འཛམ་གླིང་གི་གསང་གནས་བཅུ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-05-09 12:54:58      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        1、འཇར་པན་གྱི་ཉི་མའི་ལྷའི་ཕོ་བྲང་།

        འཇར་པན་གྱི་ཉི་མའི་ལྷའི་ཕོ་བྲང་ནི་འཇར་པན་གྱི་དབྱི་ཧྲི་གྲོང་ཁྱེར་དུ་ཆགས་པའི་ལྷའི་ཕོ་བྲང་ཞིག་ཡིན་པས་དབྱི་ཧྲི་ལྷའི་ཕོ་བྲང་ཡང་ཟེར། ཕོ་བྲང་དེ་ནི་སྤྱི་ལོ་དུས་༤བ་ནས་བཟུང་འཇིག་རྟེན་འདིར་ཡོད་སྐད། ནང་དུ་འཇར་པན་བཙན་རྒྱལ་རིང་ལུགས་པའི་རྟེན་གྲགས་ཅན་མེ་ལོང་ཆེན་མོ་ཞེས་པ་བཞུགས་ཤིང་དེ་ཡིན་པ་ཐོག་མར་འཇར་པན་གྱི་ལྷ་སྒྲུང་ལས་བྱུང་བ་དང་། བཤད་རྒྱུན་ལ་མཐར་འཇར་པན་གྱི་རྒྱལ་བོ་ཐོག་མའི་བདག་བཟུང་བྱས་སྐད། ཕོ་བྲང་དེ་འཇར་པན་ལྷའི་ལུགས་ཀྱི་དགོངས་པ་སྟེ་སྐྱེ་འཆི་འཁོར་བའི་ཆོས་ཉིད་ལྟར་དུ་ལོ༢༠ཕྱིས་སུ་བསྐྱར་སྐྲུན་བྱེད་དགོས་ཀྱི་སྲོལ་ཡོད་པ་རེད། ཐེངས་རྗེས་མའི་བསྐྱར་སྐྲུན་དེ༢༠༣༣ལོ་ཡིན་པ་རེད།

       

        2、པ་ཞིའི་ཏཱ་ཁའེ་མ་ཏ་གླིང་ཕྲན།

        པ་ཞིའི་ཆེས་ཉེན་ཁ་ཆེ་བའི་སྦྲུལ་གྱི་གླིང་ཕྲན་ཏེ་ཏཱ་ཁའི་མ་ཏ་ཞེས་པའི་གླིང་ཕྲན་དེ་ན་འཛམ་གླི་དུ་ཆེས་འཇིགས་སུ་རུང་ལ་གདུག་རྩུབ་ཤིན་ཏུ་ཆེ་བའི་དུག་སྦྲུལ་རིགས་ཤིག་གནས་འདུག དུག་སྦྲུལ་དེས་འདབ་ཆགས་བྱ་འཛིན་ཞིང་། དུག་གི་ནུས་པ་དེ་སྤྱིར་བཏང་གི་དུག་སྦྲུལ་གྱི་ལྡབ་ལྔ་ལས་ཆེ་བས་དུག་ཕོག་མ་ཐག་ཤི་འགྲོ་བ་དང་། ཐ་ན་མིའི་བེམ་པོའང་གཞོམ་པར་ནུས་པའི་དུག་ཆེན་པོ་ལྡན་པ་ཞིག་རེད། དཔྱད་དཔག་ལྟར་ན། སྨི་གྲུ་བཞི་མ་རེ་རེ་སྟེང་དུག་སྦྲུལ་ལྔ་ཡོད་པར་བཤད་པས་ལོ་དུ་མའི་རིང་ལ་གནས་དེར་སྡོད་པའི་མི་རིགས་ནི་གློག་གདུང་སྟེང་གི་སོ་ལྟ་བ་རེད།

       

