རང་ཞིང་གི་དུད་ཚང་ཁྲི་153.8ནང་གཉེན་འཐོར་ཚད་རྒྱལ་ཡོངས་ལས་ཅུང་མང་བའི་ཚུལ་མངོན་འདུག

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-05-12 10:47:14      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ལྷན་ནས་རྒྱུས་ལོན་པའི་གནས་ཚུལ་ལྟར་ན། རང་ཞིང་གི་སྤྱི་ཚོགས་འཕེལ་སྟངས་མགྱོགས་པོར་བསྒྱུར་བཅོས་དང་གྲོང་རྡལ་གསར་བ་ཅན་འགྱུར་ལ་སྐུལ་འདེད་བྱེད་པའི་ཁྲོད་དུ་མི་འབོར་རྒན་འགྱུར་གྱི་ཚད་ཇེ་དྲག་དང་། མི་འབོར་འཕེལ་ཚད་ཅུང་དལ་བའི་དབང་གིས་ཁྱིམ་ཚང་གི་གཞི་ཁྱོན་དང་སྒྲིག་གཞི། འབྲེལ་བ། མི་རིགས་གྲངས་ཉུང་གི་ཁྱིམ་ཚང་བསྡུར་ཚད་ལ་སོགས་པར་འགྱུར་བ་ཆེན་པོ་བྱུང་བཞིན་འདུག

       

        མི་འབོར་ཆ་འཕྲིན་མ་ལག་གི་སྡོམ་རྩིས་ལ་གཞིགས་ན།2016ལོའི་ལོ་མཇུག་བར་དུ་རང་ཞིང་གི་ཁྱིམ་ཚང་སྤྱིའི་གྲངས་འབོར་དེ་ཁྲི153.8རེད།

        ཁྱིམ་ཚང་གི་གཞི་ཁྱོན།

        དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་དང་བསྟུན་ནས་རང་ཞིང་གི་ཁྱིམ་ཚང་གི་སྒྲིག་གཞི་དེ་སྲོལ་རྒྱུན་གྱི་སྒྲིག་གཞི་ནས་དེང་རབས་ཀྱི་སྒྲིག་གཞིར་འགྱུར་སྒང་ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་ཁྱིམ་ཚང་གི་གཞི་ཁྱོན་ལས་དར་ཆེ་ཤོས་དེ་ནང་མི་གསུམ་ཡན་དང་། ནང་མི་བཞི་མན་གྱི་ཁྱིམ་ཚང་ཆུང་ཤོས་ཡིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཁྲོད་མི་རྐྱང་གི་ཁྱིམ་ཚང་དང་མི་གཉིས་ཅན་ཁྱིམ་ཚང་ཅུང་མང་བས་ཁྱིམ་ཚང་གི་གཞི་ཁྱོན་ཇེ་ཆུང་དུ་འགྲོ་བཞིན་པའི་ཚུལ་ཞིག་མངོན་འདུག་པས། 2016ལོའི་རྒྱལ་ཡོངས་ཀྱི་ཁྱིམ་ཚང་གི་གཞི་ཁྱོན་དང་ཧ་ལམ་གཅིག་འདྲ་རེད། འགྱུར་སྟངས་འདི་ཁྱིམ་ཚང་གཞི་ཁྱོན་ལས་མ་ཟད་ད་དུང་ཁྱིམ་ཚང་གི་གཉེན་འབྲེལ་དང་དེའི་འགྱུར་ལྡོག་ཁྲོད་དུའང་མངོན་ཡོད།

        ཁྱིམ་མིའི་ལོ་ཚད་ཀྱི་གྲུབ་སྟངས།

        གོང་ན་རྒན་དང་ཞོལ་ན་བྱིས་པ་ཡོད་པའི་ཁྱིམ་ཚང་ད་ཆ་ཅུང་ཉུང་ཤོས་ཡིན་ཡང་རྒན་སྐྱོང་བྱིས་གཉོར་གྱི་ཁྱིམ་ཚང་ཅུང་མང་པས་འཚོ་བའི་ཁུར་བོ་སྔར་བཞིན་དུ་ལྕི་བ་རེད།

        མི་རིགས་ཁྱིམ་ཚང་གི་གྲུབ་སྟངས།

        

        ཞིང་ཆེན་ཡོངས་ཀྱི་ཁྱིམ་ཚང་ཁྲོད་རྒྱ་རིགས་ཁྱིམ་ཚང་གིས་གྲངས་འབོར་ཡོངས་ཀྱི་ཕྱེད་ཀ་ཟིན་ཡོད་ཅིང་། 2010ལོའི་ཞིང་ཆེན་ཡོངས་ཀྱི་རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་དྲུག་པའི་མི་འབོར་གྱི་གཞི་གྲངས་དང་བསྡུར་ན། མི་རིགས་གྲངས་ཉུང་གི་མི་འབོར་ཇེ་མང་ཡིན་པ་དེ་གཙོ་བོ་བོད་རིགས་དང་ཧུའེ་རིགས་ཀྱི་ཁྱིམ་ཚང་ཁ་གྲངས་རེད་ལ། མི་རིགས་དུ་མའི་གྲུབ་པའི་ཁྱིམ་ཚང་གི་ཟིན་ཚད་ཉུང་ཤོས་རེད།

        ཁྱིམ་ཚང་གི་གཉེན་འབྲེལ།

        རང་ཞིང་གི་ཁྱིམ་མིའི་གཉེན་འབྲེལ་གྱི་ཚུལ་སྤྱི་ལ་གཞིགས་ན་ཅུང་གཏན་འཇགས་ཡིན་ཡང་། ཡང་བསྐྱར་གཉེན་སྒྲིག་དང་། གཉེན་འཐོར་རྒྱག་པའི་ཁྱིམ་ཚང་གིས་ཚད་ངེས་ཅན་ཟིན་ཡོད། ཞིང་ཆེན་ཡོངས་ཀྱི་ཁྱིམ་ཚང་བརྒྱའི་ཁྲོད་ཁྱིམ་ཚང་7གཉེན་འཐོར་གྱི་ཡོད་པས་རྒྱལ་ཡོངས་ཀྱི་རིམ་པ་ནས་ཚད་ཅུང་དྲག་ཤོས་སུ་ཆགས་ཡོད་པ་རེད།

        ལོ་ཙཱ་བ། ཁོན་ཐར་འཚོ།