ཡུལ་ཤུལ་ཁུལ་བཟོ་ཚོགས་ཀྱིས་ལས་བཟོ་བའི་རི་མོ་དང་ཡིག་གཟུགས། རྡོ་རིགས་འགྲེམ་སྟོན་གྱི་བྱ་འགུལ་སྤེལ་བ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-04-22 14:33:40      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        ཟླ4པའི་ཚེས20ནས་ཚེས25སྟེ་ཉིན་ལྔ་ཡི་རིང་ལ་ཡུལ་ཤུལ་ཁུལ་བཟོ་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་།ལྔ་གཅིག་ངལ་རྩོལ་དུས་ཆེན་བསུ་མ་བྱེད་ཆེད་ལས་བཟོ་བ་རྣམས་ཀྱི་པར་རིས་དང་ཡིག་གཟུགས།མཛེས་རྩལ།རྡོ་རིགས་སོགས་འགྲེམས་སྟོན་བྱེད་པའི་བྱ་འགུལ་ཡུལ་ཤུལ་མང་ཚོགས་སྒྱུ་རྩལ་ཁང་དུ་སྤེལ་བ་དང་།ཁུལ་གྱི་མགོ་ཁྲིད་དག་དང་ཁུལ་བཟོ་ཚོགས་ཀྱི་ཚོགས་གཙོ།ཁུལ་ལས་ཁུངས་དག་གི་འགན་ཁུར་བ་བཅས་ཐེངས་འདིའི་མཛད་སྒོ་ལ་ཞུགས་པ་རེད།

        ཐེངས་འདིའི་བྱ་འགུལ་ཁྲོད་དུ་འགྲེམས་སྟོན་གྱི་དངོས་རྫས་བསྡོམས་པའི680ལྷག་འདུས་ཡོད་ལ།དེ་དག་ལས་བོད་དང་རྒྱ་ཡི་ཡིག་གཟུགས130ལྷག་དང་ཀརྨ་སྒར་བྲིས་ཐང་ཀ30། མཛོ་ཉག་ཐང་ག50ལྷག མཛེས་རྩལ་པར་རིས190ལྷག་ཡོད་པ་རེད།དེ་མིན་ཡུལ་ཤུལ་ཁུལ་མཐོ་རིམ་སློབ་གྲྭ་གཉིས་པའི་དགེ་སློབ་དག་གི་བརྩམས་ཆོས100ལྷག་དང་རྡོ་རིགས60ལྷག་ཡོད་པ་རེད།


      མགོ་ཁྲིད་དག་གིས་ཐེངས་འདིའི་འགྲེམས་སྟོན་སྟེང་གི་ཡིག་གཟུགས་ལ་བལྟ་བཞིན་པའི་རྣམ་པ།

      ཡིག་མཁན་དག་གིས་ཡུལ་དངོས་ནས་རང་གི་ཡིག་གཟུགས་ཀྱི་མཛེས་རྩལ་ངོམས་བཞིན་པ།

      ཡུལ་ཤུལ་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་གཙོ་འདན་མ་བཀྲ་དགའ་ལགས་ཀྱིས་སྤུ་སྨྱུག་གིས་བོད་ཡིག་འབྲི་བཞིན་པའི་རྣམ་པ།
         ཡུལ་དངོས་སུ་འགྲེམས་སྟོན་བྱས་ཡོད་པའི་ཡིག་གཟུགས་དང་པར་རིས།

      གསར་འགོད་པ།རྡོ་རྗེ་སྒྲོལ་མ།