ཏུན་ཧོང་གཏེར་ཡིག་ལས་བོད་ཀྱི་བཙན་པོ་རིམ་བྱུང་གི་ལོ་རྒྱུས།༣

      ཡོང་ཁུངས། : སྐད་འཕྲིན།      སྤེལ་དུས། : 2017-04-26 10:37:12      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        ཏུན་ཧོང་གཏེར་ཡིག།

        བོད་ཀྱི་བཙན་པོ་རིམ་བྱུང་གི་ལོ་རྒྱུས།

        ལེའུ་བརྒྱད་པ།

        བཙན་པོ་ཁྲི་སྲོང་ལྡེ་བརྩན་རིང་ལ། །ཆོས་བཟང་སྲིད་ཆེ་སྟེ། རྒྱལ་ཁོ་ནི་གནམ་ས་གཉིས་ཀྱི་བར་ཡུལ་དུ་བརྣམ་(263)ཞིང་། འགྲེང་དུད་གཉིས་ཀྱི་རྗེ་དང་བདག་མཛད་པའི་གཙུག་ལག་(264)ཆེན་པོ། མྱིའི་དཔེར་རུང་བར་མཛད་དོའ།།ལེགས་ཀྱི་བྱ་དགའ་ནི་རངས་པར་བྱིན། ཉེས་ཀྱི་ཆད་པ་ནི་དམིགས་སུ་ཕོག་པར་མཛད་དོ།།འཛངས་པ་དང་དཔའ་བའི་རི་མོ་བསྐྱེད་དོ།།ངན་པ་མ་རབས་ནི་ཆིས་(ཚིས་)ཀྱིས་གསོས་སོའ། ། དེའི་ཚེ་བློན་པོ་སྲིད་བྱེད་པ་རྣམས་ཀྱང་བློ་མཐུན་གྲོས་གཆིག་སྟེ། ། པྱིའི་དགྲའ་བྱུང་བ་ལ། ཐབས་དང་ཡེ་མྱིག་ཚེར་བྱེད། །ནང་གི་ཆོས་བྱ་བ་ལ་དྲང་ཞིང་འགྲུས་སུ་བྱེད། །འཕྲག་མྱི་དོག །ཉེས་མྱི་བྱེད། །དཔའ་འཛངས་གཉིས་ནི་རླག་(རློག)པ་བཞིན་བཙལ་ཏེ། འཛངས་པས་དཔའ་བོ་ནི་ཆེ་ས་ཆུང་སར་བསྟོད་ན་ས། ས་ས་ཡུལ་ཡུལ་(265)དུ་བཀོད་དོ། །འབངས་འོག་མ་དལ་ཞིང་ཡུལ་ན་འཁོད་པ་ནི། འཛངས་དྲང་གཉིས་སླབ་བོའ། །དམག་མྱི་སོ་ལ་འཁོབ་པ་ནི་དཔའ་བའི་ཐབས་དང་། རྩལ་སློབ་བོ། །བློ་སྒྱུ་གཉིས་ཀྱི་རླབས་ཆེད་པོས་ཐུབ་པས། །སྡང་དགྲའ་སྡོ་བ་ཡང་མྱེད་དོ། །སངས་རྒྱས་ཀྱི་ཆོས་བླ་ན་མེད་པ་བརྙེསྟེ་མཛད་ནས། །དབུ་མཐའ་ཀུན་ཏུ་གཙུག་ལག་ཁང་བརྩིགས་ཏེ། ཆོས་བཙུགས་ནས། ཐམས་ཤད་ཀྱང་སྙིང་རྗེ་ལ་ཞུགས་ཤིང་དྲན་བས་སྐྱེ་ཤི་ལས་བསྒྲལ་ཏོ། གཡུང་དྲུང་དུ་བཏོན་ཏོ། །རྗེ་བློན་མོལ་ཏེ། ཞང་མཆིམས་རྒྱལ་ཟིགས་ལ་སྩོགས་པས་རྒྱའི་མཁར་ཀིང་ཤི་ཕམ་སྟེ། རྒྱ་རྗེ་གྭང་བུ་ཧྭང་ཏེ་བསྐོས་སོ། །ལེགས་པ་ཞིན་པའི་བྱ་དགའ་གཡུའི་ཡི་གེ་ཆུ་དུ་(ངུ)ནམ་ནམ་ཞར་ཞར་བྱིན་ནོ། །དབའས་སྐྱེས་བཟང་སྟག་སྣང་གིས། །རྒྱའི་དམག་པོན་ཧོན་ཛེ་སངས་དང་། འགུའ་ལོག་སྒང་དུ་གཡུལ་སྤྲད་ནས། རྒྱ་མང་པོ་བཐུངས་སྟེ། འགུའ་ལོག་རྒྱ་དུར་དུ་བཏགསོའ། །སྦྲང་རྒྱལ་སྒྲ་ལེགས་ཟིགས་ཀྱིས་སྟོད་ཕྱོགས་སུ་དྲང་སྟེ། མི་ཛུངསུ་གཡུལ་བཇློག་(བཟློག་)ནས། ལུང་གི་རྒྱལ་པོ་ནུང་ཀོག་མན་ཆད་འབངས་སུ་བསྡུས། དབའས་བཙན་བཞེར་མདོ་ལོད་ལ་སྩོགས་པས། མཁར་ཚན་ཡན་ཆད་དུ་དྲང་སྟེ། མཁར་ཅུ་བ་བརྒྱད་ཕབ་ནས། དོར་པོ་(266)བཏོན་ཏེ་འབངས་སུ་བཞེས་སོ། །ཆབ་སྲིད་ཆེ་སྟེ་ལོང་ཤན་ལ་རྒྱུད་(267)ཡན་ཆད། པྱག་དུ་བཞེས་ནས། མཐོང་ཁྱབ་ཁྲི་སྡེ་ལྔ་བཙུགས། བདེ་བློན་ཁམས་ཆེན་པོ་(268)གཆིག་གསར་དུ་བསྐྱེད་དོ། །བློན་ཆེ་མང་བཞེར་ཟླ་བརྩར་འཛངས་ཤིང་མཁས་པ། བཀྲའ་ཤིས་ཤིང་ཁ་དྲོ་བས། ནོར་བུ་རིན་པོ་ཆེའི་ཡི་གེ་(269)སྩལ་ཏོ། །འབངས་ཀྱི་ནང་ན། དོར་ཏེ་པྱུག་ཚམས་སྟེ་འཛོམ་དཔའ་བའི་མཚན་མར། སྟགི་ཐོག་བུ་(270)སྩལ་ཏོ། །བཙན་པོའི་ཞ་སྔ་ནས། ཐུགས་སྒམ་པའི་རླབས་དང་། དབུ་རྨོག་བརྩན་པོའི་བྱིན་ཀྱིས། །ཉི་ངོག་རྒྱལ་པོ་གཞན་དཔྱའ་ཕབ་པ་དང་། རྒྱལ་པྲན་འབངས་སུ་བཀུག་པ་ལ་སྩོགས་པ་པྱིར། ཆབ་སྲིད་མཐའ་བཞིར་བསྐྱེད། ནང་གི་བདེ་བ་ནི་སྙོམས་པར་མཛད་དེ། །བོད་འབངས་ཀྱི་ནང་ནས་ཞོ་ཤ་(271)འབུལ་འབུལ་བ་རྣམས་ཀྱང་། ཡང་དག་པར་གཡུང་དྲུང་གི་བཀའ་དྲིན་མ་བྱིན་བ་མྱེད་དོ། །བཙན་པོ་འདི་ལས་ཆབ་སྲིད་ཆེ་བ། སྔོན་ཆད་གདུང་རབས་ཀྱིས་མཛད་པ་ལ་ནི་མ་བྱུང་ངོ་། །

