུ་སྟབས་བདེ་གང་ལེགས་བཟོས།ཚོང་དོན་ལམ་ལུགས་ཀྱི་བཅོས་བསྒྱུར་བྱ་བར་སྐུལ་འདེད་བྱས་ཏེ།གོམ་གང་མདུན་སྤོས་ཀྱི་སྒོ་ནས་ཁེ་ལས་བཟོ་ཚོང་གི་ཐོ་འགོད་མ་རྩ་དང་ཉོ་འཚོང་གི་ཁྱབ་རྒྱ།གནས་གཞི་སོགས་ཀྱི་ཚད་བཀག་ཇེ་ལྷོད་དུ་བཏང་ནས།དཔང་རྟགས་ལྔ་གཅིག་གྱུར་བྱེད་པ་སོགས་ཀྱི་ཐོ་འགོད་ལམ་ལུགས་བཙུགས་ཏེ།གཏན་འཇགས་ནོར་རྫས་ཀྱི་ཐོ་འགོད་ལམ་ལུགས་བཅོས་བསྒྱུར་བྱ་བར་སྒྲིག་གཞི་ཡོད་པའི་སྒོ་ནས་སྐུལ་འདེད་དང་།ནགས་ལས་དང་རྒྱལ་དབང་ས་ཁོངས།སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཁག་དག་གི་རྒྱུ་ནོར་གྱི་བདག་དབང་དང་ཁང་བའི་བདག་དབང་སོགས་ཀྱི་ཐོ་འགོད་དོ་དམ་བྱེད་ནུས་གཅིག་སྒྲིལ་བྱས་པ་དང་།ཁུལ་ཡོངས་ཀྱི་གཏན་འཇགས་ནོར་རྫས་ཐོ་འགོད་བྱེད་པའི་ལས་ཁུངས་དང་པོ་གསར་དུ་བཙུགས་པ་མ་ཟད།གཏན་འཇགས་ནོར་རྫས་ཀྱི་དཔང་རྟགས་ཐོག་མ་སྤྲོད་པའི་བྱ་བ་མངོན་འགྱུར་བྱས།སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་བཅོས་བསྒྱུར་བྱ་བ་མུ་མཐུད་དུ་སྤེལ་བ།མུ་མཐུད་དུ་རིམ་པ་བཀར་ནས་སྨན་བཅོས་དང་ནད་ཚབས་ཆེན་འགན་སྲུང་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ནས།དབུལ་ཕོངས་མི་སྣའི་སྨན་བཅོས་འགན་སྲུང་གི་སྲིད་ཇུས་ལག་བསྟར་བྱས་པ་དང་།ནོར་སྲིད་དངུལ་རྩའི་ལམ་ལུགས་བཅོས་བསྒྱུར་གྱི་བྱ་བར་སྐུལ་འདེད་བྱས་ནས།ཞིང་ཕྱུགས་ས་ཁུལ་གྱི་ཕྱོགས་བསྡུས་བཅོས་བསྒྱུར་དང་ཁྱབ་ཁོངས་གཞན་གྱི་བཅོས་བསྒྱུར་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།མུ་མཐུད་དུ་སྒོ་འབྱེད་མཉམ་འབྲེལ་གྱི་ཚད་གཞི་མཐོར་འདེགས་སུ་བཏང་བ།སྔར་ལས་ལྷག་པའི་སྒོ་ནས་ཧྲང་ཧེ་གྲོང་ཁྱེར་དང་ཀྲུང་གོའི་སྤོ་འགུལ་ཀུང་ཟི།ཞིང་ཆེན་ནང་ཁུལ་གྱི་རོགས་སྐྱོར་ལས་ཁུངས་དག་གི་རོགས་སྒྲུབ་བྱ་བ་ནན་གྱིས་སྒྲུབ་ནས།ཧྲང་ཧེ་གྲོང་ཁྱེར་གྱི་རོགས་སྐྱོར་རྣམ་གྲངས་15ལག་བསྟར་དང་།སྤྱིའི་མ་དངུལ་སྒོར་ཁྲི5880ཙམ་བཏང་།ཀྲུང་གོའི་སྤོ་སྒུལ་ཀུང་ཟིའི་རོགས་སྐྱོར་རྣམ་གྲངས1ལག་བསྟར་བྱས་པ་དང་།མ་དངུལ་སྒོར་ཁྲི་1800བཏང་།ཞིང་ཆེན་ནང་ཁུལ་གྱི་རོགས་སྐྱོར་ལས་ཁུངས་དང་ས་གནས་གཉིས་ཀྱིས་རོགས་སྒྲུབ་མ་དངུལ་སྒོར་ཁྲི195ལག་བསྟར་བྱས།ཁ་གཏད་རོགས་སྒྲུབ་ཀྱི་ཚད་གཞི་མུ་མཐུད་དུ་གཏིང་ཟབ་དུ་སྤེལ་བ་དང་།འཕེལ་རྒྱས་ཁོར་ཡུག་རྒྱུན་རིང་བོར་ཇེ་ལེགས་སུ་བཏང་།

        བདུན།སྤྱི་ཚོགས་དོ་དམ་གྱི་བྱ་བར་མུ་མཐུད་དུ་ཤུགས་བསྣན་ནས།ཕྱོགས་ཡོངས་ཀྱི་བཅོས་སྐྱོང་བྱ་བའི་ཐད་ནས་གྲུབ་འབྲས་བླངས།སྤྱི་བའི་བདེ་འཇགས་ཀྱི་ཐད་ནས་གྲུབ་འབྲས་བླངས།སྤྱི་ཚོགས་བདེ་སྲུང་དང་བདེ་འཇགས་མ་ཡིན་པའི་སྤྱོད་ངན་སྔོན་འགོག་གི་ཕྱོགས་ལ་མུ་མཐུད་དུ་ཤུགས་བསྣན་པ་དང་།སྡེ་བ་རེ་ལ་ཉེན་རྟོག་པ་རེ་བཀོད་སྒྲིག་བྱེད་པའི་བྱ་བ་ཉིན་རེར་འཐུས་ཚང་ཅན་དུ་བཏང་།རྫོང་ཡོངས་ནས་ལོ་གཅིག་གི་ནང་དུ་སྤྱི་ཚོགས་བདེ་སྲུང་སྐོར་གྱི་གྱོད་དོན་200བྱུང་བ་དང་།དེ་ལས་གྱོད་དོན་184ལྷག་ཐག་གཅོད་བྱས་ཟིན།ཁྲིམས་འགལ་མི་སྣ་340ལྷག་བཙོན་བཟུང་བྱས་ཟིན།སྔོན་དང་བསྡུར་ན་བརྒྱ་ཆའི་10ཙམ་ཇེ་ཉུང་དུ་སོང་ཡོད།ཉེས་དོན་གྱོད་གཞི་99བྱུང་བ་དང་།དེ་ལས་རྩད་ཆོད་བྱས་པའི་གྱོད་དོན་30ལྷག་ཡོད།དེས་རྩད་ཆོད་ཀྱི་བརྒྱ་ཆའི་30ལྷག་ཟིན་ཡོད།མི་བསད་གྱོད་དོན་སྐོར་གྱི་ཐག་གཅོད་ཚད་གཞི་བརྒྱ་ཆའི་100ལ་སླེབས།མི་གསུམ་ཡན་ཆད་ཀྱི་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཅི་ཡང་བྱུང་མེད།མེ་མདའ་གཞུང་བཞེས་དང་སྤྱི་ཚོགས་བདེ་སྲུང་སྐོར་ནས་གྲུབ་འབྲས་མངོན་གསལ་བླངས།འགལ་རྫས་རྒྱ་མ་2000དང་།མི་མདའ50མདེའུ་601འགལ་རྫས་ཀྱི་མེ་རྟ་800ལྷག་གཞུང་བཞེས་དང་མེད་པར་བཟོས།གཉིས་ནས་ནན་ཏན་གྱི་སྒོ་ནས་དགོན་པའི་དོ་དམ་བྱ་བ་སྒྲུབ་པ།དགོན་སྡེ་དོ་དམ་གྱི་བྱ་བ་འཐུས་ཚང་ཅན་དུ་བཏང་སྟེ།དགོན་པའི་དོ་བདག་ལྷན་ཁང་གི་འཛུགས་སྐྲུན་ལག་བསྟར་བྱས་པ་དང་།དགོན་པ་ཁ་ཤས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་དུས་རང་གིས་རང་ལ་དོ་བདག་བྱེད་པའི་ལམ་ལུགས་དང་དགོན་པའི་དོ་དམ་པ་རྣམས་ཀྱི་ནུས་བ་བེད་སྤྱོད་པའི་ཐད་དུ་ནུས་བ་བཏོན།དགོན་པའི་རྨང་གཞིའི་འཛུགས་སྐྲུན་གྱི་ཐད་དུ་ཐུགས་ཁུར་གང་ལེགས་གནང་སྟེ།མ་དངུལ་སྒོར་ཁྲི་215བཏང་ནས་དགོན་སྡོད་ལས་བྱེད་པའི་ཁང་བ་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱས་ཏེ།དགོན་པའི་རྨང་གཞིའི་འཛུགས་སྐྲུན་ལེགས་བསྒྱུར་གྱི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།གསུམ།གཅིག་གྱུར་ལེགས་བསྒྱུར་གྱི་བྱ་བ་སྤེལ་བ།གོམ་གང་མདུན་སྤོས་ཀྱི་སྒོ་ནས་གྱོད་དོན་གཟུ་བཤད་གྱི་སྒྲིག་གཞི་ལ་སྐུལ་འདེད་བྱས་ནས།གཅིག་གྱུར་གྱི་སྒོ་ནས་འགལ་འདུའི་གྱོད་དོན་94ཞིབ་བཤེར་བྱས་པ་དང་།དེ་ལས་གྱོད་དོན་72ལྷག་ཐག་གཅོད་དང་།ཐག་གཅོད་ཚད་གཞི་བརྒྱ་ཆའི་97.3ལ་སླེབས།གངས་རིའི་ཡུལ་ཚོ་ནས་གཅིག་གྱུར་གྱི་སྒོ་ནས་འདས་དོན་ལ་ཕྱིར་མིག་ལྟ་བའི་བྱ་འགུལ་སྤེལ་བ་དང་།ཡང་གྲོང་རྡལ་དང་ཡུལ་ཚོ་གཞན་པ་ནས་རང་དགར་གྱིས་རྩ་འཛུགས་བྱས་ཏེ་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་འགུལ་སྤེལ་ནས་དེ་སྔོན་ཐག་གཅོད་མ་བྱས་པའི་འགལ་འདུའི་གྱོད་དོན་རྩ་བ་ནས་མེད་པར་བཟོས།ཡིག་བསྐུར་ངོ་གཏུག་གི་བྱ་བར་མཐོང་ཆེན་བྱས་པ།དྲ་ཐོག་གི་ཡིག་བསྐུར་ངོ་གཏུག་བྱ་བ་ཡོངས་སུ་ཤར་གཏོང་བྱས་ནས་ལམ་ཁ་ཇེ་ཡངས་སུ་བཏང་བ་དང་།ཡིག་བསྐུར་ངོ་གཏུག་གི་བྱ་བ་17ལྷག་དང་ལེན་བྱས།དེ་ལས་དོན་བྱ15ལྷག་ཐག་གཅོད་བྱས་ཟིན་པ་དང་།ཐག་གཅོད་བྱེད་བཞིན་པའི་དོན་བྱ་2ཡོད།ཁྲིམས་མཐུན་གྱི་སྒོ་ནས་མང་ཚོགས་ལ་གླ་ཕོག་དུས་ལྟར་མ་སྤྲད་པའི་དོན་དག་ཐག་གཅོད་བྱས་པ་དང་།ཞིང་འབྲོག་མང་ཚོགས་ཀྱི་གླ་ཕོག་ཐད་ཀྱི་ཁག་ཐེག་མ་དངུལ་སྒོར་ཁྲི2057.7རྩིས་ལེན་བྱས།མང་ཚོགས་ལ་འགོར་འགྱངས་བྱས་པའི་གླ་ཕོག་སྒོར་ཁྲི268ཕྱིར་སྤྲོད་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱས།

