གྲོང་ཁྱེར་དང་བོད་ཁུལ་ལྔའི་དོན་ལས་ལས་ཁུངས་ཀྱིས་ལས་བྱེད955བསྡུ་བ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-05-11 10:08:01      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་གསལ་ལྟར་ན། མཚོ་ཤར་གྲོང་ཁྱེར་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བཅས་གྲོང་ཁྱེར་དང་ཁུལ་ལྔས་ཉེ་ལམ་སྤྱི་ཚོགས་ཡོངས་ལ་བརྡ་ཐོ་བཀྲམས་ནས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དང་། རྫོང་དང་ཤང་གི་སྨན་པ། དེ་མིན་དོན་ལས་ལས་ཁུངས་དང་གཞུང་ལས་ལས་ཁུངས་ཀྱི་ལས་ཀ་རྩག་རྩིག་སྒྲུབ་མཁན་སོགས་ཁྱོན་སྡོམ་ལས་བྱེད955བསྡུ་རྒྱུ་ཡིན་འདུག །

        ཐེངས་འདིའི་ལས་བྱེད་བསྡུ་བ་ལ་བསྡུ་ཡུལ་ལས་གནས་ཅུང་མང་བ་དང་། ཆ་རྐྱེན་བཟང་བ། གཞི་རིམ་ལ་ཁ་ཕྱོགས་པ་བཅས་སྔོན་དང་མི་འདྲ་བའི་ཁྱད་ཆོས་གསུམ་ལྡན། དེ་ཡང་མཚོ་ཤར་དང་མཚོ་ནུབ།མཚོ་བྱང་། མཚོ་ལྷོ་བཅས་གྲོང་ཁྱེར་དང་ཁུལ་བཞིའི་ལས་བྱེད་བསྡུ་བའི་འཆར་གཞི་ནང་། ཤང་དང་གྲོང་རྡལ་གྱི་སྤྱི་ཚོགས་གོང་སྤེལ་(ཞིང་འབྲོག་དཔལ་འབྱོར)ཞབས་ཞུ་ལྟེ་གནས་ཀྱི་ལས་གནས་སུ་ལས་ཀ་བ227བསྡུ་བ་དང་། དེ་ལས་བྱེད་སྤྱིའི་བསྡུ་གྲངས་ཀྱི་23.8%ཟིན་པ་ལས་བཅུ་ཆའི་བརྒྱད་རྫོང་(ཆུས་) ནས་བསྡུ་རྒྱུ་དང་། རྒྱལ་ཡོངས་ནས་མི12དང་། ཞིང་ཆེན་ནས་མི523། གྲོང་ཁྱེར་དང་ཁུལ་ནས་མི242། རྫོང་དང་ཆུས་ནས་མི178བཅས་བསྡུ་རྒྱུ་ཐག་བཅད་འདུག

        ཐེངས་འདིའི་ལས་བྱེད་བསྡུ་བའི་སྲིད་ཇུས་གཞི་རིམ་ལ་ཕྱོགས་པའི་རྒྱུ་མཚན་ནི་གཞི་རིམ་གྱི་ལས་ཀའི་དགོས་མཁོ་དང་ལས་བྱེད་ཀྱི་སྟོབས་ཤུགས་སྲ་བརྟན་གཏང་ཆེད་ཡིན་པས་གཞི་རིམ་ལ་ཕྱོགས་པའི་སྲིད་ཇུས་རབ་དང་རིམ་པ་ཞིག་ད་ལོར་མུ་མཐུད་ནས་ལག་བསྟར་བྱེད་རྒྱུ་ཡིན་ལ།  བསྡུ་བྱའི་ལས་བྱེད་ལ་བཏོན་པའི་རེ་བའི་ཆ་ནས་ཀྱང་སྔོན་དང་མི་འདྲ་བར། རྫོང་དང་ཤང་གི་དོན་ལས་ལས་ཁུངས་ཀྱི་དོ་དམ་དང་། ཆེད་ལས་ལག་རྩལ་གྱི་ལས་གནས་སུ་རྒྱུགས་སྤྲོད་མཁན་གྱི་ལོ་ཚད་ལོ40ཡན་ཆད་ཡིན་ཆོག་པ་དང་། སློབ་ཆུང་གི་དགེ་རྒན་དང་རྫོང་རིམ་པའི་གཞུང་གཉེར་སྨན་ཁང་། གཞི་རིམ་གྱི་སྨན་བཅོས་དང་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གནས་སུ་རྒྱུགས་སྤྲོད་མཁན་གྱི་ལོ་ཚད་དེ་ལོ45ཡན་ཆད་ཡིན་ཆོག རྫོང་དང་ཤང་གིས་དོན་ལས་ལས་ཁུངས་ཀྱིས་ཆ་རྐྱེན་དེ་དག་འོག་བསྡུས་པའི་ལས་བྱེད་པའི་བར་མ་མཐའ་ཡང་ལོ་ལྔའི་ཞབས་ཞུའི་ཁ་ཆད་བཞག་ནས་གཞི་རིམ་གྱི་འཇོན་མི་ཕྱི་ཤོར་ལ་སྔོན་འགོག་བྱས་ནས་སྟོབས་ཤུགས་ཇེ་བརྟན་དུ་གཏང་རྒྱུ་རེད།

        གྲོང་ཁྱེར་དང་ཁུལ་གྱིས་རང་འགུལ་གྱིས་ལས་བྱེད་བསྡུ་བའི་ལས་ཀའི་གོ་རིམ་ཚད་ལྡན་དུ་བཏང་སྟེ། གྲོང་ཁྱེར་དང་ཁུལ་ཁོངས་གཏོགས་ཀྱི་རྫོང་དང་ཤང་གི་དོན་ལས་ཁུངས་ཀྱི་ལོ་ཧྲིལ་བོའི་འཆར་ཅན་ལས་བསྡུ་དེ་གྲོང་ཁྱེར་དང་ཁུལ་ཁག་གིས་རང་རྟོགས་ཀྱིས་སྒྲིག་འཛུགས་ལག་བསྟར་བྱེད་དགོས་པ་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་ཐིང་གིས་གྲོང་ཁྱེར་དང་ཁུལ་གྱི་ལས་བྱེད་བསྡུ་བའི་ལས་ཀྱི་ཐོག་མཐའ་བར་གསུམ་ཏུ་ཕྱོགས་བསྡུས་སློབ་སྟོན་དང་ལྟ་རྟོག་དོ་དམ་བྱེད་དགོས་རེད།

        ལོ་ཙཱ་བ། ཁོན་ཐར་འཚོ།