        རྒྱལ་པོ་འདི་འི་རིང་ལ། འབྲོ་ཁྲི་གཟུའ་རམ་ཤགས་ཀྱི། སྟོད་ཕྱོགས་སུ་དྲངསྟེ། ལི་འབངས་སུ་བཀུག་ནས་དཔྱའ་ཕབ་བོ། །འུང་གི་འོག་དུ་མྱྭ་དཀར་པོ་འབངས་སུ་མངའ་བ་ལས། གློ་བ་རིངས་པའི་ཚེ། དམག་པོན་འབྲོ་རམ་ཤགས་བཀའ་སྩལ་ནས། བྱག་རྩེད་ནོལ་ཐབས་བཀྱེ་བའི་ཚེ། །འཇང་མང་པོ་བཀུམ་ནས། སྤྱན་ཆེན་པོ་ཉིང་རིམ་(272)དང་། སྣ་ལ་གཐོགས་པ་(273)དང་། དམངས་ཡན་ཆད་སུམ་བརྒྱའི་རྩ་བཅུ་གཉིས་བཟུང་ནས། འཇང་རྗེ་གོལ་གིས་ཀྱང་པྱག་འཚལ་ཏེ། འབངས་རྣལ་མར་བཀུག་ནས། དཔྱའ་ཕབ་སྟེ་སྔ་མཁོ་བཞིན་དུ་བཀོད་དོ། །

        (འདི་མན་གྱི་དུམ་བུ་དེ་སྲོང་བཙན་སྒམ་པོའི་མཛད་པ་ཡིན་ཞིང་། འདིར་བཅུག་ནོར་བ་འདྲ།) རྒྱལ་འདི་འི་རིང་ལ། །ཞང་ཞུང་ལྡེ་བུ། གཉེན་གྱི་ཡང་ངོ་། །འཐབ་ཀྱི་ཡང་སྐལ་(274)ཏེ། །ཞང་ཞུང་བདག་དུའ། །བཙན་མོ་སད་མར་ཀར། །ལིག་མྱི་རྷྱ་ལ་ཆབ་སྲིད་ལ་གཤེགས་སོ། །སྔ་ན་ཤུད་ཀེ་ཟ་རྩལ་ཐིང་ཤགས་མཆིས་སྟེ། བཙན་མོ་དང་ནི་མྱི་བརྣལ་བར། །ལིག་མྱི་རྷྱལ་ཤུད་ཀེ་ཟ་རྩལ་ཏིང་ཤགས་(275)གནང་སྟེ། བཙན་མོ་ཡང་ལིག་མྱི་རྷྱའི་སོ་ནམ་(276)དང་བུ་སྲིད་(277)མྱི་མཛད་ཆིང་ལོག་ཤིག་ན་བཞུགས་པར། ། འདིར་དྲལ་(278)གྱི་སྙན་དུ་གདའ་སྟེ། །བཙན་མོ་དེ་ལྟར་ལོག་པ་བགྱིས་ན། ། ཆབ་སྲིད་ཀྱི་དཀྲུགས་མར་འགྱུར་བས་དེ་ལྡེ་བུ་མ་བགྱིད་པར། ། ལིག་མྱི་རྷྱའི་སོ་ནམ་དང་བུ་སྲིད་ཟུང་ཤིག་ཆེས། སྤུག་གྱིམ་བརྩན་རྨང་ཆུང་བཀའ་སྩལ་ཏེ། །མཁར་ཁྱུང་ལུང་དུ་མཆིས་ན། །བཙན་མོ་མྱི་བཞུགས་ཏེ། །ཆབ་ཉ་ལ་རོལ་(279)ཞིང་། མཚོ་མ་པང་དུ་གཤེགས་ནས། ། རྨང་ཅུང་མ་པང་དུ་མཆིསྟེ། །བཙན་མོ་ཞ་སྔར་པྱག་བགྱིས་ནའ། ། བཙན་མོ་ཞལ་ནས། ། བཙན་པོ་དྲལ་གྱི་ཞ་སྔ་ནས། ། ཐུགས་བདེ་(280)འམ་མྱི་བདེ་ཞེས་བཀའ་སྩལ་ཏོ། །ཐུགས་བདེ་ཞེས་གསོལ་ཏོ། ། རྨང་ཅུང་གློ་བ་བདེ་འམ་མྱི་བདེ་ཞེས་རྨས་ན། གློ་བ་བདེ་ཞེས་གསོལ་ཏོ། འུང་གི་རྗེས་ལ། །བཙན་པོ་དྲལ་གྱིས་བཀའ་འདི་ཞེས་སྩལ་ཏོ་ཞེས་གསོལ་ཏོ། ། བཙན་མོ་ཞལ་ནས། །རྨང་ཅུང་། བཙན་པོ་དྲལ་གྱི་ཞལ་དང་འདྲའ་སྟེ། ། མགྲོན་ཀྱིས་པྱག་ལ་འཚོལ་ཆིག་ཆེས་པྱག་ལ་སྩལ་ནས། །བཙན་མོས། མགུར་བླངས་པའ།།

