མི་རིགས་རིག་གནས་རྒྱུད་འཛིན་སྒོས། ཏང་གི་ཚོགས་ཆེན་མངོན་པར་བསྟོད།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-05-16 12:56:00      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

       

              མཚོ་བྱང་གིས་གཟུགས་མེད་ཤུལ་བཞག་རིག་གནས་ལས་གཞི་རྒྱུད་འཛིན་དར་སྤེལ་བཏང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་འཚོག་པར་སྟ་གོན་དང་བསུ་མ་བྱེད་ཆེད་དུ། མཚོ་བྱང་ཁུལ་མི་རིགས་གླུ་གར་ཚོགས་པའམ་ཁུལ་གཟུགས་མེད་ཤུལ་བཞག་རིག་གནས་རྒྱུད་འཛིན་ལྟེ་གནས་ནས་མི་རིགས་ཀྱི་ཁྱད་འཕགས་རིག་གནས་དར་སྤེལ་དང་། མི་རིགས་གླུ་གར་སྒྱུ་རྩལ་དགེ་ཐོན་པ་ཞེས་པ་དེ་2014ལོ་ནས་བཟུང་དུས་ཡུན་ལོ་གསུམ་རིང་ཇུས་འགོད་དང་སྒྲིག་སྦྱོར་བྱས་མཐར་ཐོག་མའི་མཚོ་བྱང་གི་སྒོར་བྲོ་ཞེས་པ་ཕབ་ལེན་བྱས་ཡོད་པས། མི་འགྱང་བར་འདི་གའི་སྤྱི་ཟླ་6པའི་ནང་འགྲེམ་སྤེལ་བྱ་རྒྱུ་རེད།
       

              མཚོ་བྱང་གི་སྒོར་བྲོ། 《ལང་ཚོའི་མཆོད་པ》ནི་བོད་ཀྱི་དམངས་ཁྲོད་གླུ་གར་སྒྱུ་རྩལ་རྟེན་གཞིར་བྱས་ཏེ་བོད་ཁུལ་གྱི་སྒོར་བྲོ་ཐུན་མོང་གི་སྒྱུ་རྩལ་མཚོན་ཐབས་དང་སྟངས་སྟབས་མཐུན་སྦྱོར་སྒོས་བོད་ཀྱི་གདོད་མའི་དབྱངས་རྟའི་རམ་སྐྱོར་བྱས། དེའི་མཚུངས་སུ་སྤྱི་ཁོག་ནས་འདོར་ལེན་དང་སྒྲིག་སྦྱོར་གང་ལེགས་ཀྱིས་མཚོ་བྱང་གི་ཁྱད་ཆོས་དང་དམངས་ཁྲོད་རིག་གནས་གཞི་བཞག་བྱས་ཐོག་རིམ་གྱིས་དེང་རབས་གླུ་གར་གྱི་སྟངས་སྟབས་འདྲེས་སུ་བཅུག་སྟེ་སྒྲིག་སྦྱོར་གསར་སྤེལ་བྱས་པ་ཞིག་ཡིན། གར་གྱི་སྟངས་སྟབས་མཉེན་ལ་འཇུག་བདེ་བ། དབྱངས་ཀྱི་འགྱུར་ཁུག་སྙན་ལ་ཡིད་བྲོ།

        མཚོ་བྱང་གི་སྒོར་བྲོ། 《ལང་ཚོའི་མཆོད་པ》  ཡིས་མཚོ་བྱང་གི་དམངས་ཁྲོད་རིག་གནས་རྒྱུད་འཛིན་འཕེལ་རྒྱས་དང་། རྒྱུད་སྒྲོག་དར་སྤེལ། མི་རིགས་རིག་གནས་ཀྱི་ངོས་འཛིན་བཅས་ལ་སྐུལ་འདེད་ཀྱི་ནུས་པ་བླ་ལྷག་ཐོན་ཡོང་། དེའི་མཚུངས་སུ་མཛེས་པའི་མཚོ་སྔོན། རྨི་ལམ་ཁྲོད་ཀྱི་མཚོ་བྱང། ལོ་རྒྱུས་རིང་མོའི་ཡིད་བརྙན་གྱི་མཛེས་པ་དང་། མི་རིགས་མཉམ་སྡོད་ཀྱི་མཛེས་པ། མི་རིགས་མཐུན་སྒྲིལ་གྱི་མཛེས་པ། མི་དང་རང་བྱུང་འཆམ་མཐུན་གྱི་མཛེས་པ་ཡོངས་སུ་སྤྲས་ཡོད།


      དྲ་གནས་འདི་https://v.qq.com/x/page/b0503n7fa12.htmlམནན་ནས་བརྙན་ཐུང་ལ་གཟུགས་རོགས།



       

      གསར་འགོད་པ་དང་པར་ལེན་པ་གཡང་སྐྱབས་ཚེ་རིང་།