        3、བྱང་ཁོ་རེ་ཡ་སྟེ་ཁྲའོ་ཤིན་གྱི་ཁང་པ་༣༩བ།

        ཁང་པ་༣༩བ་དེ་ལ་ཅུས་༣༩ཡང་ཟེར་ཞིང་། ཁྲའོ་ཤིན་གྱི་ཆེས་གསང་བ་ལྐོག་གྱུར་གྱི་རྩ་འཛུགས་གྲས་ཀྱི་གཅིག་རེད། བྱེད་ནུས་གཙོ་བོ་ཁྲའོ་ཤིན་རྒྱལ་སྲུང་ཨུ་ལྷན་གྱི་ཀྲུའུ་ཞི་ཅིན་ཀྲེང་རི་ལ་རྒྱལ་ཕྱིའི་དུས་དོན་མཁོ་འདོན་བྱེད་ས་རེད། ཁང་པ་དེ་དང་ཐོག་༡༩༧༠ལོའི་མཇུག་ལ་བསྐྲུན་པ་དང་ཁྲའོ་ཤིན་གྱི་ཅིན་ཚང་གི་ཁྱིམ་རྒྱུད་གཙོ་བྱས་པའི་ཆབ་སྲིད་དཔལ་འབྱོར་གྱི་ལྟེ་བ་རེད། གསང་བ་ཤིན་ཏུ་དམ་པས་མང་ཚོགས་ལ་མཚོན་ན་ཡང་ཁང་པ༣༩ལ་གསལ་ཆ་ཆེན་པོ་མེད། བཤད་རྒྱུན་ལ་ཁང་པ༣༩དེ་ནི་ཁྲའོ་ཤིན་གྱི་རྒྱལ་ས་ཕིན་རང་གི་ངལ་རྩོལ་ཐོག་ཁང་ཆེན་པོ་ཞིག་ཏུ་ཡོད་སྐད།

        4、ཨ་རིའི་ཁུལ༥༡པ།

        ཁུལ༥༡ནི་ཨ་རིའི་ནུབ་བརྒྱུད་དུ་ཆགས་པའི་ནེ་ཧྭ་ཏཱ་མངའ་ཁུལ་ལྷོ་མའི་དམག་དོན་རྟེན་གཞི་ཞིག་གི་མིང་གཞན་རེད་ལ་ལ་སི་ཝེ་ཅ་སི་གྲོང་ཁུལ་གྱི་ནུབ་བྱང་གི་སྤྱི་ལེ༡༣༣ཡི་མཚམས་སུ་ཆགས་ཡོད། ཁུལ༥༡གི་ལྟེ་བར་འཛམ་གླིང་གི་ཆེས་གསང་བ་དམ་པའི་དམག་དོན་གྱི་གནམ་གྲུ་འབབ་ཐང་ཡོད། རྟེན་གཞི་འདིས་གཙོ་བོ་གནམ་གྲུ་དང་མཚོན་ཆ་ཞིབ་འཇུག་གསར་གཏོད་སྐོར་ཚོད་ལྟ་བྱེད་ས་ཞིག་ཡིན་པས་ཨ་རི་སྲིད་གཞུང་ནས་དེ་ལ་འགེབས་སྲུང་ཆེན་པོ་བྱེད་ཅིང་། མང་ཚོགས་ཀྱིས་དེ་ལ་ལྐོག་ཇུས་གྲོས་འདོན་དང་མི་གསལ་བའི་འཕུར་དངོས་ཀྱི་ལྟེ་གནས་སུ་འབོད་དོ། གལ་སྲིད་ཁུལ༥༡ནང་འཛུལ་བ་ཡིན་ན་ཚེ་སྲོག་དམིགས་མེད་གཏོང་ངེས་རེད།