        ཡུལ་གྱི་(ནི)སྐལ་པོག་པ། །ཁྱུང་ལུང་ནི་རྡུལ་མཁར་ཞིག །མུ་སུ་(281)ནི་གཞན་ན་རེ། །ཕྱི་བལྟས་ནི་ངམ་དང་བྲག །ནང་བལྟས་ནི་གསེར་དང་དབྱིག བདགི་ནི་གཡར་སྔ་རུ། མཆིས་ཆུ་ནི་མ་ཐོ་(282)འམ། །སྐྱ་མོ་ནི་བསེང་བསེང་མོ་(283)། བྲན་གྱི་ནི་སྐལ་པོག་པ། གུ་གེ་ནི་རྐང་པྲན་ཞིག ། འཁོལ་དུ་ནི་མ་ཐོ་འམ། །གུ་གེ་ནི་བདྲིས་ཤིང་སྡང་། །ཟས་ཀྱི་ནི་སྐལ་པོག་པ། ། ཉ་དང་ནི་གྲོ་མཆིས་ཏེ། །འཚལ་དུ་ནི་མ་ཐོ་འམ། ། ཉ་གྲོ་ནི་བཆའ་ཞིང་ཀའ། ། པྱུགས་ཀྱི་ནི་སྐལ་པོག་པ། ཤ་དང་ནི་རྐྱང་མཆིས་སྟེ། ། འཚོ་རུ་ནི་མ་ཐོ་འམ། །ཤ་རྐྱང་ནི་བཙའ་(284)ཞིང་རྒོད། །ཀྱེ་བྱང་འབྲོག་ནི་ཡ་བི་(285)ན། ། ཕོ་མའི་(286)ནི་འབྲོང་གཆིག་པ། །བྱང་འབྲོག་ནི་འབྲོང་དགུམ་ན། །པུ་ནས་ནི་ཁུས་འདེབས་པའ་(287)། །ལྡོང་ཐོང་(288)ནི་འཕན་གྱིས་ཐོབ། །མདའ་ནས་ནི་གཡབ་འདོར་བ(289)། །སྐྱི་འི་ནི་ཤ་དང་སྤུག ། དབུས་ནས་ནི་དཔོར་འཕེན་བ། ། ཡར་ཀྱི་ནི་ལྷོ་དང་རྔེགས། ། པུ་ནས་ནི་ཁུས་བཏབ་ཆིང་། ། མདའ་ནས་ནི་གཡབ་བོར་ནས། ། དེ་འི་ནི་བར་བར་དུ། ། ཕོ་མའི་ནི་(འབྲོང་)བཀུམ་ཞིང་། ། ཐུར་ཐུར་(290)ནི་པྱིང་བའི་བཅུད། །རུ་རྒྱུད་ནི་ལྡོང་ཏོང་སྩལད། །ལྦོ་ཤོག་(291)ནི་ཤ་སྤུག་(292)སྩལད། །མཆིལ་པའི་(293)ནི་རུ་སྲུབས་(294)ལ། །སྟགི་ནི་ཤ་བཏགས་ཤིང་། ། གཡས་སུ་ནི་མ་ཡོ་(295)ཤིག གཡོན་དུ་ནི་མ་རྡལ་(296)ཆིག །གཡས་སུ་ནི་ཡོ་བ་ན། སོ་བྱ་(297)ནི་གྲེ་བོ་ཆུང་། །གཡོན་དུ་ནི་རྡལ་བ་ན། ། སྲམ་བུ་ནི་གོང་ཏེ་དངུལ་(298)། །མར་གྱི་ནི་ཆང་ཆང་(299)ལ། །གཡུར་གྱིས་(300)ནི་མ་མནབས་(301)ན། །སང་པྱི་ནི་གནངས་སླད་ན། སྲམ་གྱིས་ནི་འཚལ་ཏ་རེ། །ཉ་མོ་ནི་མཐོང་རྒོལ(302)ཞིག མཐོང་རྒོལ་ནི་མཐོང་ལ་རྒོལ། །མཆིལ་པའི་ནི་སྣང་(སྣར་)ཐོགས་ཤིག སྣང་(སྣར་)ཐོགས་ནྀ་སྣང་(སྣར་)ལ་ཐོགས། །རིང་གི་ནྀ་གོད་(གོང་)ལེན་(303)དང་། ། ས་འྀ་ནི་ཤེལ་མྱིག་(304)གཉིས། ག་མྱྀ་ནི་གྱྀ་གོ་ལྟ་(305)། །ཇེ་ཉེ་ནྀ་ཇེ་ཉེ་ན། །ཡར་པ་ནྀ་དགུང་དང་ཉེ། །དགུང་སྐར་ནྀ་སུ་ལྀ་ལི་(306)ཇེ་ཉེ་(ནི་)ཇེ་ཉེ་ན། །གླ་སྐར་ནྀ་བྲག་དང་ཉེ། །བྲག་དཀར་ནྀ་སི་ལྀ་ལི། །སྡུར་(སྤུར་)བ་ནྀ་ཆབ་དང་ཉེ། །གྱུར་སྲམ་(307)ནྀ་པྱོ་ལ་ལའ་(308)། །ཉེན་ཀར་ནྀ་དོག་དང་ཉེ། །འབྲས་དྲུག་ནི་སི་ལྀ་ལི། །མལ་ཏྲོ་ནྀ་ཀླུམ་དང་ཉེ། །སྐྱི་བསེར་ནི་སྤུ་རུ་རུ་(309)། །ཇེ་ཉེ་ནི་ཇེ་ཉེ་ན། །ར་ཉེ་(310)ནི་ཤུགས་(པ)ཐུ། །ཡར་གྱི་ནི་བྱེ་མ་ལ། ལྷན་ལྷན་(311)ནྀ་འགྲོས་མོ་འདི། །སྐྱི་འི་ནྀ་པུར་ཐབ་སུ། །ཟ་དུར་(312)ནྀ་བཏབ་ཀྱང་རུང་། ། ཞེས། མགུར་བླངས་པ་འྀ་རྗེས་ལ། རྨང་ཅུང་མཆིད་ཕྱག་(313)བགྱིས་པ་ལས། ། བཙན་པོ་དྲལ་ལ། །བཀའ་ལན་ཡི་གེར་གསོལ་བ་ནྀ་ཆང་མ་མཆིསོ། །བཙན་པོ་དྲལ་གྱི་ཞ་སྔ་ནས་ཐུགས་བདེ་ཞིང་བཞུགས་པ་གློ་བ་དགའ་ཞིང་མཆིས་སོ། །བཙན་པོས་བཀའ་སྩལ་པ་ནྀ། །གུམ་ཆད་(314)གཉིས། རྔོ་ཇྀ་ཐོག་གིས་འཚལ་ཞིང་མཆིས་སོ། །བཙན་པོ་འི་པྱག་དུ་འདྀ་པུལ་ཆིག་ཆེས། ཞུ་གཡས་(315)ཞུ་(316)གཆིག་པྱག་རྒྱས་བཏབ་ནས་བསྐུར་རོ། །གྱིམ་བརྩན་རྨང་ཅུང་སླར། །བཙན་པོ་སྤྱན་སྔར་མཆིས་ནས། །བཙན་མོས་བཀའ་ལན་ཡྀ་གེར་གསོལ་པ་ནྀ་ཆང་མ་མཆིས། །མགུར་བླངས་པའྀ་ཚིག་ནི་འདྀ་ཞེས་མཆི། །པྱག་རྒྱས་བཏབ་སྟེ་སྐུར་བ་འདྀ་ལགས་ཤེས་གསོལ་པ་ལས། །ཞུ་པྱག་རྒྱ་པྱེ་སྟེ། གཟིགས་ན། གཡུ་རྙིང་བཟང་པོ་སུམ་ཅུ་ཙམ་ཞིག་བྱུང་སྟེ། བཙན་པོ་དགོངས་དགོངས་ནས། ཡུ་བུལ་ལིག་མྱྀ་རྷྱ་ལ་རྒོལ་ཕོད་ནྀ་གཡུ་ཐོགས་ཤིག རྒོལ་མ་ཕོད་ན་ནི་བུད་མྱེད་དང་མཚུངས་ཞུ་གྱོན་ཆིག་ཟེར་བ་ལྟ་ཞེས་བཀའ་སྩལ་ནས། །རྗེ་བློན་བློད་བློད་(317)དེ། ། ལྀག་མྱི་རྷྱ་འྀ་སྲིད་བརླག་གོ། །

