ཆམ་སྨན་བཀོལ་དུས་མཉམ་འཇོག་དགོས།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-05-11 16:03:11      རྩོམ་སྒྲིག་པ། : ཡེ་ཤེས །

        སྟོན་ཁ་དང་དགུན་ཁའི་དུས་སུ། དྲོད་ཚད་ལ་འགྱུར་ལྡོག་ཆེ་བས་མི་མང་པོར་ཆམ་ནད་འབྱུང་སླ། ཆམ་ནད་བྱུང་རྗེས་སྨན་འཐུང་དགོས་མོད། འོན་ཀྱང་མི་ཁ་ཤས་ལ་མཚོན་ན། ཆམ་ནད་བྱུང་བ་དང་ཆབས་ཅིག་ཏུ་ད་དུང་གཞན་པའི་དལ་གཤིས་རང་བཞིན་གྱི་ནད་བྱུང་ཡོད་པས། ཆམ་སྨན་འདེམ་དུས་ངེས་པར་མཉམ་འཇོག་དགོས། གལ་ཏེ་རང་ཉིད་ལ་གདེང་ཚོད་མེད་ན་སྨན་པར་བློ་དྲིས་ནས་འཐུང་དགོས།

        མཆིན་པའི་ནུས་པ་ཞན་པའི་ནད་པར་མཚོན་ན། ཚ་སེལ་དུག་སེལ་གྱི་ནུས་པ་ལྡན་པའི་ཆམ་སྨན་བཀོལ་དུས་མཉམ་འཇོག་དགོས། མཆིན་པའི་ནུས་པ་ཞན་པ་དང་ཡང་ན་མཆིན་པའི་ནུས་པ་ཤོར་བ་ཚབས་ཆེན་ཡིན་པའི་ནད་པར་མཚོན་ན་ཆམ་སྨན་བཀོལ་དུས་ལྷག་པར་མཉམ་འཇོག་དགོས་པར་མ་ཟད། ད་དུང་དུས་བཅད་ལྟར་མཆིན་པའི་ནུས་པར་བརྟག་དགོས།

        འཇུ་སྟོབས་རང་བཞིན་གྱི་སྨུག་པོའི་ནད་བྱུང་ཡོད་པའི་ནད་པར་མཚོན་ན། ཆམ་སྨན་བཀོལ་དུས་ཚ་སེལ་དུག་སེལ་རང་བཞིན་གྱི་སྨན་རྫས་བཀོལ་བར་མཉམ་འཇོག་པ་དང་། སྨན་བཀོལ་བའི་སྐབས་སུ་རང་ཉིད་ཀྱི་སྨུག་པོའི་ནད་རྟགས་ལ་དོ་སྣང་བྱེད་དགོས། གལ་སྲིད་གནས་ཚུལ་མི་བཟང་ན་དུས་ཐོག་ཏུ་སྨན་འཐུང་མཚམས་འཇོག་དགོས།

        ཁྲག་རྒྱུན་མ་ལག་ཕྱོགས་ཀྱི་ནད་བྱུང་ཡོད་པའི་ནད་པར་མཚོན་ན། ཨ་ཟི་ཕི་ལིན(阿司匹林)དང་ཁ་ཤན་ཨེམ་རྨང་ཧྥེན(卡酰胺酶)དང་པུའུ་ལུའོ་ཧྥིན(布洛芬)སོགས་ཀྱི་སྨན་རྫས་བཀོལ་དུས་མཉམ་འཇོག་དགོས།

        དབུགས་འཚང་ནད་པས་ཨ་ཟི་ཕི་ལིན་འདྲེས་པའི་ཆམ་སྨན་བཀོལ་བར་མཉམ་འཇོག་དགོས་པ་དང་། དེའི་རྒྱུ་མཚན་ནི་དབུགས་འཚང་ནད་པ་ཁ་ཤས་ཀྱིས་ཨ་ཟི་ཕི་ལིན་རིགས་ཀྱི་སྨན་འཐུང་རྗེས་ནད་ཇེ་ལྗིད་དུ་འགྲོ་བ་ཡིན།

