དམངས་ཡོངས་དཔེ་ཀློག་དང་ཤེས་བྱའི་དབུལ་སྐྱོར་ཞེས་པའི་ཀུན་ཕན་བྱེད་སྒོ་རྨ་འབྲི་རྫ་གསུམ་མི་རིགས་སློབ་འབྲིང་དུ་སྤེལ་བ།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-04-24 09:49:59      རྩོམ་སྒྲིག་པ། : ཁོན་ཐར་འཚོ།
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ད་ལོའི་ཟླ༤བའི་ཚེས༢༣ཉིན་ནི་འཛམ་གླིང་གི་དཔེ་ཀློག་ཉིན་མོ་ཨང་ཉེར་གཉིས་པ་ཡིན་ཞིང་། ཉིན་མོ་དེ་བསུ་ཆེད་ལ་དཔེ་ཀློག་མཚོ་སྔོན་སྟེ་དམངས་ཡོངས་དཔེ་ཀློག་དང་ཤེས་བྱའི་དབུལ་སྐྱོར་ཞེས་པའི་ཀུན་ཕན་བྱེད་སྒོ་ཞིག་ཟླ༤བའི་ཚེས༢༡ཉིན་ཟི་ལིང་དུ་ཡོད་པའི་རྨ་འབྲི་རྫ་གསུམ་མི་རིགས་སློབ་འབྲིང་དུ་བསྐྱོད་དེ་སློབ་གྲྭ་དེ་གའི་དགེ་སློབ་ཡོངས་དང་ལྷན་དུ་དཔེ་ཀློག་ལ་མྱོང་རོལ་བྱས།

ཤེས་གསལ་ལྟར་ན། དཔེ་ཀློག་ལ་དགའ་ཞེན་ཡོང་ཆེད་མཚོ་སྔོན་ཞིང་ཆེན་རྒྱལ་སྤྱིའི་དྲ་སྦྲེལ་གསར་འགྱུར་ལྟེ་གནས་ཀྱིས་རྨ་འབྲི་རྫ་གསུམ་མི་རིགས་སློབ་འབྲིང་དང་མཉམ་འབྲེལ་གྱིས་མཚོ་ཤར་གྲོང་ཁྱེར་ལུང་མདོ་ཆུས་ཀྲུང་པ་བོད་རིགས་ཤང་ལྟེ་གནས་སློབ་གྲྭར་དངོས་ཟོག་གི་གཅེས་སེམས་ཞལ་འདེབས་གནས་ནས་སློབ་མ་དཀའ་ངལ་ཅན་ལ་མ་དངུལ་གྱིས་རོགས་སྐྱོར་བྱས།

 

 

 

 

 

  ལོ་ཙཱ་བ། ཁོན་ཐར་འཚོ།