        ༇ རྒྱལ་འདྀ་འི་རིང་ལ། །ཞང་ཞུང་གྀ་རྒྱལ་པོ་ལ་དྲངས་སྟེ། ཆབ་སྲིད་མཛད་ནས། །ཞང་ཞུང་གི་རྒྱལ་བོ་ལྀག་མྱི་རྷྱ་སྲིད་བརླག་སྟེ། ཞང་ཞུང་ཐམས་ཅད་འབངས་སུ་བཀུག་གོ འུང་གྀ་རྗེས་ལ། །བཙན་པོ་རྗེས་འབངས་དགྱེས་སྐྱེམས་སྟོན་མོ་(318)གསོལ་ཏེ། བཙན་པོ་ཁྲི་སྲོང་བརྩན་གྱིས་མགུར་བླངས་པ།།

        ཀྱེ་རྗེ་འི་ནྀ་མཚན་འདི་(འདྲྀ)། །ཁྲྀ་འི་ནྀ་སྲོང་བརྩན་ཞིག། ། བློན་གྱྀ་ནི་མྱིང་བ་འདྀ། །སྟོང་རྩན་ནི་ཡུལ་ཟུང་ཞྀག། ཆྀབས་ཀྱྀ་ནི་མྱིང་བ་འདྀ། །རྔུལ་བུ་ནྀ་མྱིང་བ་འདྀ། །གཙང་གཙང་ནི་ཡང་ཡང་ལྟ། །ཡུ་བུ་

        (319)ནྀ་རྗེ་དང་བློན། །ཡར་མོ་ནི་ཆུ་ཐུངས་ཀྱིས། །མདོ་ནས་ནྀ་རྩང་དུ་བསྲིང་། །ཡར་མོ་ནི་ཞེང་ཆུངས་ ཀྱིས། །ལྷོ་ནས་ནྀ་བྱང་དུ་བསྐྱེད། །མ་ཐུན་(320)ནི་མཐའ་བཞི་རྒྱལ། །ཡུ་བུ་ནི་རྗེ་དང་བློན། །རྗེ་འིས་ནི་འབང(319)ནྀ་རྗེ་དང་བློན། །ཡར་མོ་ནི་ཆུ་ཐུངས་ཀྱིས། །མདོ་ནས་ནྀ་རྩང་དུ་བསྲིང་། །ཡར་མོ་ནི་ཞེང་ཆུངས་ ཀྱིས། །ལྷོ་ནས་ནྀ་བྱང་དུ་བསྐྱེད། །མ་ཐུན་(320)ནི་མཐའ་བཞི་རྒྱལ། །ཡུ་བུ་ནི་རྗེ་དང་བློན། །རྗེ་འིས་ནི་འབངས་མ་གཏང་། །རྗེ་འིས་ནི་འབངས་བཏང་ན། །གནམ་མཐའི་ནི་སྲུང་དུ་རུང་། །འབངས་ཀྱིས་ནི་རྗེ་བཏང་ན། །ངས་པོ་ནི་རྨད་དུ་རུང་།མགུར་དེ་ཞེས་གསུངས་སོ། །མགུར་གྱི་ལན། །བློན་སྟོན་རྩན་གྱིས་གསོལ་བ། །

        རྗེ་འིས་ནི་བཀའ་སྩལ་པ། གཞའ་པྱི་ནི་ཡུན་ཀྱི་སྲིང་། བྱ་འིས་ནི་ཞུ་པུབ་པ། །ལ་པྱི་ནི་གདང་སུ་དྲོ། ། གློ་བ་ནི་མང་(མར་)ཀུ་རྒྱ(321)། །ནམས་ཀྱང་ནི་ཡར་མྱི་པོ་(322)། གད་(གར)(323)ཀྱི་ནི་གསེར་པོ་ཆེ། །ནམས་ཀྱང་ནི་པྱིང་བའི་བཅུད། །རྗེ་འིས་ནི་འབངས་མ་གཏང་། །རྗེ་འིས་ནི་འབངས་བཏང་ན། །བྱ་བང་(324)ནི་ཐང་ལ་ཐས། །འབངས་ཀྱིས་ནི་རྗེ་མ་གཏང་། །འབངས་ཀྱིས་ནི་རྗེ་བཏང་ན། །འཇོན་མོ་ནི་ཤིང་ཀ་རེབས(325)། །སང་པྱི་ནི་གནངས་སླད་ན། །ནམ་ནམ་ནི་ཞ་ཞ་རུ། །རི་གང་ནི་ཁུས་བཏབ་ཀྱང་། །བྱ་པུ་ནི་ཁུས་མ་གཏབ། །ལུང་གང་ནི་རྟས་བཆགས(326)ཀྱང་། །གསེར་གད་ནི་རྟས་མ་བཆག། །མོལ་མོལ་ནི་འཆམ་འཆམ་ན། །མཁའ་མཆིད་ནི་མྱིས་མྱི་མཉན། །འཆམ་འཆམ་(327)ནི་འདྲུལ་འདྲུལ་(328)ན། ཆགས་ལམ་(329)ནི་ཆུས་མྱི་སྦང་།

        ཀླུ་དེ་ཞེས་བླངས་སོ། །བླ་ན་རྗེ་སྒམ་ན། ཁྲི་སྲོང་བརྩན། འོག་ན་བློན་འཛངས་ན་སྟོང་རྩན་ཡུལ་ཟུང་། རྗེ་ནི་གནམ་རི་པྱྭའི་ལུགས། །བློན་པོ་ནི་སའི་ངམ་ལེན་(330)ན་གྱི་ཚུལ། །མངའ་ཐང་ཆེན་པོའི་རྐྱེན་དུ། ཇི་དང་ཇིར་ལྡན་དེ། །པྱི་འི་ཆབ་སྲིད་པྱོགས་བཞིར་བསྐྱེད། །ནང་གྱི་ཁ་བསོ་ནི་མྱི་ཉམས་པར་ལྷུན་སྟུག་(331)། འབངས་མགོ་ནག་པོ་ཡང་མཐོ་དམན་ནི་སྙམས། དཔྱའ་སྒྱུ་ནི་བསྐྱུངས་(332)། དལ་དུ་ནི་མཆིས། སྟོན་དཔྱིད་ནི་བསྐྱལ། །འཁོར་བར་ནི་སྤྱད། འདོད་པ་ནི་བྱིན། གནོད་པ་ནི་པྱེ། བཙན་པ་ནི་བཅུགས། སྡོ་བ་ནི་སྨད། འཇིགས་པ་ནི་མནན། བདེན་པ་ནི་བསྙེན། འཛངས་པ་ནི་བསྟོད། དཔའ་བོ་ནི་བཀུར། སྨོན་པར་ནི་བཀོལ། ཆོས་བཟང་སྲིད་མཐོ་སྟེ། མྱི་ཡོངས་ཀྱིས་སྐྱིད་དོ། བོད་ལ་སྔ་ན་ཡིགེ་མྱེད་པ་ཡང་། །བཙན་པོ་འདི་འི་ཚེ་བྱུང་ནས། ། བོད་ཀྱི་གཙུག་ལག་བཀའ་གྲིམས་ཆེད་པོ་དང་། བློན་པོ་འི་རིམ་པ་དང་། ཆེ་ཆུང་གཉིས་ཀྱིས་དབང་ཐང་དང་། ལེགས་པ་ཟིན་པའི་བྱ་དགའ་དང་། ཉེ་ཡོ་བའི་ཆད་པ་དང་། ཞིང་འབྲོག་གི་ཐུལ་ཀ་(333)དང་དོར་ཀ་(334)དང་། སླུངས་(335)ཀྱི་གོ་བར་(336)བསྙམས་པ་(337)དང་། བྲེ་པུལ་དང་། སྲོང་(སྲང་)ལ་སྩོགས་པ། བོད་ཀྱི་ཆོས་ཀྱི་གཞུང་བཟང་པོ་ཀུན། །བཙན་པོ་ཁྲི་སྲོང་བརྩན་གྱི་རིང་ལས་བྱུང་ངོ་། །མྱི་ཡོངས་ཀྱིས་བཀའ་དྲིན་དྲན་ཞིང་ཚོར་བས། །སྲོང་བརྩན་སྒམ་པོ་ཞེས་མཚན་གསོལ་ཏོ། །