        བརྒྱད།གཟབ་ནན་སྒོས་སྲིད་ཁྲིམས་སྐྱོང་བར་རྒྱུན་འཁྱོངས་བྱས་ནས།སྲིད་གཞུང་གི་སྣང་བརྙན་གསར་བ་བཞེངས་བསྐྲུན་བྱས།རང་ལུས་ཀྱི་འཛུགས་སྐྲུན་ཐད་དུ་ཤུགས་སྣོན་བྱེད་པ།བསླབ་པ་གཉིས་དང་བསྒྲུབ་པ་གཅིག་གི་སློབ་གསོའི་བྱ་བ་སྤེལ་ནས།བསམ་སྦྱོར་གཉིས་མཐུན་གྱི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་རྣམ་བཞག་ནན་གྱིས་སྲུང་ཏེ།འདུ་ཤེས་རྣམ་བཞི་སྐྱེད་སྲིང་བྱས་ནས།རྫོང་ཡོངས་ཀྱི་སྲིད་གཞུང་གི་ཁོངས་གཏོགས་ལས་བྱེད་མི་སྣ་ཡོངས་ཀྱི་བྱ་བའི་བྱེད་ཕྱོགས་ལ་འཕེལ་རྒྱས་ལེགས་པོ་བྱུང་བ་དང་།སྲིད་དོན་ཞབས་འདེགས་ཀྱི་ཁོར་ཡུག་སྔར་ལས་ལྷག་པའི་སྒོ་ནས་ཇེ་ལེགས་སུ་སོང་། ཏན་ཏིག་གི་སྒོ་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱས་པ་དང་།བྱ་བ་གཙོ་གྲས་དག་གི་ཁྲིམས་མཐུན་ཞིབ་བཤེར་ལ་སྐུལ་འདེད་ལེགས་པོ་བྱས་ནས་ཁྲིམས་ལ་བརྟེན་ནས་སྲིད་དོན་སྐྱོང་བའི་བྱ་བ་གཏིང་ཟབ་དུ་སྤེལ།ཡང་སྔར་ལས་ལྷག་པའི་སྒོ་ནས་སྲིད་དོན་སྤྱི་བསྒྲགས་དང་སྲིད་གཞུང་གི་ཆ་འཕྲིན་སྤྱི་བསྒྲགས་བྱེད་པའི་ཐད་དུ་སྐུལ་འདེད་བྱས་པ་དང་།སྲིད་གཞུང་གི་དྲ་ངོས་དང་གློག་རྡུལ་བརྙན་ཡོལ་ལ་བརྟེན་ནས་རང་འགུལ་གྱི་སྒོ་ནས་སྲིད་དོན་2146ལྷག་ཁྱབ་བསྒྲགས་བྱས།དམངས་གཙོའི་ཁྲིམས་སྲོལ་བྱ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་པ།རང་འགུལ་གྱི་སྒོ་ནས་དམངས་ཆེན་གྱི་ལྟ་སྐུལ་དང་ལེན་དང་།སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ལམ་སྤྱི་ཚོགས་ཀྱི་གླེང་བརྗོད་དང་ལེན་བྱས་ཏེ།གནད་དོན་གཙོ་གྲས་དག་དམངས་ཆེན་ལ་ཞུ་འབུལ་དང་སྲིད་གྲོས་ལ་བརྡ་ཡིག་བཏང་ནས།གནད་དོན་གཙོ་གྲས་དག་གི་ཐབས་ཇུས་གཏན་འབེབས་བྱེད་དུས་དམངས་ཆེན་ལ་སྙན་ཞུ་ཕུལ་ནས་གྲོས་ཞིབ་གནང་བ་དང་སྲིད་གྲོས་དང་དམངས་ཆེན་འཐུས་མི་རྣམས་པས་བཏོན་པའི་བསམ་འཆར་དང་རེ་བར་ཞིབ་འཇུག་ནན་མོ་བྱས།དམངས་ཆེན་འཐུས་མིས་བཏོན་པའི་གྲོས་གཞི176དང་་དང་སྲིད་གྲོས་ཨུ་ཡོན་གྱིས་བཏོན་པའི་གྲོས་གཞི120ལྷག་གི་ཐག་གཅོད་བྱས་པ་དང་།ཐག་གཅོད་ཀྱི་ཚད་གཞི་བརྒྱ་ཆའི་100ལ་སླེབས།ཁྲིམས་ལ་བརྟེན་ནས་རྫོང་བསྐྱངས་པ་དང་ཕྱོགས་སོ་སོའི་བྱ་བ་ཐམས་ཅད་བདེ་ལེགས་ངང་འཕེལ་རྒྱས་བྱུང་བ།བདུན་ལྔའི་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བྱ་བ་ཡོངས་སུ་མགོ་བརྩམས་པ་དང་།ཁྲིམས་དཔྱད་པ་དང་།དྲང་བདེན།ཁྲིམས་ལུགས་རོགས་འདེགས།གཞིས་ཁུལ་བཅོས་སྐྱོང་སོགས་སྤྱི་ཚོགས་ཀྱི་སྤྱི་བའི་ཁྲིམས་ལུགས་རོགས་སྐྱོར་མ་ལག་གི་སྒྲིག་འཛུགས་ལ་སྐུལ་འདེད་བྱས་པ་དང་།སྲིད་གཞུང་གི་ཚན་རིག་བྱེད་ཐབས་དང་ཁྲིམས་བརྟེན་སྲིད་འཛིན་གྱི་ནུས་བའི་ཕྱོགས་ལ་ཤུགས་སྣོན་བྱས།སྲིད་གཙང་འཛུགས་སྐྲུན་ཕྱོགས་ལ་མུ་མཐུད་དུ་ཤུགས་སྣོན་བྱས་པ།ཕྱོགས་ཡོངས་ནས་གཞུང་སྒོར་རང་དོན་དུ་སྤྱོད་པའི་བྱ་བར་བཀག་འགོག་ནན་མོ་བྱས་རྐྱེན།སྲིད་འཛིན་གྱི་འགྲོ་གྲོན་ཇེ་ཉུང་དུ་སོང་བ་དང་།ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་5ཙམ་གྱི་ཇེ་དམའ་རུ་སོང་།སྲིད་འཛིན་ཞིབ་བཤེར་དང་རྩིས་བཤེར་ལྟ་སྐུལ་གྱི་ནུས་བ་ཡོངས་སུ་བེད་སྤྱད་ནས།སྔར་ལས་ལྷག་པའི་སྒོ་ནས་སྲིད་གཞུང་གི་ཉོ་སྒྲུབ་འཐུས་ཚང་དང་རྣམ་གྲངས་འོས་འགུགས་ཀྱི་བྱ་བར་དོ་དམ་བྱས།ས་གཞི་ཉོ་འཚོང་དང་སྲིད་གཞུང་གི་ངོས་ཐད་དུ་གཏོགས་པའི་རྣམ་གྲངས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས།

