བོད་ལྗོངས་ཀྱིས་ཚོང་དོན་ལམ་ལུགས་བསྒྱུར་བཅོས་བཏང་ནས་ཁྲོམ་རའི་གྲུབ་ཆ་ལེགས་སུ་བཏང་བ།

      ཡོང་ཁུངས། : བོད་ཀྱི་དྲ་བ།      སྤེལ་དུས། : 2017-05-16 15:30:03      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་རེའི་དུས་ཚིགས་དང་པོ་ནི་བོད་ལྗོངས་ཀྱི་ཚོང་དུད་གསར་པ་ཐོ་འགོད་བྱེད་ཉུང་བའི་དུས་ཚིགས་ཤིག་ཡིན་ན་ཡང་། ད་ལོའི་དུས་ཚིགས་དང་པོར་བོད་ལྗོངས་ཀྱིས་རིགས་ཁག་གི་ཚོང་དུད9679ཐོ་འགོད་བྱས་པ་དང་ཐོ་འགོད་མ་གནས་སྒོར་དུང་ཕྱུར368ལྷག་ཙམ་ཟིན་ཡོད།

        གསར་འགོད་པས་བོད་རང་སྐྱོང་ལྗོངས་བཟོ་ཚོང་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱི་ཁེ་ལས་བྱེད་པོའི་ནང་ཁེ་ལས་ཀྱིས་བསྡུར་གྲངས་བཟུང་ཚད22.71%ཟིན་པ་དང་། ཚན་རྩལ་ཞིབ་འཇུག་དང་ལག་རྩལ་ཞབས་ཞུའི་ལས་རིགས། ཆ་འཕྲིན་བརྒྱུད་སྤེལ། གཉེན་ཆས། ཆ་འཕྲིན་ལག་རྩལ་གྱི་ཞབས་ཞུའི་ལས་རིགས་བཅས་གཉེར་མཁན་འཕར་སྣོན་མངོན་གསལ་དོད་པོ་བྱུང་ཡོད།

        2013ལོའི་ཚུན་དུ། བོད་ལྗོངས་ཡོངས་ཀྱི་བཟོ་ཚོང་སྲིད་འཛིན་དོ་དམ་ཚན་པས་ཚོང་དོན་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་ཁྲོམ་རའི་བྱེད་པོ་ཞུགས་འཐུས་སྟབས་བདེ་ཅན་ལ་སྐུལ་སྤེལ་ཤུགས་ཆེན་བཏང་བ་དང་། ཁེ་ལས་ཆུང་གྲས་འཕེལ་རྒྱས་ལ་སྐུལ་ལྕག་བཏང་བས་ཁྲོམ་རའི་གསོན་ཤུགས་རྒྱུན་མཐུད་འཕེལ་བ་དང་རིགས་ཁག་གི་ཁྲོམ་རའི་བྱེད་པོ་རྒྱུན་མཐུད་གོང་འཕེལ་མགྱོགས་པོ་བྱུང་ཡོད། སྤྱི་ཟླ3པའི་ཟླ་མཇུག་བར། རང་ལྗོངས་སུ་རིགས་ཁག་གི་ཚོང་དུད་ཁྲི་ཚོ19ལྷག་ཙམ་ཟིན་པ་དེ་དུས་མཚུངས་པ་ལས22%ཙམ་འཕར་བ་དང་། ཐོ་འགོད་མ་གནས་སྒོར་དུང་ཕྱུར8373ལྷག་ཙམ་ཟིན་པ་དེ་དུས་མཚུངས་པ་ལས77%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད།

        བོད་ལྗོངས་ཀྱི་ཐོ་འགོད་བྱེད་མཁན་ཚོང་དུད་འཕར་སྣོན་ཆེན་པོ་བྱུང་ནས་ད་ལྟ་རིམ་བཞིན་རྒྱུན་རྣམ་ཅན་དུ་འགྱུར་ཡོད། ད་ལོའི་དུས་ཚིགས་དང་པོར་ཚོང་དུད་དང་ཐོ་འགོད་མ་གནས་ཀྱི་གྲངས་འབོར་གཉིས་ཀ་བསྒྱུར་བཅོས་མ་བྱས་གོང་གི2013ལོའི་དུས་མཚུངས་པ་ལས་ལྡབ་གཉིས་ལྷག་ཙམ་འཕར་ཡོད།
      དེང་སྐབས་ལྗོངས་ཡོངས་ཀྱི་ཁེ་ལས40000ལྷག་ཟིན་ནས་དུས་མཚུངས་པ་ལས40%འཕར་བ་དང་ཐོ་འགོད་མ་གནས་སྒོར་དུང་ཕྱུར8000ལས་བརྒལ་ཏེ་དུས་མཚུངས་པ་ལས78%འཕར་ཡོད་པ་སོགས་ཀྱི་ཐོག་ནས། ཚོང་དོན་ལམ་ལུགས་བསྒྱུར་བཅོས་ཀྱིས་ཁྲོམ་རའི་བྱེད་པོའི་གྲུབ་ཆ་ལེགས་སྒྲིག་གི་ཕན་འབྲས་དང་བོད་ལྗོངས་ཀྱི་ཁྲོམ་རའི་བྱེད་པོ་རིམ་བཞིན་ལེགས་སུ་འགྲོ་བཞིན་ཡོད་པ་མངོན་གྱི་ཡོད། །