        ལེའུ་དགུ་པ།

        མགར་གློ་བ་རིངས་པའི་ཚེ། །བཙན་པོ་འདུས་སྲོང་གིས་མགུར་བླངས་པ། །

        ཀྱེ་གནའི་ནི་ཐོག་མ་རུ། གཞེ་འི་ནི་དང་པོ་ལ། དགུང་སྔོན་ནི་མ་འོག་གི །དོག་མོན་ནི་ཡ་སྟེངས་ན། །གཙུག་གཙུགས་(338)ནི་བཙུགས་ལེགསསྟེ། མཐོས་ཏེ་ནི་དགུས་མྱི་རྡིབ། །དོག་མོན་ནི་སྡིང་མྱི་ཉམས(339)། དགུང་ལ་ནི་གཉི་ཤར་བ། །དྲོ་དྲོ་ནི་ས་ལ་དྲོ། །སྒྲོ་བཏགས་ནི་བཏགས་ལེགས་སྟེ། བཙའ་(340)ན་ནི་དཔལ་ཡང་དཔལ། །འཕངས་ན་ནི་ཤ་ཡང་ཁུམས། །ཤ་ཁུམས་ནི་མྱི་ཡང་གསོས། །གྱེ་དེ་རིང་ནི་སང་ལྟ་ན། །དོག་སྲིང་ནི་སྦུར་བུ་འིས། །བྱ་ལྟར་ནི་བཙོས་བཙོས་(341)སྟེ། གནམ་དུ་ནི་འཕུར་འདོད་ཀྱང་། །འཕུར་དུ་ནི་འདབ་མ་མཆིས། །འཕུར་དུ་ནི་འདབ་མཆིས་ཀྱང་། །དགུང་སྔོ་ནི་ཕང་མཐོས་སྟེ། །སྤྲིན་(དཀར་)ནི་གོ་གྱི་འདའས། །ཡ་རུ་ནི་དགུང་མ་སླེབས། །མ་རུ་ནི་དོག་མ་སླེབས། །མ་མཐོ་ནི་མ་དམའ་སྟེ། །ཁྲ་འི་ནི་གཟན་དུ་གྱུརད། །བྱ་པུ་(342)ནི་ལུང་ཆུངས་ན། །འབངས་ཤིག་ནི་རྗེ་རུ་རེ། མགར་མུ་ནི་རྗེ་རུ་རེ། སྦལ་པ་ནི་འཕུར་རུ་རེ། །འབངས་ལས་ནི་རྗེ་རེ་བ། མཐིང་བྲང་ནི་གྱེན་དུ་འགྱུར། །པ་བོང་ནི་རི་ལ་འདྲིལ། །བྱ་མདའི་ནི་སྨྲ་འོར་གྱིས། །གྱེན་དུ་ནི་འདྲིལ་འདྲིལ་ཡང་། །ཤན་(ཤམ)པོ་ནི་རྩེ་མོ་རུ། །པྱིན་སྙམ་ནི་ལེང་མྱི་བགྱིད།།ཤམས་པོ་ནི་གངས་དྲུང་དུ།།སྣང་(343)དང་ནི་ཞུགས་བལྟམ་(344)ཡང་། །ཤམ་པོ་ནི་གངས་མྱི་ཞུ། །ཡར་ཆད(ཆབ་)ནི་སྔོན་པོ་ལ། །ཆུ་བཆད་ནི་ཡུར་དྲངས་ཀྱང་། །ཡར་ཆབ་ནི་གཟུང་མྱི་སྐམས། །བོད་ཀྱི་ན་སྤུ་རྒྱལ་དུ། །སེམས་ཤིང་ནི་རེ་རེ་ཡང་། །སྤུ་རྒྱལ་ནི་གདུང་མྱི་འཆད། །བྱ་པུ་ནི་ལུང་ཆུངས་ནས། །གླང་ཞིག་ནི་རྫི་ལངས་ཀྱང་། །ཕོ་མའི་ནི་སྡིང་པོ་ཆེ་(345)། །རྫི་ལངས་(346)ནི་སྣར་མྱི་མནམ་(347)། །རྫི་ལངས་ནི་སྣར་མནམ་ཡང་། །ཁུས་བཏབ་ནི་སྡིང་མྱི་གཡོའ་(348)། །མོན་ཀའི་ནི་སྟག་ཆིག་པའ། །བྱ་ལྡིངས་ནི་མྱི་མྱི་ལྟ། །བསྲོགས་(349)ཀྱང་ནི་སྤུ་མྱི་ལངས། །ཙེང་ལྡེང་ནི་བྲ་གུ་དང་། །ཡར་ལྷ་ནི་ཤམ་པོ་གཉིས། གང་ཆེ་ནི་གང་ཆུང་བ། །འགྲེང་བརྒྱའ་ནི་ཀུན་ཀྱང་འཚལ། །སྐྱ་ཆུ་ནི་སྔོན་མོ་དང་། ཡར་ཆབ་ནི་ཆུ་བོ་ཆེ། །གར་རིང་ནི་གང་ཐུང་བ། །ཐང་ལྷ་ནི་ཡ་བཞུར་(350)མཁྱེན། །གནུབས་མཚོ་(351)ནི་གླིང་དགུའ་དང་། གྲང་པོ་ནི་མཚོ་ལེ་གོང་། །གང་ཆེ་ནི་གག་ཆུང་བ། །ཤ་མྱེད་ནི་གངས་ཀར་(352)མཁྱེན། །པྱ་མདའི་ནི་ཁང་སྐྱ་དང་། པྱིང་བ་འི་ནི་སྟག་རྩེ་གཉིས། །གང་མཐོ་ནི་གག་དམའ་བ། །ཡར་ལྷ་ནི་ཤམ་པོ་མཁྱེན། །བྱ་པུ་ནི་ལུང་ཆུངས་ན། །མཁར་ཁོལ་ནི་རྨང་བ་(353)དང་། །ཡར་ལུངས་ནི་པྱིང་ལུངས་ན། །ལྷོ་རྔེགས་ནི་འཕན་པ་གཉིས། །གང་འཕན་ནི་གག་རགས་པ། །གཉི་ཟླ་ནི་ཡ་བིས་གཟིགས། །ལྷེ་འུ་རྗེ་ནི་ཟིན་དགས་(354)མཁྱེན། །འགྲེང་བརྒྱའ་ནི་ཀུན་ཀྱང་འཚལ། །ཡར་མོ་(355)ནི་རྫི་ལངས་པས། །བ་བདག་ནི་ངོ་མ་འཚལ། །འབངས་ཀྱིས་ནི་རྗེ་བཀོལ་ཏམ། །རྗེ་འིས་ནི་འབསང་བཀོལ་བའ། །དགུང་སྔོན་ནི་ཡ་བི་མཁྱེན། །མྱི་འིས་ནི་རྟ་བཞིན་ནམ། །རྟ་འིས་ནི་མྱི་བཞོན་བ། །པྱྭ་འི་ནི་གཙུག་མཁན་(356)མཁྱེན། །རྩི་འིས་ནི་ཟོར་གཆད་དམ། །ཟོར་གྱིས་ནི་རྩྭ་གཆད་པ། །དོག་མོན་ནི་མ་བི་(357)མཁྱེན། །ད་ཙམ་ནི་དགུང་མཐའ་ཡང་། །གཉི་ཟླ་ནི་སྤྱན་གྱིས་གཟིགས། །དགུང་སྔོ་ནི་སྙན་གྱིས་གསན། །པྱྭ་འི་ནི་གཙུག་མྱི་འགྱུར། །མདའི་ནི་སྒྲོ་མྱི་འབོག །བདེན་ནམ་ནི་བརྫུན་པ་འདི། །སང་པྱི་ནི་གནངས་སླད་ན། །འབངས་ཀྱིས་ནི་རྗེ་མྱི་བཀོལ། །རྟ་འིས་ནི་མྱི་མྱི་ཞོན། །རྩི་འིས་ནི་ཟོར་མྱི་གཆད། པྱིང་བའི་ནི་སྟག་རྩེ་ན། སྤུ་རྒྱལ་ནི་གདུང་མྱི་འཆད། །དེ་རིང་ནི་སང་ལྟ་ནའ། །བྱ་པུ་ནི་ལུང་ཆུངས་སུ། འུར་པུ་(358)ནི་ཁྱུ་ཆིག་པོ། འུར་བས་ནི་བསྐྱོད་དྲགས་པས། །མ་མོ་ནི་ཁྲ་འིས་འཚལ། །འུར་པྲུག་ནི་ཐང་ལ་གྲམ། །སང་པྱི་ནི་གནངས་སླད་ན། ནོངས་ཤིང་ནི་མ་འགྱོད་ཆིག གསེར་གྱི་ནི་དོང་རལ་ན། །གཡུ་འི་ནི་མདའ་ཆིག་མ། །མ་འཕངས་ནི་ཤ་མྱི་ཁུམས། །འཕངས་ན་ནི་རལ་ཡང་སྟོངས། །རེ་ན་ནི་གཐང་དུ་ན། །རེ་དཀུའ་ནི་མཚུལ་(359)དུ་དཀུའ། །བཙན་པོ་ཁྲི་འདུས་སྲོང་། འདམ་གྱི་ཅོག་རོ་ཟ་དང་། འབྲེ་མཛད་པའི་ཚེ། །ཁེ་རྒད་རྒྱལ་ཏོ་རེ་མདོ་སྨང་གིས་མཆིད་བླངས་པ།