        དེར་མ་ཟད།རྒྱལ་སྲུང་དམག་མི་དང་གཞི་རིམ་དྲག་ཆས་པུའི་འཛུགས་སྐྲུན།དམངས་དམག་གསོ་སྐྱོང་སོགས་ཀྱི་བྱ་བར་སྐུལ་འདེད་དང་།རྟོག་དཔྱོད་དང་སྡོམ་རྩིས།ས་འགུལ།གནམ་གཤིས་བརྟག་དཔྱད་།མི་རིགས་སྐད་ཡིག་བྱ་བ།སྦྲགས་སྲིད།ཆ་འཕྲིན་སོགས་ཀྱི་བྱ་བས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཚུ་ཚད་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན།མི་རིགས་ཆོས་ལུགས་དང་ས་གནས་ལོ་རྒྱུས་ཀྱི་ཡིག་ཚགས།དབང་བོ་སྐྱོན་ཅན་གྱི་ལས་རིགས།བུད་མེད་དང་བྱིས་པའི་བྱ་བ།སྙིང་རྗེ་རོགས་སྐྱོར་ལས་རིགས།རྒན་གསོ་དང་རྒྱ་གྲམ་དམར་པོའི་བྱ་བ་སོགས་ཀྱི་ལས་ཀའི་ཐད་ནས་འཕེལ་རྒྱས་མི་དམན་པ་བྱུང་།

        འཐུས་མི་རྣམ་པ།2016ལོར།རང་རྫོང་ལ་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་དམིགས་འབེན་དཔྱད་ཞིབ་ཁྲོད་ཨང་དང་པོ་དང་སྔོན་ཐོན་ས་ཁུལ་གྱི་མཚན་སྙན་ཐོབ།གྲུབ་འབྲས་འདི་དག་ནི་རྒྱུ་མེད་རྐྱེན་མེད་ཅིག་ལས་བྱུང་ལས་མིན་པར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་རྒྱབ་སྐྱོར་རོགས་འདེགས་བྱས་པའི་འབྲས་བུ་ཡིན་ལ།རྫོང་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག གོ་སྐབས་དམ་འཛིན་དང་དཀའ་ངལ་ཁྱད་བསད།བློ་རྩེ་གཅིག་མཐུན།བརྩོན་པ་ཆེར་བསྐྱེད་བྱས་པའི་འབྲས་བུ་ཡང་ཡིན།དེས་ཕྱིར།ངས་འདི་ནས་རྫོང་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ།རྫོང་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་དང་དམངས་ཆེན་འཐུས་མི།སྲིད་གྲོས་ཨུ་ཡོན།མི་དམངས་ཚོགས་པ།བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་པ་དང་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་རྣམས་ལ་བླ་ན་མེད་པའི་གུང་བཀུར་དང་ཐུགས་རྗེ་ཆེ་ཞུ་བ་ཡིན།

        འཐུས་མི་རྣམས་པ།རང་གི་གྲུབ་འབྲས་ལ་གདེང་འཇོག་བྱས་པ་དང་ཆབས་ཅིག ང་ཚོས་རང་སྟེང་གི་གནད་དོན་གང་མང་ཞིག་ལ་ངེས་ཟིན་ཐོབ་དགོས་ཏེ།དང་པོ།དཔལ་འབྱོར་གྱི་སྟོབས་ཤུགས་དང་ཐོན་ལས་གྱི་ཚད་གཞི་ཞན་པ།ཐོན་ལས་གཙོ་བོ་དང་ཁྱད་ལྡན་ཐོན་ལས་ཀྱི་ལེགས་ཆ་གསལ་བོ་མིན་པ།ཐོན་ལས་ཀྱི་གྲུབ་ཆ་ལེགས་བསྒྱུར་བྱེད་པའི་འགན་ཁུར་ལྕི་ཞིང་ལམ་ཐག་རིང་བ་བཅས་སོ།གཉིས་ནི་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་མིན་པ།སློབ་གསོ་དང་སྨན་བཅོས།རྒན་གསོ་སོགས་སྤྱི་བའི་ཞབས་འདེགས་དང་མང་ཚོགས་ཀྱི་དགོས་མཁོའི་བར་དུ་ད་དུང་བར་ཐག་ཆེན་པོ་ཡོད་པ།གསུམ།སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་ཧ་ཅང་སྐྱོ་བོ་ཡིན་པ་དང་བཅོས་སྐྱོང་གི་འགན་ཁུར་ལྕི་བ།སྐྱེ་ཁམས་གནས་སྤོར་བྱས་རྗེས་ཐོན་ལས་འཕེལ་རྒྱས་ཐད་དུ་དཀའ་ངལ་ཆེ་བ།བཞི།ཤར་ཕྱོགས་དང་ནུབ་ཕྱོགས་ས་ཁུལ་གྱི་འཕེལ་རྒྱས་དོ་མི་མཉམ་པ།ནུབ་ཕྱོགས་ས་ཁུལ་དུ་དབུལ་ཕོངས་ཀྱི་ཁྱབ་རྒྱ་ཆེ་བ་དང་་།དབུལ་ཕོངས་མི་སྣའི་ནང་གི་སྟོབས་ཤུགས་དང་སྒུལ་ཤུགས་ཀྱི་མི་འདང་བ།གནད་ཁེལ་དབུལ་སྐྱོར་གྱི་གྲུབ་འབྲས་ཐོན་པར་དཀའ་ངལ་ཆེ།ལྔ།ལས་ཞུགས་ཐད་ཀྱི་གནོན་ཤུགས་ཆེ་བ་དང་།ཕྱུགས་ལས་མང་ཚོགས་ཀྱི་ལས་སྒོ་སྣ་གཅིག་རང་བཞིན་ཡིན་པ།ལས་ཞུགས་མ་ཐུབ་པའི་འབྲིང་རིམ་མཐར་ཕྱིན་སློབ་མ་རྣམས་ལ་ཁེ་ལས་གསར་གཏོད་ཀྱི་འདུ་ཤེས་མེད་པ།དྲུག ལས་བྱེད་པ་ཁ་ཤས་ཀྱི་བྱ་བའི་འདུ་ཤེས་དང་ལག་ལེན་གྱི་ཆ་ནས་མི་འདང་པ།སྡེ་ཁག་ཁ་ཤས་དང་གཞུང་བྱེད་མི་སྣ་ལ་ལར་བྱ་བའི་འགན་ཁུར་མེད་པ་སོགས་ཀྱི་གནད་དོན་མང་པོ་ཡོད།དེས་ཕྱིར་ང་ཚོས་གནད་དོན་འདི་དག་ཐག་གཅོད་བྱེད་པར་ནུས་ཤུགས་གང་ལེགས་འདོན་དགོས།

        གཉིས་པ།2017ལོའི་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་དམིགས་འབེན་དང་འགན་ཁུར།