        ལུད་པ་མང་པོ་འབུད་པའི་དལ་གཤིས་གློ་ཡུའི་ཡན་ལག་གཉན་ཚད་ནད་པ་དང་གློ་ཚད་ནད་པ་ཚོས་གློ་ལུ་བ་འགོག་པའི་གྲུབ་ཆ་ལྡན་པའི་ཆམ་སྨན་བཀོལ་བར་མཉམ་འཇོག་དགོས། ནད་པ་དེ་དག་གིས་ཆམ་སྨན་བཀོལ་དུས་ལུད་པ་མེད་པར་གཏོང་བའི་སྨན་ཁབ་ཁ་སྣོན་བྱེད་དགོས། ཁྲག་རྩ་མ་ལག་གི་ནད་བྱུང་ཡོད་པའི་ནད་པས་པུའུ་ལུའོ་ཧྥིན་དང་པིན་ཧེ་ལ་མེན(苯海拉明)དང་ལའོ་པིན་ལ་མེན་བཅས་ཀྱི་གྲུབ་ཆ་འདྲེས་པའི་ཆམ་སྨན་བཀོལ་དུས་སེམས་ཆུང་བྱེད་དགོས།

        མཁལ་མའི་ནུས་པ་ཞན་པའི་ནད་པས་ཆམ་སྨན་ནང་གི་ཚ་སེལ་དུག་སེལ་རང་བཞིན་གྱི་སྨན་བཀོལ་ན་མཁལ་མར་གནོད་པ་ལྡན་པ་དང་། ལྷག་པར་མཁལ་མའི་ནུས་པ་ཞན་པའི་སྐབས་སུ་སྨན་རིགས་དེ་དག་བཀོལ་ན་མཁལ་མར་གནོད་པ་ཆེན་པོ་ལྡན་པས། ནད་པ་དེ་དག་གིས་ཆམ་ནད་བྱུང་དུས་སྨན་བཀོལ་ཆོག་མིན་གྱི་རིགས་ལ་དོ་སྣང་ཆེན་པོ་བྱེད་དགོས།

        དེ་མིན་ད་དུང་ནད་པའི་ལོ་ཚོད་ལྟར་ཆམ་སྨན་གྱི་རིགས་འདེམ་དགོས་པ་དང་། ཁྲག་ཤེད་མཐོ་བ་དང་པྲོག་རྩ་སྙིང་ནད་ཕོག་ཡོད་པའི་ནད་པ་རྒན་པར་མཚོན་ན། མཚེ་ལྡུམ་བ་ཚྭའི་གྲུབ་ཆ་འདྲེས་པའི་ཆམ་སྨན་འཐུང་མི་རུང་། དེའི་རྒྱུ་མཚན་ནི་མཚེ་ལྡུམ་བ་ཚྭ་ལ་མཚོན་ན་སྙིང་གི་འཕར་ཚད་ཇེ་མགྱོགས་སུ་གཏོང་བ་དང་ཁྲག་ཤེད་ཇེ་མཐོར་གཏོང་ངེས་པས། སྨན་དེའི་རིགས་འཐུང་སྐབས་ཁྲག་ཤེད་ཇེ་དམའ་རུ་གཏོང་བའི་སྨན་དང་གཉིད་སྨན་དང་ཆབས་ཅིག་ཏུ་འཐུང་མི་རུང་། སྨན་འཐུང་བའི་དུས་སྐབས་སུ་དུ་བ་ཉུང་འཐེན་དང་ཆང་བཅུད་འདྲེས་པའི་སྐོམ་ཆུ་ཉུང་འཐུང་བྱེད་དགོས།།

      རྩོམ་འཇུག་པ། ཡེ་ཤེས་སྒྲོལ་མ།