        རུ་ཐུང་(360)ནི་བསར་ང་བ། ཀོང་ཁྱིམ་(361)ནི་སྤྱན་བུ་ཅུང་། །རིས་བཀྲའ་(362)ནི་བསར་ང་བ། །མོན་ཀའི་(ནི་)སྟག་ཆིག་པ། བཙན་ཏེ་ནི་མྱི་མཁས་པ། རྒྱ་དྲུག་(363)ནི་དགུང་མཐའི་རྗེ། །མྱོག་(364)སྟེ་ནི་མྱི་མཁས་པ། །ཤུ་མ་ནི་རྒྱལ་མ་གཉིས། །དྲག་སྟེ་ནི་མྱི་མཁས་པ། །མཚོ་གར་ནི་འབྲོང་གི་རུ། །རྣོ་སྟེ་ནི་མྱི་མཁས་པ། །མདོ་ལྕགས་ནི་སྟེའུ་ཀ་ན། །འཛངས་ཤིང་ནི་སྲི་ཞུ་བ། །ཡར་ཀྱི་(ནི་)ལྷོ་རྔེགས་ཟའ། །ངན་ཞིང་ནི་ཕོ་(365)ཆེ་བ། །འདམ་གྱི་ནི་ཅོག་རོ་ཟ། །དྲི་ངན་ནི་ཉ་འི་དྲི། གཡའ་ངན་ནི་ཟངས་ཀྱག་གཡའ། །སྐུ་འི་ནི་རིང་སྟོད་དུ། །གཡང་(366)གི་ནི་ཡུགས་(367)བབ་བམ། །སྐུ་འི་ནི་རིང་སྨད་དུ། །ཚེར་(368)ཀྱི་ནི་ཡུགས་ལྷུང་ངམ། །སྤུན་(སྔུན)ན་ནི་འདྲེན་པ་འདི། །ཁྲི་(ཁྱི་)གདའས་(369)ནི་ཡུལ་བྱིན་དང་། མདོ་གྲགས་(370)ནི་དགུང་དང་ཉེ། །སླད་ནས་ནི་རྟོན་པ་འདི། །རྒྱལ་ཚན་ནི་སྣང་གྲགས་དང་། མུ་ཀེན་ནི་ཀླུ་ཅུ་རྨད། དབུས་ནས་ནི་འཕེན་རྟོན་པ་འདི། །ཆེའམ་ནི་ཆུང་མ་འཚལ། །འདུས་སྲོང་ནི་མང་པོ་རྗེ། །སྐུ་ལ་ནི་འཕྲུལ་ཡང་མངའ། །འོག་ན་ནི་བཆིབས་པ་འདི། །རྒྱལ་མ་ནི་མཐའ་བཞི་འདུལ། །མགྱོགས་སམ་ནི་བུལ་མ་འཚོ། །རྨྱིག་རྗེས་(371)ནི་མྱིལ་མྱི་མཐོང་། །རྗེ་ཆིག་ནི་མང་པོ་རྗེ། གཤེགས་སོ་ནི་ནང་(མང་)པོ་རྗེ། །བཞུགས་ཀྱང་ནི་འོད་མྱིར་རོ། །གཤེགས་ཀྱང་ནི་དང་མ་ཆགས། །ཅོག་རོ་ཟས་མཆིད་བླངས་པའི་ཚིག་ལ། །ཀྱེ་འདམ་གྱི་ནི་ཐང་ཀར་དུ། །ལྷ་གཤེགས་ནི་ཞལ་མ་འཚོལ། །ལྷ་གཤེགས་ནི་ཞལ་འཚོལ་ན། །དུད་དེ་ནི་པྱག་ཀྱང་འཚལ། །པྱག་མདའ་ནི་སླེབས་ཀྱིས་འཛིན། །དེ་འི་ནི་མན་ཆད་ལ། །དུད་དེ་(ནི་)པྱག་འཚལ་དུ། །སོགས་བུ་(372)ནི་ཡུ་བ་ཐུངས། །འགྲེང་སྟེ་ནི་པྱག་འཚལ་དུ། །སྟེན(སྟོན་)ཀྱི་ནི་ཆོས་མ་ལགས། །