        2017ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱེད་པའི་གནད་འགག་གི་དུས་ཤིག་དང་།བཅོས་བསྒྱུར་གཏིང་ཟབ་དུ་སྤེལ་བའི་ལོ་ཞིག་ཡིན་པ་མ་ཟད།ཏན་ཏན་ཏིག་ཏིག་བཞི་ཡི་རེ་འདུན་གཙོ་བོ་དངོས་སུ་ལག་ལེན་དང་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ།ཕྱུག་འགྱུར་དང་འཆམ་མཐུན་དཔལ་ཡོན་སོགས་ལྡན་པའི་རྨ་ཆེན་འཛུགས་སྐྲུན་བྱེད་པའི་ཆེས་གལ་འགག་གི་དུས་ཤིག་ཀྱང་ཡིན།ད་ལོའི་བྱ་བ་ཐམས་ཅད་མངོན་འགྱུར་བྱེད་རྒྱུ་ནི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གང་ལེགས་འབྱུང་བའི་སྔོན་འགྲོ་དང་།ཕུལ་དུ་བྱུང་བའི་གྲུབ་འབྲས་བཟང་པོ་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་ཞིང་ཆེན་གྱི་ཐེངས་བཅུ་གསུམ་པའི་ཏང་གི་འཐུས་མི་ཚོགས་ཆེན་རྒྱལ་ཁའི་ངང་ཚོགས་པར་སྣེ་ལེན་བྱེད་པར་དོན་སྙིང་ཆེན་པོ་ལྡན།ང་ཚོའི་རང་གི་འགན་ཁུར་གཙོ་བོ་སེམས་ལ་བཅིངས་ནས་བརྩོན་པ་ཆེར་བསྐྱེད་ཀྱི་སྒོ་ནས་མུ་མཐུད་དུ་མདུན་དུ་བགྲོད་དགོས་བ་དང་།ཧུར་ཐག་གི་སྒོ་ནས་བསྒྱུར་དགོས་བ་བཞི་ཡི་གྲུབ་འབྲས་མངོན་འགྱུར་བྱས་ནས།མུ་མཐུད་དུ་རྨ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འབྱུང་བར་རྣམ་པ་གསར་བ་ཞིག་བསྐྲུན་དགོས།

        2017ལོའི་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འབྱུང་བའི་སྤྱིའི་དམིགས་འབེན་ནི།ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་ཐེངས་གསུམ་པ་དང་བཞི་བ་ལྔ་བ་དྲུག་པ་སོགས་དང་།ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པ།ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་སོགས་ཀྱི་དགོངས་དོན་དང་ལག་བསྟར་བྱེད་དགོས་བ་མ་ཟད།སྤྱི་ཁྱབ་ཧྲུའུ་ཅུ་ཞི་ཅིན་ཕིན་ལགས་ཀྱི་གསུང་བཤད་རབ་དང་རིམ་པའི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ།ཏན་ཏན་ཏིག་ཏིག་བཞི་ཡི་སྤྱིའི་རྩ་དོན་ལྟར།ཞིང་ཆེན་ཏང་ཨུའི་བསྒྱུར་དགོས་བ་བཞི་ཡི་དགོངས་པ་ལག་ལེན་མཐའ་འཁྱོལ་དང་།གནས་ལྔ་གཞི་གཅིག་གི་སྤྱིའི་འཆར་འགོད་དང་ཡོངས་ཁྱབ་བཞི་ཡི་ཐབས་ཇུས་དགོངས་པ་གཞིར་བཟུང་ནས།མདུན་བསྐྱོད་ཀྱི་གོམ་ཁ་ལྷོད་པ་མེད་པར་རྒྱུན་འཁྱོངས་བྱས་ཏེ།དཔལ་འབྱོར་བདེ་ལེགས་ངང་འཕེལ་རྒྱས་འབྱུང་རྒྱུ་དང་།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་ནན་ཆེར་བསྒྲུབ་པ།དམངས་ཚིས་བྱ་བ་ལེགས་བསྒྱུར་དང་འགན་སྲུང་བྱེད་པ།སྤྱི་ཚོགས་བཅོས་སྐྱོང་གི་བྱ་བ་ཤུགས་ཀྱིས་བསྒྲུབ་པ།ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་མུ་མཐུད་དུ་འཐུས་ཚང་དུ་བཏང་སྟེ།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་འབྱོར་ཕྱུག་ལྡན་ཞིང་འཆམ་མཐུན་མཛེས་སྡུག་གི་རྨ་ཆེན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་དུ་བྱས་རྗེས་གསར་བ་འཇོག་རྒྱུ་དང་།ཁྱད་དུ་འཕགས་པའི་གྲུབ་འབྲས་གསར་བས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་ཚོགས་པར་སྣེ་ལེན་ཡག་པོ་བྱེད་དགོས།

        དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་ནི།

        ས་གནས་ཀྱི་སྤྱིའི་ཐོན་སྐྱེད་ཡོང་འབབ་བརྒྱ་ཆའི་2ཙམ་འཕར་སྣོན་བྱུང་རྒྱུ་དང་།རྫོང་གཏོགས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་དུ་མ་དངུལ་གཏོང་ཚད་བརྒྱ་ཆའི་15ལ་བསླེབ་རྒྱུ།སྤྱིར་བཏང་གི་སྤྱི་བའི་ནོར་སྲིད་སྔོན་རྩིས་ཡོང་སྒོ་སྒོར་ཁྲི་8423ལ་བསླེབ་རྒྱུ།སྔོན་དང་བསྡུར་ན་བརྒྱ་ཆའི་10ཙམ་འཕར་སྣོན་བྱུང་རྒྱུ།སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་ཕྱིར་འཚོང་གི་སྤྱིའི་མ་དངུལ་བརྒྱ་ཆའི་8འཕར་སྣོན་བྱུང་རྒྱུ།མཁར་གྲོང་གི་རྒྱུན་སྡོད་དམངས་མིའི་མི་རེའི་ཡོང་སྒོ་བརྒྱ་ཆའི་8འཕར་སྣོན་འབྱུང་རྒྱུ།ལྗང་མདོག་འཕེལ་རྒྱས་ཀྱི་ཚད་གཞི་སྔར་ལས་ལྷག་པའི་སྒོ་ནས་གོང་འཕེལ་དུ་འགྲོ་རྒྱུ་དང་གྲོང་དང་ཡུལ་ཚོ་གཅིག་གྱུར་གྱི་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་ལེན་རྒྱུ།རྫོང་ཁྱབ་ཁོངས་ཀྱི་དཔལ་འབྱོར་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་དགོས་བ་དང་།གཞན་ཡང་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱི་ཁྱབ་ཁོངས་ཇེ་ཆེར་གཏོང་རྒྱུ་དང་།ཞིང་གྲོང་སྤྱི་ཚོགས་ཀྱི་སྤྱི་བའི་ཐོན་རྫས་འདོན་སྤྲོད་ཀྱི་ཆུ་ཚད་དང་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མུ་མཐུད་དུ་གོང་འཕེལ་གཏོང་རྒྱུ་བཅས་སོ།

        གསུམ་པ།2017ལོའི་བྱ་བ་གཙོ་གྲས་དག་གི་འགན་ཁུར།

        སྤྱིའི་ཆ་ནས་བཤད་ན།སྤྱི་ལོ2017ལོ་ནི་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགན་ཁུར་ཤིན་ཏུ་ལྕི་བས།ང་ཚོས་ཕྱོགས་ཡོངས་ནས་འགན་ཁུར་སོ་སོ་ལག་བསྟར་བྱེད་པར་རྒྱུན་འཁྱོངས་བྱེད་པའི་རྨང་གཞི་སྟེང་།གཙོ་བོ་གཤམ་གྱི་དོན་ཚན་བརྒྱད་དང་འབྲེལ་བའི་བྱ་བ་དག་ནན་གྱིས་སྒྲུབ་དགོས།