        5、ཨུ་རུ་སིའི་མའོ་སི་ཁོའི་ས་འོག་ལྕགས་ལམ༢པ།

        བཤད་རྒྱུན་ལ་ལྕགས་ལམ་༢བ་དེ་ནི་མའོ་སི་ཁོའི་སྤྱི་བའི་ལྕགས་ལམ་དང་མཉམ་གཏོང་གི་ས་འོག་ལྕགས་ལམ་ཡིན་ཟེར་ལ་ཕལ་ཆེར་སི་ཏཱ་ལིན་གྱི་སྐབས་སུ་ཐོག་མར་བསྐྲུན་པ་དང་སུའུ་ལིན་རྒྱལ་སྤྱིའི་བདེ་འཇགས་ཨུ་ལྷན་གྱིས་དེ་ལ་ D—6ཞེས་པའི་མཚན་གསོལ། ངག་རྒྱུན་ལྟར་ན་ལྕགས་ལམ་དེའི་རིང་ཚད་མའོ་སི་ཁོའི་སྤྱི་བའི་ས་འོག་ལྕགས་ལམ་ལས་ཀྱང་རིང་བ་དང་། ལམ་གཙོ་བོ་༤ཡོད་པ་ཚང་མ་ས་འོག་གི་སྨི༥༠ནས་སྨི༢༠༠མཚམས་སུ་ཡོད་པ་མ་ཟད། ཁེ་ལི་མུ་ལིན་ཕོ་བྲང་དང་ཨུ་རུ་སིའི་མཉམ་འབྲེལ་རྒྱལ་ཕྲན་བདེ་འཇགས་བཀོད་འདོམས་ཧྥུ་ནུ་ཁོ་ཨའོ—2ཡི་ཆབ་སྲིད་གནམ་གྲུ་ཐང་། རའོ་མན་ཆིའི་ས་འོག་གྲོང་ཁྱེར། དེ་མིན་རྒྱལ་ཁབ་ཀྱི་གནད་ས་གལ་ཆེན་ཁག་ཏུ་འབྲེལ་ཡོད་སྐད།

        6、ནོར་ཝེའི་སི་ཝར་པ་འཛམ་གླིང་ས་བོན་མཛོད།

        སི་ཝར་པ་འཛམ་གླིང་ས་བོན་མཛོད་ནི་ནོར་ཝེ་སི་ཕི་ཚི་པེར་ཀན་གླིང་ཕྲན་དུ་ཆགས་པའི་ས་འོག་གི་ས་བོན་མཛོད་དང་སྒྲིག་ཆས་གསོག་ཉར་བྱེད་ས་ཆེ་ཤོས་ཤིག་རེད། སྤྱིའི་མཐོ་ཚད་ལ་སྨི༡༢༢ཡོད་པ་དང་། ༢༠༠༨ལོའི་ཟླ༢བར་དངོས་སུ་ལས་སྒོ་གཉེར། ད་ཆ་བཟོ་གྲྭ་དེ་གར་འཛམ་གླིང་གི་ས་གནས་༨༤ཡི་ས་བོན་མི་གཅིག་པའི་མ་དཔེ༤༠༠༠ཡོད། གཙོ་བོ་འཛམ་གླིང་གི་ཚབས་ཆེན་རང་བཞིན་དང་མངའ་ཁོངས་རང་བཞིན་གྱི་དོན་རྐྱེན་ཁྲོད་དུ་དངོས་པོ་སྣ་མང་བོར་བརླག་ཐེབས་པར་སྔོན་འགོག་བྱ་ཆེད་རེད། སྒྲིག་འཛུགས་ལས་ཁུངས་སམ་སྲིད་གཞུང་གིས་ཉར་བའི་ས་བོན་དོ་དམ་བྱེད་ས་ཡིན་པས་ཁོ་ཚོར་མ་གཏོགས་དེ་ལ་ལྟ་བའི་ཐོབ་ཐང་མེད་མོད། འཛམ་གླིང་འཇིག་ཉིན་གྱི་གློག་བརྙན་ཁག་ལས་ང་ཚོས་དེ་གཟུགས་བརྙན་ཙམ་མཐོང་ཐུབ།