        ལེའུ་བཅུ་པ།

        བོད་ཀྱི་བློན་པོ། མགར་ཁྲི་འབྲིང་བཙན་བྲོད་དང་། །རྒྱ་འི་བློན་པོ་འྭོང་ཀེར་ཞང་ཤེ་གཉིས། །ཁ་དོར་(373)གྱིས་བརྒྱའ་(བརྒལ་)བ་འི་ཚིག །རྒྱ་འི་དམག་བྱིན་ཆེད་པོ། །དམག་པོན་འྭོང་ཀེར་ཞང་ཤེས་བདྲའསྟེ།། དཔུང་གིས་པུལ་ནས། མཚོ་སྔོན་པོ་པྱོགས་ཀྱི་དམག་དཔོན། །མགར་ཁྲི་འབྲིང་བཙན་བྲོད་འཚལ་བ་ལ། ། འྭོང་ཀེར་ཞང་ཤེས་སྤྲིང་བའ། །ཁྲེ་རྐྱལ་གང་དང་། །ཡུངས་འབླུ་(374)(འབལུ་)གང་བསྐུར་ཏེ། །བོད་ཀྱི་དམག །སྟག་འཕྲང་གཡག་འཕྲང་རྡུ་བགྲངས་པ་འི་གྲངས་ཀྱང་ང་ལ་ཡོད་དོ། ། གླད་པ་ལ་ཚད་བླངས་སྟེ། །ཞྭ་ར(རུ)དྲུབས་(375)། རྐང་པ་ལ་ཚད་བླང་སྟེ་ལྷམ་དུ་དྲུབས། བོད་ཀྱི་དམག་ཐུབ་པ་ཙམ་དུ་བརླབས་(བརླེབས)ནས། ། ང་འི་དམག་འདི་སྙད་(376)(སྙེད)ཆིག་ཡོད་དོ། ། མགྲིམ་པྲ་མོར་ཤོང་ན། །ལྟོ་ཆེད་པོར་ཞུགས་ཀྲང་། །གིས་གནམ་པྱགས་ཆེད་པོས་བཏབ་སྟེ། གཆིག་མྱི་དགྱེའོ། །