        གཅིག ལྗང་མདོག་གི་འཕེལ་རྒྱས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་གཙོ་བོར་འཛིན་རྒྱུ།སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་བྱ་བར་སྐུལ་འདེད་བྱེད་པ།རྩྭ་ཐང་སྲུང་སྐྱོབ་ཀྱི་ཁ་གསབ་ཀྱི་བྱ་དགའི་མ་དངུལ་ལག་བསྟར་བྱས་ཏེ།མ་དངུལ་ཡོད་ཚད་དུས་ལྟར་མང་ཚོགས་ལ་སྤྲོད་རྒྱུ་དང་།རྩྭ་ཐང་བདག་སྲུང་གི་ལས་བྱེད་མི་སྣ་454དང་ནགས་ཚུལ་སྲུང་གཉེར་མཁན660ལྷག་གི་དཔུང་སྡེ་འཛུགས་སྐྲུན་དང་ནུས་བ་ལྡན་པའི་ཞིབ་དཔྱད་ལམ་ལུགས་འཛུགས་སྐྲུན་བྱེད་རྒྱུ།ཧུར་ཐག་གིས་བདག་སྲུང་མི་སྣར་རོགས་དངུལ་སྤྲོད་པ།མུ་མཐུད་དུ་གཙང་གསུམ་འབྱུང་ཡུལ་འཛུགས་སྐྲུན་གྱི་རྣམ་གྲངས་ལག་བསྟར་བྱས་ནས་ས་ནག་ཐང་དང་ཨ་བྲའི་གནོད་པ་སྔོན་འགོག རྩྭ་ཐང་གི་གནོད་འབུ་སྔོན་འགོག་གི་བྱ་བ་ས་མུའི་ཁྲི་246ལག་བསྟར་བྱེད་རྒྱུ་དང་།མ་དངུལ་སྒོར་ཁྲི་2450ཙམ་གྱི་ཕྱུགས་བསྐྱུར་རྩྭ་འདེབས་ཀྱི་ལས་གཞི་ལག་བསྟར་བྱས་ནས།རྩྭ་ཐང་ནས་ཕྱུགས་མི་འཚོ་བ་དང་གནས་ལ་གཏན་ཁེལ་ཡོད་པའི་འཚོ་སྐྱོང་བྱེད་པ།རྩྭ་ཐང་ལེགས་བསྒྱུར་སོགས་ཀྱི་ཐད་ནས་ས་མུའུ་ཁྲི་47ལྷག་མངོན་འགྱུར་བྱེད་རྒྱུ།མུ་མཐུད་དུ་ནགས་ཚལ་ཐོན་ཁུངས་ཀྱི་བདག་དམ་བྱ་བའི་ནུས་ཤུགས་ཇེ་མཐོར་གཏོང་རྒྱུ།མ་དངུལ་སྒོར་ཁྲི་1790.67བཏང་ནས་རང་བྱུང་སྲུང་སྐྱོབ་ལས་གཞི་དང་ཡང་མ་དངུལ་སྒོར་ཁྲི2434.9བཏང་ནས་ཀུན་ཕན་ནགས་ཀྱི་སྐྱེ་ཁམས་ཕན་ནུས་ཁ་གསབ་རྣམ་གྲངས་ལག་བསྟར་བྱས་ཏེ།བྱེ་འགོག་རྩྭ་འདེབས་དང་མིས་བཟོ་ནགས་ཚལ།རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་རི་འགོག་ནགས་གསོ་སོགས་ས་མུའུ་ཁྲི་8.2ལག་བསྟར་བྱེད་རྒྱུ།མུ་མཐུད་དུ་རྟ་བོ་གྲོང་རྡལ་དང་རྭ་རྒྱ་གྲོང་རྡལ་ས་ཁུལ་གྱི་ལྗང་བསྒྱུར་བྱ་བ་ལེགས་པར་བསྒྲུབ་པ།དུས་དང་མཐུན་པའི་སྒོ་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མིས་བཟོས་ཆར་ཆུ་ཇེ་མང་དུ་གཏོང་དགོས།ཏན་ཏན་གི་སྒོ་ནས་ཁོར་ཡུག་སྲུང་སྐྱོབ་བྱ་བ་བསྒྲུབ་རྒྱུ།ཁྱིམ་གཞི་མཛེས་བསྒྱུར་གྱི་བྱ་འགུལ་ལག་བསྟར་བྱས་ནས།གཙང་གསུམ་འབྱུང་ཡུལ་གྱི་ཞིང་ཕྱུགས་ས་ཁུལ་གྱི་གཙང་སེལ་ལས་གཞི་དང་འགྲིམ་འགྲུལ་གཞུང་ལམ་ཆེ་གྲས་དག་གི་ལམ་འགྲམ་དང་གནས་བསྐོར་ཡུལ་ལྗོངས་ཀྱི་མཐའ་འཁོར་ཁོར་ཡུག་གི་ཕྱོགས་བསྡུས་གཙང་དག་ལེགས་བཅོས་བྱ་བ་ཁྱབ་སྤེལ་བྱ་རྒྱུ།མཁའ་དབུགས་བཙོག་བསྒྱུར་གྱི་བྱ་བ་ཡོ་བསྲང་བྱེད་པའི་ལས་གཞི་གཙོ་ཆེར་ལག་བསྟར་བྱ་རྒྱུ་དང་མ་དངུལ་སྒོར་ཁྲི་1380བཏང་ནས་རྨ་ཆེན་རྫོང་གི་འཚོ་བའི་གད་སྙིགས་འདོར་ས་དང་ཁོར་ཡུག་འཕྲོད་བསྟེན་ཕྱོགས་ཀྱི་སྒྲིག་ཆས་འཛུགས་སྐྲུན་གྱི་རྣམ་གྲངས་ལག་བསྟར་བྱ་རྒྱུ།མ་དངུལ་སྒོར་ཁྲི་850བཏང་བའི་སྡོམ་ཁོག་ཡུལ་ཚོའི་འཚོ་བའི་གད་སྙིགས་འདོར་ས་དང་ཁོར་ཡུག་འཕྲོད་བསྟེན་གྱི་སྒྲིག་གཞི་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་་ལག་བསྟར་ལེགས་པོ་བྱ་རྒྱུ།ཁྱོན་ཡོངས་ནས་ཞིང་ཕྱུགས་ས་ཁུལ་གྱི་མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུ་དང་།བྱེ་མ་བརྐོ་སློག་བྱས་ཟིན་པའི་ས་ཁུལ་དག་གི་བསྐྱར་གསོའི་བྱ་བ་ནན་གྱིས་སྤེལ་རྒྱུ།ངྷི་གནས་ཐོན་ཁུངས་དང་དྲོད་འདོན་ཁེ་ལས་སོགས་ཀྱི་ཚད་མཐོ་བའི་མཁའ་དབུགས་བཙོག་བསྒྱུར་དང་སྙིགས་རོ་མར་འདོན་གྱི་ཚད་ཇེ་དམའ་རུ་གཏོང་བའི་ལག་རྩལ་ལ་སྐུལ་འདེད་བྱས་ནས་དོན་དངོས་ཀྱི་སྟེང་ནས་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱ་རྒྱུ།གཟབ་ནན་གྱི་སྒོ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ནུས་ལྡན་ས་ཁུལ་གཙོ་གྲས་ཀྱི་རྫོང་ཁུལ་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཞིབ་དཔྱད་ཚད་ལེན་དང་།དཔྱད་འཇོག་བྱ་བ་སྤེལ་ནས།རྒྱལ་ཁབ་ཀྱིས་རྨ་ཆེན་རྫོང་གི་ཆུའི་སྤུས་ཚད་ཞིབ་དཔྱད་བྱེད་པའི་ཐད་ནས་ཚད་གཞི་ལོན་པར་ཁག་ཐེག་བྱ་དགོས།ཕྱོགས་ཡོངས་ནས་སྤྱི་ལོ2016ལོ་ནས་2017ལོའི་བར་གྱི་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་གྱི་གནད་དོན་ལེགས་བསྒྱུར་བྱེད་པའི་བྱ་བ་ལག་བསྟར་བྱས་ཏེ།གནད་དོན་ཕྱོགས་སྟོན་དང་གནད་དོན་གཙོ་བོ་ལ་མཉམ་འཇོག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཐག་གཅོད་ཀྱི་ཐབས་ལམ་ཡག་པོ་ལག་ལེན་བྱས་ནས།དུས་ཐོག་ཏུ་རེ་འདུན་གྱི་བླང་བྱ་ལྟར་དོན་བྱ་སྣ་ཚོགས་ལེགས་བཅོས་བྱས་ནས།རྒྱལ་ཁབ་རིམ་པའི་ཞིབ་བཤེར་རྩིས་ལེན་སྐབས་ཚད་གཞི་དང་ལོན་པ་ཞིག་ཡོང་བར་ཁག་ཐེག་བྱ་དགོས།ཆུ་བེད་རྣམ་གྲངས་འཛུགས་སྐྲུན་དང་ཆུའི་ཐོན་ཁུངས་སྲུང་སྐྱོབ་ཀྱི་བྱ་བ་ལེགས་པོར་བསྒྲུབ་རྒྱུ།རྨ་ཆུའི་བཞུར་རྒྱུན་གཙོ་གྲས་དག་གི་ཆུ་ལོག་སྔོན་འགོག་གི་ལས་གཞི་མུ་མཐུད་དུ་ལག་བསྟར་བྱ་རྒྱུ་དང་བརྩོན་པ་ཆེར་བསྐྱེད་ཀྱི་སྒོ་ནས་རྟ་བོ་གྲོང་རྡལ་གྱི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་དང་ཆུ་ལོག་སྔོན་འགོག་གི་བྱ་བ་བརྩོན་ལེན།རྭ་རྒྱ་དགོན་ཆེན་གྱི་ཚབས་ཆེ་བའི་ས་གཤིས་གནོད་འཚེ་བཅོས་སྐྱོང་གི་ལས་གཞི་ལག་བསྟར་བྱ་རྒྱུ།བྱེ་མའི་སྤྱི་གླིང་འཛུགས་སྐྲུན་གྱི་ཡིག་ཐོག་སྙན་ཞུ་འབུལ་རྒྱུ།གཟབ་ནན་སྒོས་ཆུའི་ཐོན་ཁུངས་ལ་དོ་དམ་ཡག་པོ་དང་ཆུའི་བཀོལ་སྤྱོད་ལ་ཆོག་མཆན་ཞུ་འབུལ་བྱ་བ།གཞན་ཡང་ས་འོག་གི་ཆུ་ལ་དོ་དམ་དང་སྲུང་སྐྱོབ་བྱས་ནས་ཆུའི་ཐོན་ཁུངས་ལེགས་སྲུང་བྱ་དགོས།

