ཡུལ་ཤུལ་གྱིས་གནས་མཆོག་ཡུལ་ཤུལ་ཞེས་པའི་དྲ་ཚོང་གི་སྟེགས་བུ་བཙུགས་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-05-12 12:12:34      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        
      གནས་མཆོག་ཡུལ་ཤུལ་ཞེས་པའི་གློག་རྡུལ་ཚོང་དོན་སྟེགས་བུ་ཤར་གཏོང་གི་མཛད་སྒོའི་ཐོག་ཡུལ་ཤུལ་ཁུལ་གྱི་ཏང་ཨུའི་རྒྱུན་ཨུ་དང་ཡུལ་ཤུལ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཚའེ་ཁྲེང་ཡུང་གིས་ཤིས་ཚིག་ཕུལ་བཞིན་པ།

        ཟླ༥བའི་ཚེས༩ཉིན་ལ་ཀྲུང་གོའི་གསར་འགྱུར་དྲ་བའི་སྤེལ་བའི་འཕྲིན། གནས་མཆོག་ཡུལ་ཤུལ་ཞེས་པའི་གློག་རྡུལ་ཚོང་དོན་སྟེགས་བུ་དེ་དངོས་སུ་ཤར་གཏོང་དང་བསྟུན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་སྔ་ཚོང་སྟེགས་དེ་གར་མཉམ་ལས་ཁང༦༢ཡོད་པ་ལ། དེ་ནི་ལང་ཚོ་དར་ལ་བབས་པའི་གྲོང་ཁྱེར་ཡུལ་ཤུལ་གྱི་ཞིང་ཕྱུག་ཐོན་རྫས་དེ་སྲོལ་རྒྱུན་གྱི་བྲིན་ཚོང་ནས་གློག་རྡུལ་དྲ་ཚོང་གི་ཕྱོགས་སུ་སྙེག་པའི་རྟགས་ཤིག་ཏུ་མངོན།

        གནས་མཆོག་ཡུལ་ཤུལ་གྱི་གློག་རྡུལ་ཚོང་དོན་སྟེགས་བུ་དེའི་འགན་འཁུར་བ་སྐལ་བཟང་འཕྲིན་ལས་ཀྱིས། ཡུལ་ཤུལ་ལ་ལག་ཤེས་བཟོ་རྩལ་ཀྱི་ཐོན་རྫས་སོགས་ཁྱད་ཆོས་ལྡན་པའི་ཐོན་རྫས་ཧ་ཅང་མང་ན་ཡང་ས་བབ་དང་འགྲིམ་འགྲུལ་གྱི་ཆ་རྐྱེན་ཞན་པ་སོགས་རྐྱེན་དབང་གིས་ཁྲོམ་རའི་ཚོང་ལམ་གུ་དོག་པ་དང་། ཁྲོམ་རའི་རིན་གོང་ཡང་དེ་འདྲའི་ཡག་པོ་མིན། ང་ཚོས་མཉམ་ལས་ཁང་གི་ཐོན་རྫས་ཕྱོགས་འདུས་ཀྱི་ཆ་དེ་ལ་བརྟེན་ནས་དེ་དང་མཉམ་ལས་ཀྱིས་དྲ་ཐོག་དང་དྲ་ཕྱི་གཉིས་ཀྱི་ཁྲོམ་ར་བེད་སྤྱད་དེ། མང་ཚོགས་ཕྱུག་འགྱུར་གྱི་ལམ་ལ་སྐུལ་འཁྲིད་བྱེད་རྒྱུ་དེ་ཡིན་ཟེར།ཚའེ་ཀྲེང་ཡུང་གིས་འདི་སྐད། ཕྱིས་འབྱུང་དྲ་སྦྲེལ་གྱི་དཔལ་འབྱོར་དེ་ཡུལ་ཤུལ་གྲོང་ཁྱེར་གྱི་མ་འོང་བའི་ཚོང་ལས་གཉེར་སྟངས་གཙོ་བོ་བསྒྱུར་ཏེ། ཨ་ལི་པ་པ་དང་། ཅིང་ཏུང་སོགས་གློག་རྡུལ་ཚོང་སྟེགས་དང་མཉམ་ལས་ཀྱིས་ཡུལ་ཤུལ་དེ་ཉིད་བོད་ཁུལ་གྱི་ཁྱད་ཆོས་ལྡན་པའི་དྲ་སྦྲེལ་གཙོ་བོ་ཞིག་ཏུ་བསྐྲུན་ནས་ཡུལ་ཤུལ་ས་ཁུལ་གྱི་ཐོན་ལས་གོང་སྤེལ་ལ་སྐུལ་འཁྲིད་བྱེད་པ་ཞིག་ཏུ་གཏང་རྒྱུ་ཡིན་ཟེར།

        ལོ་ཙཱ་བ། ཁོན་ཐར་འཚོ།