        མགར་ཁྲི་འབྲིང་གིས་ལན་བཏབ་པའ། །མང་ཉུང་གི་ཁར་མྱི་དོང་རོ། །བྱིའུ་མང་མང་ཡང་ཁྲ་ཆིག་གི་ཉོད་པའ་(377)།། ཉེ་འུ་མང་མང་ཡང་སྲམ་ཆིག་གི་ཉོད་པ། །ཤ་བ་ལྭ་མང་སྟེ་འགྱེན་(378)ཏམ། གཡག་རུ་ཐུངེ་སྟེ། འགྱེན་པ་བལྟའོ། །ཐང་ཤིང་ལོ་བརྒྱར་སྐྱེས་པ་ཡང་། །སྟ་རེ་གཆིག་གི་དགྲ་འོ། །ཆུ་གཞའ་གསང་(379)དུ་སོང་བ་ཡང་། ། གྲུ་མདོམ་གང་གིས་སྐ་ཆིག་(380)ཆོད་དོ། །ནས་འབྲས་ཐང་གང་སྐྱེས་པ་ཡང་། རང་ཏག་(381)གཆིག་གི་ནང་དུ་ཆིབ་བོ(382)།། སྐར་མ་གནམ་གང་ཡོད་པ་ཡང་ཉི་མ་གཆིག་གི་འོད་ལ་མྱེད་དོ། །ལུང་པ་གཆིག་གི་མདའ་ནས་མྱེ་〔པ་གཆིག་〕མཆེད་ན། རི་ལུང་གཉིས་ཀྱི་ཤིང་རྩི་(383)ཀུན་ཚིག་པ་ཡང་ཡོད། ། ཆུ་མྱིག་གཆིག་གི་དངོའ་(384)ནས། དབའ་རྒལ་(385)ཞིག་བྱུང་ནའ། །རི་ཐང་གི་ཤིང་རྩི་ཀུན་ཁྱེར་བ་ཡང་སྲིད་དོ། །བོང་པ་ཐང་གང་གི་ནང་དུ།། རྡོ་བ་གཆིག་འདྲིལ་བུ་བཅུག་ན། རྡོ་ཚག་﹙ཆག་﹚གམ། བོང་པ་ཚད་﹙ཆག་﹚པ་ལྟ་འོ། །ཐང་ཆེད་པོ་གཆིག་ལ། རྩྭ་ཁུར་གཆིག་དང་། སྨྲག་﹙སྨྱུག་﹚ཤད་ཀྱི་ལྕག་གཆིག་བཆིན་﹙བཅིང་﹚བཞག་ན། རྩྭ་ཁུར་གཆིག་དང་། རྩྭ་སྔར་འདྲུལ་(386)ལམ། ལྕག་སྡུན་﹙སྔུན﹚དུ་འདྲུལ་བ་བལྟ་འོ། །ཆུ་ཟངས་གང་གི་ནང་ན། །ལན་ཙ་ཀྱོར་གང་(387)བཏབ་ན། ཆུ་བྲོ་འམ། ལན་ཙ་བྲོ་བ་བལྟའོ། །འབྲུག་དང་ཀློག་བརྟེ་བུ་ལྕེ་གྲང་ཉུང་མོད་ཀྱོང་། ། གནམ་མཐའ་བཞིར་གྲགས་ལ་བརྩན་ཞིང་ཆེའོ། །ཁྱོད་ཀྱི་དམག་ནིའ་མཚོ་ག་འི་སྦྲང་བུ་དང་འདྲའ་སྟེ། ནང་﹙མང་﹚ཞིང་འཁོལ་ལ་མྱི་ཕན་ནོ། །རི་ཀ་འི་ན་བུན་དང་མཚུང་སྟེ། མྱི་ལ་མྱི་ལྕི་འོ། །ང་འི་དམག་ནི་རྩྭ་མང་པོ་ལ་ཟོར་བ་གཆིག་གིས་གཆོད་པ་དང་མཚུང་སྟེ་ཆོད་ཀྲང་། ། གཡག་ཆེད་པོ་ལ་མདའ་ཕྲ་མོས་འཕངས་ན་སོད་ཀྲང་། འྭོན་ཀེར་ཞང་ཤེས་ལན་བཏབ་པའ། །སྒོ་ང་ཆུང་ངུ་། རི་ཆེད་པོ་འི་ལྗིད་ཀྱིས་མནན་ན་ཚོགས་ཀྲང་། མྱེ་འབའར་བ། མཚོ་ཆེད་པོའི་རླབས་ཀྱིས་བསད་ན་སད་ཀྲང་། མགར་ཁྲི་འབྲིང་གིས་ལན་བཏབ་པའ། རི་ཆེད་པོའི་སྟེང་ན་བྲག། བྲག་གི་ཁ་ན་ཤིང་། ཤིང་གི་ཁ་ན་ཚང་། ཚང་གི་ཁ་ན་སྒོ་ང་སྟེ། རི་མ་རྙིལ་བར་བྲག་མྱི་འདྲལ། བྲག་མ་རལ་བར་ཤིང་མྱི་འཆགས། ཤིང་མ་ཆག་དང་ཚང་མྱི་ཞིག ཚང་མྱི་ཞིག་བར་སྒོ་ང་མྱི་ཆག་སྟེ། རིས་སྒོ་ང་གཆག་དུ་དེ་ལྟར་མྱི་ཆགས་སོ། །མྱེ་རི་ཀ་ན་འབའར་བ། ཆུ་ལུང་པ་ན་འབབ་པས། གདབ་དུ་མྱི་སླེབས་སྟེ། བོད་ཀྱི་སྤུ་རྒྱལ་ནི་ཉི་མ་དང་འདྲའ། །རྒྱ་རྗེ་ནི་ཟླ་བ་དང་འདྲ་སྟེ། ། རྒྱལ་པོ་ཆེད་པོར་འདྲའ་མོད་ཀྱོང་། གནམ་མཐའ་འོག་དུ་འོད་ཐ་དད་དོ། །ཆེ་ཆུང་གི་ཁར་ཡོང་མྱི་དོར་རོ།། མཚོ་ཆེད་པོའི་ནང་ན་ཆུ་སྲིན་རྒྱལ་བ་འདུག་ན། གནམ་ལས་ཆེ་(ལྕེ་)ཕབ་སྟེ། ཆུ་སྲིན་རྒྱལ་བ་ཆུ་འི་ནང་དུ་བསད་དོ། །འབྲུག་དང་ཀླག་(ཀློག)གཉིས་ཀྱིས་ལྕེ་ཕབ་ན་བྲག་ལས་སྲ་བ་མྱེད་པ་ཡང་དྲལ་ལོ། །བོད་ཀྱི་ལྷ་མཙན་དང་། གནམ་གཉིས་ཀྱིས་བདུད་བ་ཆེད་ན་(388)། འབལ་ལྗི་རྨང་ལས་ཆེ་བ་མྱེད་པ་འི་བུ། ། ས་དགུའ་རིམ་འོག་དུ་སྭས་(སྦས)པ་ཡང་བཟུང་དེ་བསད་དོ། །དེ་ལྟ་སྟེ། ཆེ་ཅུང་དང་མང་ཉུང་གི་ཁར་དེ་ལྟར་མྱི་དོར་རོ། དེ་ནས་རྒྱ་དམག། འྭོང་ཀེར་ཞང་ཤེས་བདའ་སྟེ་བྱུང་བ་ལས། །བོད་ཀྱི་དམག་པོན། བློན་ཁྲི་འབྲིང་གིས། དགྲ་ཐབས་དང་གཡག་ལྟར་བྱས་ནས། །གོ་བར་དུ་གཡུལ་སྤྲད་དེ། རྒྱ་མང་པོ་བཐུངས་ནས། རྒྱ་འི་རོ་གཆིག་གནམ་དུ་གྲེང་བའི་……འབུམ་བསད་པའི་མཚན་མ་ཞེས་བྱ་འོ། །སྟག་ལ་རྒྱ་དུར་དང་རྨ་རྒྱ་དུས་(དུར)ཀྱང་དེ་ནས་བཏགསོ། །རྔ་རབ་ཕན་ཆད། མྱང་དང་……ང་དོར་པོ་ལ་སྩོགས་པ། །རྒྱལ་པོ་དང་བཆས་སུ་འབངསུ་བཀུག་ནས། སོ་བློན་སྡེ་ལྔ་(389)ཡང་བཙུགས་སོ། །……ང་ཀོག་དང་སྩོགས་པའི་སྟོད་པྱོགས་དང་ལྷོ་པྱོགས་ཀྱི་རྒྱལ་པྲན་མང་པོ་ཡང་འབངསུ་བསྡུས་སོའ།། ……མང་པོ་རྗེ་སྟག་ཚབ་རྒྱལ་ཏོ་རེ་རྒྱལ་བྲོས་པའི་ཚེ། པ(སྟག)ཚབ་རྒྱལ་ཏེ་རེས་ཀླུ་བླངས་པའ།

        …ན་ལས།།

        སྨན་ཤ་(390)ནི་ལ་འདའས་ཀྱང་།།

        ཤ་བཀྲའ་(391)ནི་སླད་ལུས།

        ནནཏི་……འགྲེས་པུ་ནི་……བཟངས་(བཟུངས་)ནས། མ་སྲིང་ནི་སུག་གིས་བསྐྱལ། ཙོ་རག་(རོག)ནི་ཚེ་དུ་(འབྲངས་)……། རྗེ་འི་ནི་སྐལ་ཕོག་པ། རྒྱ་རྗེ་ནི་བསམ་ལང་ཞིག ། པུར་(བུད)མྱི་ནི་སྐལ་བ་རུ་རྒྱ་……ཆགས།

        མགར་མང་པོ་རྗེ་སྟག་རྩན་གྱི་མཆིས་བྲང་(392)། ། ཅོག་རོ་ཁྱོ་དང་ལྷན་ཆིག་རྒྱ་ལ་(བྲོས་པའི་ཚེ)……མཆིང་བླངས་པའ། །

        ཉེན་ཀར་ནི་སྟག་རྩེ་ནས། ལྕགས་ཡི་ནི་ཁྱིམ་ཞིག ………………།………རྡུང་བརྡ་བཏང་། མེག་ལེ་ནི་གླང་མར་ནས། གསེར་གྱི་ནི་ཤ་ལ………འདའ་སོ་ནི་ཧབ་ཆེན་གོང་། འདྲིམས་སོ་ནི་སོ་གོ་ཙ། བསྐྱངས་སོ་ནི་……ཡང་དང་སྟེངས་(ན་ནིང་ནི་གཞེས་)ནིང་སྔ། ཇོ་བོ་ནི་བསམ་ལང་་་་་་། བསྟོ་་་་་་་་་ནི་ཏོ་རེ་་་་་་་་་་(མཇལ་དུམ་ནི)ང་སང་ཉན། འབྲོས་བུ་ནི་སྐོས་བྲག་ཏེ། ན་རྩི་ནི་བགོར་ལ་……ལ། སྐྲོལ།།

      རྩོམ་འཇུག་པ།ལྷ་ཆེན་རྒྱལ།