        གཉིས།གོ་སྐབས་དམ་འཛིན་བྱས་ནས་རང་གི་ཞན་ཆ་ཁ་བསྐང་རྒྱུ་དང་།ནུས་ཤུགས་ཡོད་དགུ་བཏོན་ནས་ཞིང་གྲོང་གི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱ་རྒྱུ།རྒྱལ་ཁབ་ཀྱི་རྣམ་པ་གསར་བའི་མཁར་གྲོང་གི་ཕྱོགས་བསྡུས་ཚོད་ལྟའི་གནས་ཡུལ་དང་རྫོང་བསྐྱུར་ནས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན་བྱས་ནས།སྔར་ལས་ལྷག་པའི་སྒོ་ནས་མཁར་གྲོང་འཛུགས་སྐྲུན་གྱི་འཆར་འགོད་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་དང་།མགྱོགས་མྱུར་སྒོས་རྨ་ཆེན་རྫོང་མཁར་ཚོད་འཛིན་ལུགས་ཀྱི་ཞིབ་ཕྲའི་འཆར་འགོད་དང་།རྨ་ཆེན་རྫོང་མཁར་བསྐྱར་འཛུགས་རང་བཞིན་གྱི་ཞིབ་ཕྲའི་འཆར་འགོད་སོགས་སྒྲིག་རྩོམ་དང་ཞིད་དཔྱོད།ཆོག་མཆན་གྱི་བྱ་བ་ལག་བསྟར་བྱས་ཏེ།འཆར་འགོད་ཀྱིས་མཁར་གྲོང་གི་རྨང་གཞིའི་འཛུགས་སྐྲུན་ཐད་དུ་མཛུབ་སྟོན་བྱེད་དགོས།ཁྱབ་ཁོངས་གཙོ་བོ་དང་ཆུ་ཚད་ཞན་པ་དག་གཙོ་གནད་དུ་བཟུང་ནས་ཞིང་གྲོང་གི་རྨང་གཞིའི་འཛུགས་སྐྲུན་གྱི་རྣམ་གྲངས་བརྩོན་ལེན་དང་མ་དངུལ་ལག་བསྟར་བྱེད་པར་ཤུགས་སྣོན་དགོས།བསྡོམས་རྩིས་བྱས་པ་ལྟར་ན་མ་དངུལ་སྒོར་དུང་ཕྱུར་1.98བཏང་བའི་མཁར་གྲོང་གི་གཅིག་གྱུར་དྲོད་འདོན་དང་མཐོ་སྒང་གི་དེང་རབས་ཚན་རྩལ་སྐྱེ་ཁམས་གླིང་།འཚོ་བའི་གད་སྙིགས་འདོར་ས།ཁོར་ཡུག་འཕྲོད་བསྟེན་གྱི་སྒྲིག་ཆས།མཁར་གྲོང་གི་གཞུང་ལམ།འགན་སྲུང་རང་བཞིན་ཅན་གྱི་སྡོད་ཁང་།བཙོག་ཆུ་ལེགས་བསྒྱུར་སོགས་ཀྱི་རྣམ་གྲངས་འཛུགས་སྐུན་ཐད་དུ་མགྱོགས་མྱུར་གྱིས་སྐུལ་འདེད་བྱས་ནས།རྒྱལ་ཁབ་ཀྱི་རྣམ་པ་གསར་བའི་མཁར་གྲོང་གི་ཕྱོགས་བསྡུས་ཚོད་ལྟའི་གནས་ཡུལ་དང་རྫོང་བསྐྱུར་ནས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའིི་བྱ་བར་ཁག་ཐེག་ཡོད་པར་བྱ་དགོས།ནན་ཏན་སྒོས་སྤྱིའི་མ་དངུལ་སྒོར་ཁྲི2259བཏང་བའི་གྲོང་རྡལ་དང་ཡུལ་ཚོའི་བརྒྱད་ལྡན་ལས་གཞི་ལག་བསྟར་བྱ་དགོས།གངས་རིའི་ཡུལ་ཚོའི་གཡོན་ཁོག་དང་རྭ་རྒྱ་གྲོང་རྡལ་གྱི་སི་རིག་ཆེན་སྡེ་བ་གཉིས་ཀྱི་མཛེས་སྡུག་ཞིང་གྲོང་གི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་ཇེ་ལེགས་སུ་གཏོང་དགོས།མགྱོགས་མྱུར་སྒོས་ཕྱོགས་བསྡུས་འགྲིམ་འགྲུལ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ།མུ་མཐུད་དུ་མཛོ་རྒན་རྭ་བ་ནས་གཅིག་སྒྲིལ་ལ་བགྲོད་པའི་མྱུར་བསྐྱོད་གཞུང་ལམ་སོགས་འགྲིམ་འགྲུལ་འཛུགས་སྐྲུན་ཐད་ཀྱི་རྣམ་གྲངས་ཆེན་མོ་དག་གི་ཞབས་འདེགས་བྱ་བ་བསྒྲུབ་རྒྱུ་དང་།མ་དངུལ་སྒོར་ཁྲི་8303.94བཏང་བའི་ཡུལ་ཚོ་དང་སྡེ་བ་14ལྷག་གི་གཞུང་ལམ་འཛུགས་སྐྲུན་གྱི་རྣམ་གྲངས་ལག་བསྟར་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་གཞུང་ལམ་དང་འགྲིམ་འགྲུལ་ཐད་ཀྱི་ནུས་བ་མཐོར་འདེགས་གཏོང་དགོས།མུ་མཐུད་དུ་ནུས་ཁུངས་འགན་སྲུང་གི་ནུས་བ་མཐོར་་འདེགས་གཏོང་བ།མར་སྟེང་ཆུ་ལོག་ས་ཚིགས་ཀྱི་འཛུགས་སྐྲུན་རྣམ་གྲངས་སོགས་གལ་ཆེ་བའི་ནུས་ཁུངས་འཛུགས་སྐྲུན་གྱི་རྣམ་གྲངས་ལག་བསྟར་བྱེད་པར་རོགས་འདེགས་གང་ལེགས་བྱེད་རྒྱུ་དང་།མ་དངུལ་སྒོར་ཁྲི་1506.25བཏང་བའི་ཞིང་སྡེའི་གློག་དྲ་ལེགས་བསྒྱུར་དང་ནུས་ཚད་ཇེ་མཐོར་གཏོང་བའི་བཟོ་སྐྲུན་ལག་བསྟར་དང་།མུ་མཐུད་དུ་གློག་དྲའི་སྒྲོམ་གཞི་དང་གྲུབ་ཆ་ཇེ་ལེགས་སུ་བཏང་ནས།གློག་དྲའི་ཁྱབ་ཚད་དང་གློག་འདོན་སྤུས་ཚད་མཐོར་འདེགས་གཏོང་དགོས།ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ།དྲ་རྒྱའི་རྒྱུགས་ཚད་ཆེས་ལེགས་པའི་རྨ་ཆེན་འཛུགས་སྐྲུན་བྱེད་རྒྱུ་རྨང་གཞི་རུ་བཟུང་ནས།གཙོ་བོ་མཁར་གྲོང་སྤྱི་བའི་ཆ་འཕྲིན་དང་གློག་རྡུལ་ཚོང་ཞབས་ཞུ་ལ་སྐུལ་འདེད་བྱས་ཏེ།ཕྱོགས་ཡོངས་ནས་ཆ་འཕྲིན་བེད་སྤྱོད་ཀྱི་ཆུ་ཚད་མཐོར་འདེགས་གཏོང་དགོས།