        7、ཧྥ་རིན་སིའི་ལ་སི་ཁོ་ས་དོང་།

        དེ་ནི་ཧྥ་རིན་སིའི་ནུབ་བྱང་གི་རྒྱུད་དུ་ཡོད་ཅིང་། ལོ་རྒྱུས་སུ་ཆེས་ཐོག་མར་རྙེད་པའི་རྡོ་ཆས་རྙིང་བའི་དུས་ཀྱི་རི་མོ་ཉར་བའི་ས་དོང་གྲགས་ཅན་དེ་རེད། དེའི་ནང་གི་རི་མོ་ལ་ལོ་རྒྱུས་མཁས་པས་དཔྱད་དཔག་གསལ་འབྱེད་བྱས་ན༡༧༠༠༠ཡན་གྱི་ལོ་རྒྱུས་ཡོད་སྐད། ས་དོང་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག་རིག་གནས་ཚོགས་པས་འཛམ་གླིང་ཤུལ་བཞག་གི་གྲས་སུ་བཞག་པ་དང་།༢༠༠༨ལོའི་ཚུན་ལ་དོང་གི་ཁ་བརྒྱབ་ནས་རི་མོ་འཚོལ་ཞིབ་ཀྱི་ཆེད་དུ་འགྲོ་མཁན་ཚན་རིག་པ་ཁ་ཤས་མ་གཏོགས་དེ་གར་འགྲོ་མི་ཆོག་པ་རེད།

        8、རྒྱ་གར་གྱི་ཨན་ཏ་མན་གླིང་ཚོམས། བྱ་གླིང་སོ་དམག་གླིང་ཕྲན།

        དེ་ནི་བྷང་ག་ལའི་ཆུ་ངོགས་ཀྱི་ནགས་རྫོབ་ཁྲོད་གནས་ཤིང་བྱུ་རུའི་བྲག་གི་མཐའ་བསྐོར་བ་ཞིག་ཡིན་པས་གྲུར་བསྡད་ཀྱང་འགྲོ་ཧ་ཅང་ཁག་པོ་ཡིན་པ་ཟད། དེ་གར་སན་ཐེ་ནད་ཟེར་བའི་ཚོ་བ་ཞིག་ཀྱང་ཆགས་ཡོད་པ་དང་། ཁོང་ཚོ་ཕྱི་མི་ལ་ཧ་ཅང་མི་དགའ་བས་གླིང་ཕྲན་དེ་འཛམ་གླིང་ཐོག་གདོད་མའི་དུས་ཀྱི་དཔལ་ཡོན་ཡོད་པའི་མཇུག་མཐའི་ཚོ་བ་རུ་གྲགས། གླིང་ཕྲན་དེར་འགྲོ་མཁན་ཚང་མ་ཡུལ་དེའི་མིས་བསད་དེ་ཕྱི་ཡོང་མེད་པ་རེད།

