རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ཁུལ་དུ་ཁྲིམས་འགལ་སྒྲིག་འགལ་གྱོད་དོན་རྩད་ཆོད་བྱས་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-05-08 10:55:15      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་ཤེས་གསལ་ལྟར་ན། རྩད་གཅོད་དང་འགུལ་སྐྱོད། ཕྱོགས་སྡོམ་བཅས་རིམ་པ་གསུམ་བརྒྱུད་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཆུ་སྔོན་མོའི་འགུལ་སྐྱོད་ཅེས་པས་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞི་ཁག་རྩད་ཞིབ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་དེའི་སྣོད་བཅུད་ཁོར་ཡུག་ཇེ་གཙང་དུ་བཏང་། ཐེངས་འདིའི་འགུལ་སྐྱོད་དེ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བཙུགས་ཚུན་དུ་འགན་འཛིན་ལས་ཁོངས་ཡོངས་སུ་གཅིག་གྱུར་སྐོར་ཞིབ་ཀྱི་ཁྲིམས་བསྟར་འགུལ་སྐྱོད་ཐོག་མ་རེད།

        སྐོར་ཞིབ་ཀྱི་བར་སྐབས་དེར་རླངས་འཁོར་500ལྷག་དང་། མི་ཐེངས1800ལྷག་བཀོད་སྒྲིག་གིས་ལེ་དབར་ཁྲི4ལ་བསྐྱོད་ཅིང་། སྐྱོན་ཆ་ཡོ་བསྲང་གི་བཀའ་ཁྱབ120ལྷག་བཏང་བ་དང་། མིའི་འགུལ་སྐྱོད་ཀྱི་རྒྱང་ཚོར་ལྟ་སྐུལ་ཚད་འཇལ་བྱེད་ས276རྩད་བཅད་པས། སྒྲིག་འགལ་གྱི་གྱོན་དོན120རྩད་ཆོད། རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་དང་རྒྱུ་ཡུལ34དང་། གྲམ་ཆུའི་བྱེ་རྡོ་ཐག་ས86། གཏེར་ཁ་སྔོག་ཤུལ24། ཤིང་རྒྱུ་བཟོ་སྣོན་བཟོ་གྲྭ56། ཕྱོགས་བསྡུས་ཁྲོམ་ར25། སྒེར་གཉེར་ཚོང་ཁང་287། མགྲོན་ཁང29བཅས་ལ་ཞིབ་བཤེར་བྱས་ཏེ། ཤིང་རྒྱུ་བཟོ་སྣོན་བཟོ་གྲྭ12ཀྱི་སྒྲིག་འགལ་བཟོ་སྣོན་ལ་དག་ཐེར་དང་ལས་མཚམས་འཇོག་ཏུ་བཅུག་པ་དང་། བྱེ་རྡོ་བཟོ་སྣོན་བྱེད་ས13ཡི་སྒོ་བརྒྱབ། སྣོད་བཅུད་ཐོན་ཁུངས་ལ་གཏོར་བརླག་ཐེབས་པའི་སྲིད་འཛིན་གྱི་གྱོད་དོན་70དང་ཉེས་དོན་2 བདག་སྤྲོད་བྱས་པ་དང་། གྱོད་དོན52ཐག་བཅད། སྔ་གཞུག་ཏུ་ལས་ཁུངས་དང་མི་སྒེར་ཁྱོན་སྡོམ50ལ་སྒོར་ཁྲི32ལྷག་གི་ཆད་པ་བཅད།

        ལོ་ཙཱ་བ། ཁོན་ཐར་འཚོ།