ཀན་ལྷོ་ཐེ་བོ་རྫོང་གིས་སེམས་ཤུགས་གཅིག་སྒྲིལ་གྱིས་གཞིས་ཁྱིམ་མཉམ་སྐྲུན་བྱེད་བཞིན་ཡོད།

      ཡོང་ཁུངས། : བོད་ཀྱི་དྲ་བ།      སྤེལ་དུས། : 2017-05-16 15:40:47      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོ་ནས་བཟུང་། “སྐྱེ་ཁམས། འཆམ་མཐུན། བདེ་སྐྱིད། མཛེས་སྡུག”གི་ཞིང་སྡེ་ཐེ་བོའི་ཡུལ་གྲུ་ཀུན་ཏུ་མཐོང་ཐུབ། རྫོང་གིས་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་རྒྱུ་དེ་དབུལ་ཐར་མཁྲེགས་གཏོར་དང་ཁོར་ཡུག་གཙང་སྦྲའི་ཕྱོགས་བསྡུས་བདག་སྐྱོང་སོགས་གནད་སའི་བྱ་བ་དང་ཟུང་འབྲེལ་དམ་པོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་བགྲོད་ལམ་མི་བདེ་བ་དང་འཕྲིན་ཤར་གཏོང་མི་ཐུབ་པ། ཁོར་ཡུག་གཙང་སྦྲ་ཞན་པ་སོགས་ཀྱི་གནད་དོན་ཐག་བཅད། བགྲོད་ལམ་སྤྱི་ལེ115.8སྲ་འགྱུར་བྱས་ཤིང་། ཆུ་རགས་སྤྱི་ལེ7.8དང་ཆུ་འབུད་ཡུར་བུ་སྤྱི་ལེ14.2གསར་སྐྲུན་བྱས་པ་དང་། བཙོག་ཆུ་འབུད་གཏོང་མདོང་ལམ་སྤྱི་ལེ10.89བཏིང་ལ། ཁྱིམ་ཚང1024ཡི་སྤྱོད་ཁང་དང་སྤྱི་བའི་སྤྱོད་ཁང35གསར་སྐྲུན་བྱས་པ་དང་། སྒོ་ཆེན980བསྒྱུར་བཀོད་དང་གསར་སྐྲུན་བྱས་ཤིང་། ཁྱིམ་ཚང895ཡི་གྱང་ངོས་དང་ཁྱིམ་ཚང 385ཡི་ཇ་ཁང་བསྒྱུར་བཀོད་བྱས་པ་མ་ཟད། ཉི་འོད་ནུས་པའི་ཐབ་ཀ་དང་ཆུ་སྲོ་ཆས། ལམ་སྒྲོན་སོགས་གསར་སྐྲུན་བྱས་པ་དང་གད་སྙིགས་བཤོ་ས་དང་སྙིགས་སྒམ་སོགས་གསར་དུ་བསྣན་པས། སྡེ་བའི་རྣམ་པར་འགྱུར་ལྡོག་བྱུང་ཞིང་རྫོང་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་གྱི་གོམ་སྟབས་ཀྱང་ཇེ་མགྱོགས་སུ་བཏང་།

        འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་གྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་ཆེད། ཐེ་བོ་རྫོང་གིས་རྫོང་ཨུའི་ཧྲུའུ་ཅི་ཡིས་ཚན་གཙོའི་འགན་ཁུར་བ་དང་། སྲིད་གཞུང་གི་རྫོང་དཔོན་གྱིས་རྒྱུན་ལས་ཚན་གཙོ་གཞོན་པའི་འགན་ཁུར་བ། ཚན་ཁག་ཆེན་པོ་བཞིའི་འབྲེལ་ཡོད་འགོ་པས་ཚན་གཙོ་གཞོན་པའི་འགན་ཁུར་བ། འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་ཁོངས་མི་ཡིན་པའི་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། རྫོང་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་བྱ་བྱེད་མི་སྣ་འཐེན་གཏོང་བྱས་ཏེ། རྫོང་ཡོངས་ཀྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་གྱི་རྩ་འཛུགས་དང་མཐུན་སྦྱོར་སོགས་ཉིན་རྒྱུན་གྱི་བྱ་བའི་འགན་ཁུར་དུ་བཅུག་པས། རྫོང་ཡོངས་ཀྱི་གོང་འོག་ཚང་མར་གཅིག་གྱུར་སྟོབས་ལྡན་དང་མཐུན་སྦྱོར་རིམ་ལྡན་གྱི་ཅུང་བཟང་བའི་རྣམ་པ་ཆགས།

        ཁྱད་ཆོས་ལྡན་ཞིང་འབུར་ཐོན་ཞིག་བསྒྲུབ་ཆེད་ཐེ་བོ་རྫོང་གིས་སྡེ་བ་རེ་རེ་ཆགས་སའི་ཁོར་ཡུག་དང་སྡེ་བའི་རྣམ་པ་སོགས་རིགས་དང་ཁྱད་ཆོས་མི་འདྲ་བར་གཞིགས་ནས། སྡེ་བ་རེ་རེའི་ཕུན་སུམ་ཚོགས་པའི་གསར་བརྗེའི་ལོ་རྒྱུས་དང་དམངས་སྲོལ་རིག་གནས་སོགས་ཀྱི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་པ་དང་། གནའ་ཉམས་བབ་ཆགས་ཀྱི་རང་བྱུང་རྣམ་པ་རྒྱུན་སྲུང་དང་ཐེ་བོའི་སྐྱེ་ཁམས་ཁྱད་ཆོས་མངོན་པར་མཚོན་པའི་རྨང་གཞིའི་སྟེང་དུ། གྲོང་སྡེ་ལྗོངས་ཁུལ་ཞིག་ཏུ་བརྩིས་ནས་ཇུས་འགོད་གསར་སྐྲུན་བྱས་པ་དང་། སྡེ་བ་རེ་ལ་རྣམ་པ་རེ་དང་སྡེ་བ་རེ་ལ་ལྗོངས་ཁུལ་རེའི་ཚད་གཞི་ལྟར། འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་གྱི་འཆར་གཞི་དང་ཇུས་འགོད28བཟོ་འགོད་བྱས།

        སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་ལས་ཆེས་ཐད་ཀར་གྱི་དངོས་ཕན་ཐོབ་མཁན་དེ་རོང་འབྲོག་པ་མང་ཚོགས་ཡིན། གསར་འགོད་པས་བཅར་འདྲིའི་བརྒྱུད་རིམ་ཁྲོད་དུ་ཐེ་བོ་རྫོང་གི་གོང་འོག་ཚང་མས་མུ་མཐུད་དུ་བསམ་བློ་གཅིག་གྱུར་དང་ངོས་ཟིན་གཅིག་འདུས་ཀྱིས་བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་སྟོབས་ཤུགས་གནས་གཅིག་ཏུ་བཏོན་ནས། སྐྱེ་ཁམས་བདེ་འཇགས་འགན་སྲུང་དང་གནད་ཁེལ་དབུལ་ཐར་ལ་རོགས་འདེགས། ཡུལ་སྐོར་ཐོན་ལས་མགྱོགས་པོར་འཕེལ་བར་སྐུལ་འདེད། རོང་འབྲོག་སྡེ་གསར་བའི་འཛུགས་སྐྲུན་རྒྱ་སྐྱེད། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་ཕྱོགས་ཀྱི་ནུས་པ་མངོན་ཡོད་པ་ཚོར་ཞིང་། རྫོང་ཡོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་བྱེད་པའི་ངར་ཤུགས་ཀྱང་མཐོང་།།