        9、ཨོ་སི་ཁྲུ་ལི་ཡའི་ཧེ་ཏེ་གླིང་ཕྲན་གྱི་མེ་རི།

        མི་མེད་ཐང་སྟོང་གི་ལྷོ་སྣེའི་མེ་རི་གླིང་ཕྲན་འདི་ནི་ཨོ་སི་ཁྲུ་ལི་ཡའི་ཕྱི་རོལ་ཏེ་མཱ་ཏ་ཅ་སི་ཅ་དང་ལྷོ་སྣེ་བར་དུ་ཆགས་ཡོད་ཅིང་། གོ་ལ་ཟླུམ་པོ་འདིའི་ཆེས་མཐའ་འཁོབ་ཏུ་གནས་པའི་ཡུལ་དུ་གྲགས། སྨི་གྲུ་བཞི་མ་སྟོང་༩༥༣ཡོངས་རྫོགས་སྐམ་སའི་རི་ཁུལ་ཡིན་པ་དང་། འཁྱག་རོམ་༤༡ཡོད་པ་གཞི་རྟེན་དུ་རི་སྐྱེས་སྲོག་ཆགས་ཆུ་སྐྱུར་དང་། མཚོ་གཟིག རྒྱ་མཚོའི་ཁུག་རྟ་སོགས་གནས། ༢༠༠༠ལོར་མེ་རི་རྩེ་མོ་ནས་རིང་ཚད་ལེ་དབར་གཉིས་ཙམ་དུ་ཞུན་རྡོ་བཞུར་བ་དང་། མེ་རི་རང་སྟེང་གི་ཉེན་ཁ་ལས་གཞན་དེ་གའི་གནམ་གཤིས་ཀྱང་ཧ་ཅང་ཡ་ང་བས། འཛམ་གླིང་ཐོག་ཆེས་ཉེན་ཁ་ཆེ་ལ་བགྲོད་དཀའ་བའི་གནས་ཤིག་ཏུ་གྱུར་ཡོད།

        10、ཀྲུང་གོའི་རྒྱལ་བོ་ཆིན་ཧྲི་ཧོང་གི་དུར་ཁང་།

        རྒྱལ་བོ་ཆིན་ཧྲི་ཧོང་ནི་ཀྲུང་གོའི་ལོ་རྒྱུས་ཐོག་གི་རྒྱལ་བོ་ཐོག་མ་སྟེ་སྤྱི་ལོ་དུས་རབས༢༡༠ལོར་མྱ་ངན་འདས། ཁོང་གི་དུར་ཁང་དེ་གཟུགས་མེད་རིའི་ནུབ་ངོས་ཀྱི་རི་གཟུར་དུ་ཡོད་ཅིང་། དུར་ཁང་དེ་ནི་རྒྱལ་བོ་ཆིན་ཧྲི་ཧོང་གི་ཁ་ཆེམས་ལྟར་དུ་ཁོང་གི་དམག་དང་ཁྱིམ་ཚང་། གཡོག་པོ། ཆིབས་རྟ་སོགས་འདམ་གྱིས་འདྲ་བཟོ་བྱས་ཡོད་པ་མ་ཟད། ཀུན་གྱིས་ཤེས་རྟོགས་དང་གོ་ཐོས་ཡོད་པའི་དུར་རྫས་རྫ་བཟོས་གྱད་རྟ་སོགས་རྒྱལ་བོ་དང་ཐབས་གཅིག་ཏུ་སྦས་པའི་དུར་ཚོམས་ཆེན་པོ་ཞིག་རེད། ༡༩༧༤ལོའི་མགོར་རྙེད་ཅིང་། ད་ཆ་འདྲ་བཟོ༢༠༠༠བསྔོག་ཡོད་མོད། ཆེད་མཁས་ཀྱིས་འདྲ་བཟོ༨༠༠༠ལྷག་ལྟེ་བའི་དུར་ཁང་གི་མཐར་སྐོར་དུ་ཡོད་པ་ཤོས་ཆེ་བས་ད་དུང་སྔོག་འདོན་གྱི་རྒྱ་བསྐྱེད་ཆོག་བསམ་ཡང་། ཀྲུང་གོ་སྲིད་གཞུང་གིས་རྒྱལ་བོ་ཆིན་ཧྲི་ཧོང་གི་བང་སོ་བསྔོག་མི་རུང་བའི་བཀའ་ཕབ་པས། རྒྱལ་བོ་ཆིན་ཧྲི་ཧོང་གི་བང་སོ་དངོས་ལ་འཇལ་རྒྱུ་དེ་ནམ་ཡང་མི་སྲིད་པའི་གསང་བ་ལྐོག་གྱུར་གྱི་གནས་སུ་གྱུར་ཡོད།

        ལོ་ཙཱ་བ། ཁོན་ཐར་འཚོ།