        གསུམ།དཔལ་འབྱོར་གྱི་གྲུབ་ཆ་ཇེ་ལེགས་སུ་བཏང་ནས།མུ་མཐུད་དུ་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ཐད་དུ་སྐུལ་འདེད་བྱེད་པ།ནུས་ཤུགས་ཡོད་དགུ་བཏོན་ནས་ཕྱུགས་ལས་ཀྱི་སྤུས་ཚད་དང་ཡོང་སྒོ་མཐོར་འདེགས་གཏོང་བ།ཕྱུགས་ཟོག་གི་དྲོད་ཁང་དང་གཟན་རྩྭའི་ལྟེ་གནས་སོགས་རྨང་གཞིའི་འཛུགས་སྐྲུན་སྐོར་ལ་ཤུགས་བསྣན་ནས།མུ་མཐུད་དུ་ཕྱུགས་ལས་ཐོན་ལས་ཀྱི་འཕེལ་རྒྱས་ལ་རྨང་གཞི་འཇོག་དགོས།བརྩོན་པ་ཆེར་བསྐྱེད་ཀྱི་སྒོ་ནས་ཐོན་ཁུངས་གྲུབ་ཆ་གཅིག་བསྡུས་བྱེད་པའི་བྱ་བར་སྐུལ་འདེད་བྱས་ནས།ཕྱུགས་ལས་ཐོན་སྐྱེད་ཉོ་འཚོང་གི་རྩ་འཛུགས་རང་བཞིན་གྱི་ཆུ་ཚད་མཐོར་འདེགས་དང་།གཞི་རྒྱ་ཆུང་བའི་ཁ་འཐོར་ཉོ་འཚོང་ལས་རིགས་དེ་གཞི་རྒྱ་ཆེ་ཞིང་ལེགས་ཆ་ལྡན་པ།ཐོན་ལས་ཅན་དང་སྐྱེ་ཁམས་ཅན་དུ་འཕེལ་བའི་ཕྱོགས་སུ་མངོན་འགྱུར་བྱ་དགོས།རྒྱལ་ཁབ་ཀྱི་རོགས་སྐྱོར་མ་དངུལ་བརྩོན་ལེན་བྱས་ཏེ།གཙོ་བོ་གསོ་སྤེལ་ལས་རིགས་དང་ཕྱུགས་ལས་ཐོན་རྫས་ཀྱི་ལས་སྣོན་སོགས་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ་སོགས་ཀྱི་མཚོན་པའི་ཁེ་ལས་ཆུང་བ་རྣམས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ།ཕྱུགས་ལས་ཐོན་ལས་ཀྱི་གྲུབ་ཆ་དེ་ཐོན་སྐྱེད་དང་ལས་སྣོན།འཁོར་བསྐྱོད།ཞབས་འདེགས་སོགས་མཉམ་འཕེལ་ཐུབ་པའི་ངོ་བོར་འཕེལ་རྒྱས་འབྱུང་དགོས།ཁྱད་ཆོས་ལྡན་པའི་ལས་སྣོན་ཐོན་ལས་ཀྱི་རིགས་ལ་རོགས་སྐྱོར་བྱེད་པ།མགོ་ལོག་གི་སྐྱེ་ལྡན་ཐོན་ལས་གླིང་གི་འཛུགས་སྐྲུན་དེ་ཉིད་ཞིང་ཆེན་ནང་ཁུལ་དང་རྫོང་གཏོགས་ཁེ་ལས་སོགས་ལ་དཔེ་སྟོན་དང་སྣེ་ཁྲིད་བྱེད་ཐུབ་པ་ཞིག་བྱེད་རྒྱུ་དང་།ཞིང་ཕྱུགས་ལས་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ་དག་སྐྱེ་ལྡན་ཐོན་ལས་གླིང་དུ་ཞུགས་ནས་ནོར་ལུག་ཤ་དང་འོ་མ།ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རྫས་སོགས་ལ་ལས་སྣོན་བྱེད་རྒྱུ་དང་།ལོ་གཅིག་གི་ནང་རྨ་ཆེན་རྫོང་གི་གློག་རྡུལ་ཚོང་དོན་གྱིས་རོགས་སྐྱོར་ཐོན་ལས་གླིང་དང་།ཨ་མྱེས་རྨ་ཆེན་གཏེར་ཆུ་ལས་སྣོན་བཟོ་གྲྭ་སོགས་ཀྱིས་ཐོན་སྐྱེད་བྱ་བ་མངོན་འགྱུར་བྱུང་དགོས།རིག་གནས་ཐོན་ལས་གླིང་གི་འཆར་འགོད་འཛུགས་སྐྲུན་དང་མགྱོགས་མྱུར་སྒོས་མངོན་འགྱུར་བྱས་ནས།རྡོ་བརྐོས་མ་ཎི་དང་མི་རིགས་གྱོན་ཆས།བོད་ལུགས་ཁྱིམ་ཆས།ཀོ་བའི་ཐོན་རྫས།ཆོས་སྤྱོད་མཁོ་ཆས་སོགས་ཀྱི་ལས་སྣོན་ལས་རིགས་ལ་རོགས་སྐྱོར་བྱེད་དགོས།མགྱོགས་མྱུར་སྒོས་དེང་རབས་ཞབས་འདེགས་ལས་རིགས་འཕེལ་རྒྱས་སུ་གཏོང་བ།ཤུགས་ཆེན་པོའི་སྒོ་ནས་ཐོན་སྐྱེད་རང་བཞིན་གྱི་ཞབས་འདེགས་ལས་རིགས་འཕེལ་རྒྱས་སུ་བཏང་ནས།མགྱོགས་མྱུར་སྒོས་རྒྱལ་ཁབ་ཀྱི་གློག་རྡུལ་ཚོང་དོན་ཞིང་སྡེ་སོ་སོར་བསྐྱོད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།མ་དངུལ་སྒོར་ཁྲི་1500བཏང་ནས་རྫོང་རིམ་པའི་སྐྱེལ་འདྲེན་ལྟེ་གནས་དང་།རྫོང་དང་ཡུལ་ཚོ་སྡེ་བ་སོགས་རིམ་པ་གསུམ་གྱི་ཞབས་འདེགས་མ་ལག་དང་ཟབ་སྦྱོང་མ་ལག།སྐྱེལ་འདྲེན་མ་ལག།བཟོ་ལས་ཐོན་རྫས་མར་འགྲིབ་པ་དང་ཞིང་ཕྱུགས་ཐོན་རྫས་ཡར་བགྲོད་པའི་མ་ལག།ཚད་ལྡན་རང་བཞིན་གྱི་མ་ལག ཞིང་ཕྱུགས་ཐོན་རྫས་ཚོང་གཉེར་གྱི་མ་ལག ཡུལ་བསྐོར་རིག་གནས་མཉམ་བསྲེས་ཀྱི་མ་ལག རྨང་གཞིའི་དྲ་རྒྱའི་ཆ་འཕྲིན་ཅན་གྱི་མ་ལག་སོགས་མ་ལག་སྣ་དགུ་གཙོ་གྲས་དག་འཛུགས་སྐྲུན་བྱེད་དགོས།མ་དངུལ་སྒོར་ཁྲི1800བཏང་པའི་རྨ་ཆེན་རྫོང་གིི་མི་རིགས་ཁྱད་ལྡན་གྱི་ཐོན་ལས་སྒོང་སྙོལ་འཕེལ་རྒྱས་ལྟེ་གནས་འཛུགས་སྐྲུན་གྱི་རྣམ་གྲངས་ལག་བསྟར་དང་།རྫོང་གཏོགས་ཁེ་ལས་འཕེལ་རྒྱས་ཀྱི་གློག་རྡུལ་ཚོང་དོན་དང་སློབ་ཆེན་མཐར་ཕྱིན་སློབ་མ་རྣམས་ཀྱིས་གློག་རྡུལ་ཚོང་དོན་ལས་རིགས་ལ་རོགས་སྐྱོར་དང་རྟིང་སྐུལ་བྱེད་དགོས།ཤུགས་ཆེན་པོའི་སྒོ་ནས་ཁྱད་ཆོས་ལྡན་པའི་བཟའ་བཏུང་གི་རིག་གནས་དང་ཁམས་གསོ་བཟའ་བཏུང་སོགས་འཕེལ་རྒྱས་སྣ་མང་ཅན་དུ་བསྒྱུར་དགོས་བ་མ་ཟད།མགྲོན་ཁང་གི་གཙང་སྦྲ་དང་བདེ་འཇགས་སོགས་ཀྱི་ཐད་ནས་གོང་འཕེལ་དུ་གཏོང་དགོས།སྐྱེ་ཁམས་རིག་གནས་ཀྱི་ཡུལ་བསྐོར་ཐོན་ལས་ཤུགས་ཆེན་པོའི་འཕེལ་རྒྱས་སུ་གཏོང་དགོས།རང་རྫོང་གི་ཁྱད་དུ་འཕགས་པའི་རང་བྱུང་མི་ཆོས་ཡུལ་བསྐོར་གྱི་ཐོན་ཁུངས་དང་རྒྱལ་ཡོངས་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚོད་ལྟའི་གནས་ཡུལ་འཛུགས་སྐྲུན་བྱེད་པའི་གོ་སྐབས་དམ་དུ་བཟུང་ནས།ཨ་མྱེས་རྨ་ཆེན་རྒྱལ་ཁབ་ས་གཤིས་སྤྱི་གླིང་དང་རྭ་རྒྱ་དགོན་ཆེན་གྱི་ལྗོངས་ཁུལ།ལྷ་རི་དགོན་པའི་ལྗོངས་ཁུལ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་གཙོ་བོ་དག་ལག་བསྟར་བྱེད་དགོས།མ་དངུལ་སྒོར་ཁྲི་1200བཏང་བའི་ཨ་མྱེས་རྨ་ཆེན་གྱི་རྒྱལ་ཁབ་ས་གཤིས་སྤྱི་གླིང་གི་སྲུང་སྐྱོབ་ལས་གཞི་དང་མ་དངུལ་སྒོར་ཁྲི་400བཏང་བའི་ཨ་མྱེས་རྨ་ཆེན་གངས་རིའི་ལྗོངས་ཁུལ་བོད་ཁྱིམ་སྤྲོ་གཏོང་གླིང་གི་འཛུགས་སྐྲུན་རྣམ་གྲངས་མགྱོགས་མྱུར་སྒོས་སྐུལ་འདེད་བྱས་ནས།སྐབས་གསུམ་པའི་ཨ་མྱེས་རྨ་ཆེན་གངས་བསྐོར་གྱི་གོ་སྐབས་དམ་དུ་བཟུང་ནས།ལྗང་མདོག་ཡུལ་བསྐོར་དང་ཁོར་སྲུང་ཡུལ་བསྐོར་སོགས་ལ་དར་སྤེལ་བྱས་ནས།རང་རྫོང་གི་ཁྱད་ཆོས་ལྡན་པའི་རིག་གནས་དང་རང་བྱུང་ཁོར་ཡུག་གཉིས་མཉམ་དུ་སྦྲེལ་ནས།ཡུལ་བསྐོར་འཕེལ་རྒྱས་ཀྱི་ཕྱོགས་སུ་ནུས་བ་གང་ལེགས་འདོན་དགོས།

        བཞི།ཚང་མ་མཉམ་དུ་འཕེལ་རྒྱས་འགྲོ་བར་རྒྱུན་འཁྱོངས་བྱས་ནས།དབུལ་སྐྱོར་མཁྲེགས་གཏོར་ལས་རྣམ་པར་རྒྱལ་བར་ཆོད་སེམས་བརྟན་པོ་ཡོད་དགོས།སྤྱི་ལོ2016ལོའི་དབུལ་ཐར་གྱི་བྱ་བའི་རྨང་གཞི་སྟེང་།རྫོང་ཡོངས་ཀྱི་ནུས་བ་ཡོད་ཚད་གཅིག་ཏུ་བསྡུས་ནས་གནད་ཁེལ་དབུལ་སྐྱོར་བྱ་བར་སྐུལ་འདེད་དང་།ལོ་གཅིག་གི་ནང་དུ་སྡེ་བ་དྲུག་དབུལ་ཐར་བྱེད་རྒྱུ་དང་།ཡིག་ཚགས་དང་བྱང་བུ་བཟོས་ཟིན་པའི་དབུལ་ཕོངས་མི་སྣ་2873ལྷག་དུས་ཚོད་ནང་བཞིན་ཡོངས་སུ་དབུལ་ཐར་བྱ་དགོས།གནད་ཁེལ་ངོས་འཛོན་དང་ཡིག་ཚགས་དག་སྒྲིག་གི་བྱ་ན་ནན་གྱིས་སྒྲུབ་པ།ཡང་དག་པའི་དོ་དམ་བྱེད་ལུགས་ལག་བསྟར་བྱས་ནས།གསར་དུ་ངོས་འཛིན་བྱས་པའི་དབུལ་ཕོངས་མི་གྲངས1173ལྷག་ལ་གློག་རྡུལ་ཡིག་ཚགས་བཟོ་དགོས།རོགས་སྐྱོར་གནས་སྤོར་གྱི་རྣམ་གྲངས་ལག་བསྟར་བཟང་པོ་བྱེད་པ།ཏན་ཏིག་སྒོས་གནས་སྤོར་གྱི་གཞིི་རྒྱ་ཆེ་ཆུང་དང་།གཏན་འཇགས་ཀྱི་ས་གནས་དང་བྱེད་ཐབས།འཛུགས་སྐྲུན་གཙོ་བོ།རྣམ་གྲངས་ཀྱི་མ་དངུལ་གཏོང་ཚད་སོགས་ལ་ཞིབ་དཔྱོད་ཡག་པོ་བྱེད་དགོས།གོང་གི་རེ་འདུན་ལྟར་ཁྱིམ་ཚང་647ལྷག་ལ་ཡིག་ཚགས་དང་བྱང་བུ་བཟོས་ནས་གནས་སྤོར་བྱས་ཏེ་རྣམ་གྲངས་ལག་བསྟར་བྱེད་དགོས།ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་པ།ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་ནས་རྣམ་གྲངས་ཀྱི་མ་དངུལ་ཐམས་ཅད་ཕྱོགས་བསྡུས་བྱས་ཏེ།ལོ་གཅིག་གི་ནང་རྣམ་གྲངས17ལྷག་དང་སྤྱིའི་མ་དངུལ་1838.72ལག་བསྟར་བྱེད་དགོས།མི་སྣ་2873ལྷག་ལ་ཁེ་ཕན་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་ལ་ཡིག་ཚགས་དང་བྱང་བུ་བཟོས་ཏེ་ཐོན་ལས་རོགས་སྐྱོར་རྣམ་གྲངས་དང་།འཆར་གཞི་ནང་བཀོད་པའི་སྤྱིའི་མ་དངུལ་སྒོར་ཁྲི་1500ལྷག་ཡིན་པའི་ཐོན་ལས་གླིང་གི་རོགས་སྐྱོར་རྣམ་གྲངས་འཛུགས་སྐྲུན་ལག་བསྟར་བྱེད་དགོས།དངུལ་རྩའི་རོགས་སྐྱོར་བྱ་བར་སྐུལ་འདེད་བྱེད་པ།སྒོར་གྲངས་ཉུང་བའི་དངུལ་བུན་གྱི་དབུལ་སྐྱོར་གཞི་རྒྱ་ཁྱབ་ཇེ་ཆེར་བཏང་ནས།དབུལ་སྐྱོར་དངུལ་བུན་གྱི་གཏོང་ཚད་ཤུགས་བསྣན་ནས།ཐོན་ལས་གླིང་ཁུལ་དང་ཁེ་ལས་གཙོ་བོ།ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ།ཁྱིམ་ཚང་གི་ཞིང་ཕྱུགས་ར་བ་སོགས་རྣམ་པ་གསར་བའི་ཉོ་འཚོང་གཙོ་བོ་དང་ཁྱད་ལྡན་ཐོན་ལས་དག་ལ་རོགས་སྐྱོར་བྱེད་དགོས།དབུལ་སྐྱོར་འཆར་གཞིི་ལེགས་པོར་སྒྲུབ་ནས།དབུལ་ཕོངས་སློབ་མའི་རོགས་སྐྱོར་བྱ་བ་ནན་གྱིས་སྒྲུབ་དགོས།ངལ་རྩོལ་གྱི་ནུས་བ་ལྡན་པའི་དབུལ་ཕོངས་ཁྱིམ་ཚང་ལ་དབུལ་སྐྱོར་གྱི་གསབ་སྦྱོང་འཛིན་གྲྭ་ནང་ཞུགས་པའི་གོ་སྐབས་བསྐྲུན་དགོས་པ་མ་ཟད།གསབ་སྦྱོང་ལ་ཞུགས་པའི་རྗེས་ཀྱི་ལས་ཞུགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ།ཚད་གཞི་ལོན་པའི་དབུལ་ཕོངས་ཁྱིམ་ཚང་གི་སློབ་མ་རྣམས་ལ་ཡིག་ཚགས་བྱང་བུ་བཟོས་ནས་ཐོ་འགོད་བྱེད་དགོས་བ་མ་ཟད།རོགས་སྐྱོར་མ་དངུལ་གནང་རྒྱུ་དང་ལས་ཞུགས་དབུལ་སྐྱོར་གྱི་བྱ་བ་མངོན་འགྱུར་ཡོང་དགོས།མུ་མཐུད་དུ་སྤྱི་ཚོགས་རོགས་སྐྱོར་གྱི་བྱ་བ་ནན་གྱིས་སྤེལ་དགོས།མུ་མཐུད་དུ་4321གི་རོགས་སྐྱོར་མ་ལག་འཐུས་སྒོ་ཇེ་ཚང་དུ་བཏང་ནས།ལོ་གཅིག་གི་ནང་དུ་ཉི་འོད་གློག་ནུས་རོགས་སྐྱོར་དང་ཡུལ་བསྐོར་ཐོན་ཁུངས་ཀྱི་ཆ་རྐྱེན་ལྡན་པའི་ཞིང་སྡེ་ལ་ཡུལ་བསྐོར་རོགས་སྐྱོར་གྱི་རྣམ་གྲངས་ལག་བསྟར་བྱེད་རྒྱུ།སྡེ་བ་རིམ་པའི་ཕན་ཚུན་རོགས་སྒྲུབ་ཀྱི་མ་དངུལ་རྩ་འཛུགས་དང་།རོགས་སྒྲུབ་མ་དངུལ་ཀྱི་ཁྱབ་ཚད་གཞི་རྒྱ་ཆེ་རུ་བཏང་ནས།ཕན་ཚུན་རོགས་སྒྲུབ་ཀྱི་མ་དངུལ་དོ་དམ་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས།

        ལོ་ཙཱ་བ།རྟ་མགྲིན་དཔལ།

      མུ་འགོད།