རང་ཞིང་གིས་༢༠༡༧ལོའི་སློབ་མ་བཟང་འདེམ་གྱི་བོད་སྐད་ཚོད་རྒྱུགས་བྱ་རྒྱུའི་སྤྱི་བསྒྲགས།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-05-17 11:30:29      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        མཚོ་སྔོན་ཞིང་ཆེན་གྱི༢༠༡༧ལོའི་སློབ་མ་བཟང་འདེམ་གྱི་སྤྱི་བསྒྲགས་ལས་འབྲེལ་ཡོད་ཀྱི་གཏན་འབེབས་དང་རྒྱུགས་ཞུགས་སློབ་མའི་ཡིག་རྒྱུགས་ཀྱི་སྐར་འབྲས་ལ་གཞིགས་ནས་སློབ་མ་བཟང་བོ༡༡༨༠ལ་ཁ་རྒྱུགས་ལེན་རྒྱུ་ཐག་བཅད་ཡོད་པས། གཤམ་ནས་ཁ་རྒྱུགས་འདི་དང་འབྲེལ་བའི་དུས་དང་ཆ་རྐྱེན་ཁག་ངོ་སྤྲོད་བྱེད་ན།

         དང་པོ། བོད་སྐད་ཁ་སྐད་གྱི་ཚོད་རྒྱུགས།

        ༡ དུས་ཚོད། ༢༠༡༧ལོའི་ཟླ༦པའི་ཚེས༢ཉིན་ཏེ་གཟའ་པ་སངས་ཀྱི་སྔ་དྲོ་རེད།

        ༢ ས་གནས། ཟི་ལིང་མགྲོན་ཁང་(མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་བདུན་གཅིག་ལམ་གྱི་ལམ་རྟགས༣༤༨པ)གི་སུམ་ཐོག་རེད།

        ༣ རེ་བ། ༢༠༡༧ལོའི་ཟླ༥བའི་ཚེས༢༥ཉིན་ནས་ཚེས༢༧ཉིན་བར་རྒྱུགས་ཞུགས་ཀྱི་བོད་རྒྱ་སྐད་གཉིས་ལ་བྱང་ཆ་ཡོད་པའི་སློབ་མ་དག་གིས་སློབ་མའི་ཐོབ་ཐང་ལག་འཁྱེར་དངོས་དང་རྒྱུགས་སྤྲོད་ཁྲོལ་ཡིག་བཟུང་ནས་ ཟི་ལིང་མགྲོན་ཁང་གི་ཉིས་ཐོག་ཏུ་ཡོད་པའི་ཁང་པ་ཨང་2107པར་སོང་ནས་བོད་སྐད་ཚོད་རྒྱུགས་ནང་ཞུགས་རྒྱུ་ཡར་ཞུ་བྱས་ནས་ཚོད་རྒྱུགས་ཀྱི་བརྡ་སྦྱོར་ཡི་གེ་ལེན་དགོས། (དུས་དེ་ལས་འདའ་ཚེ་གོ་སྐབས་ཤོར་བ་ཡིན།)གལ་ཏེ་མི་རང་ཉིད་ཡོང་མི་ཐུབ་ཚེ་ཚབ་མི་མངག་ཆོག ཚབ་མིས་ཁྱེད་ཀྱི་འབྲེལ་ཡོད་ལག་འཁྱེར་དང་ཁྲོལ་ཡིག་གི་བསྐྱར་དཔར། ཚབ་མི་རང་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་དངོས་བཅས་འཁྱེར་ནས་ལེན་དུ་ཡོང་དགོས།

        གཉིས་པ། ཁ་རྒྱུགས།

        ༡ དུས་ཚོད། ༢༠༡༧ལོའི་ཟླ༦པའི་ཚེས༤ཉིན་ཏེ་གཟའ་ཉི་མ་རེད།

        ༢ ས་གནས། མཚོ་སྔོན་དགེ་ཐོན་སློབ་ཆེན་སློབ་ཁུལ་རྙིང་བའི་སློབ་ར་བྱང་མ(ཟི་ལིང་གྲོང་ཁྱེར་ལྔ་བཞི་ནུབ་ལམ་ཨང་རྟགས༣༨པ་ཡིན)རང་བྱུང་ཚན་རིག་ཚན་ཁག་གི་ཐོག་ཁང་རེད།

        ༣ རེ་བ། ཁ་རྒྱུགས་སུ་ཞུགས་མཁན་སློབ་མ་རྣམས་༢༠༡༧ལོའི་ཟླ༥བའི་ཚེས༢༥ཉིན་ནས་ཚེས༢༧ཉིན་བར་ཟི་ལིང་མགྲོན་ཁང་གི་ཉིས་ཐོག་ཏུ་ཡོད་པའི་ཁང་པ་ཨང་༢༡༠༧ལ་སོང་ནས་གོང་གི་སྐད་གཉིས་ཚོད་རྒྱུགས་ཀྱི་འགྲོ་རིམ་ལྟར་དུ་ཁ་རྒྱུགས་ཀྱི་བརྡ་སྦྱོར་ཡི་གེ་ལེན་དགོས།

        ཁ་རྒྱུགས་ལ་ཞུགས་དུས་ངེས་པར་དུ་ཁ་རྒྱུགས་ཀྱི་བརྡ་སྦྱོར་ཡི་གེ་དང་རང་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་དངོས་འཛིན་དགོས།

        ཟླ༦པའི་ཚེས༤ཉིན་གྱི་སྔ་དྲོའི་ཆུ་ཚོད7:00ཐོག་ནས་བཟུང་རྒྱན་འཕེན་རྒྱུ་ཡིན་ལ། རྒྱན་གྱི་ཨང་རིམ་བཞིན་ཁ་རྒྱུགས་ཀྱི་གོ་རིམ་གཏན་འཁེལ་བྱེད་རྒྱུ་ཡིན་པས། ཉིན་དེའི་སྔ་དྲོའི་ཆུ་ཚོད་8:00ཐོག་རྒྱུགས་ཞུགས་པ་རྣམས་རྒྱུགས་རར་ངེས་པར་དུ་ཐོན་དགོས་པ་དང་། ཐོན་ནས་རྒྱན་ལེན་དགོས། གལ་ཏེ་དུས་ལྟར་མ་འབྱོར་བ་དང་རྒྱན་ལེན་མ་ཐུབ་ཚེ་གོ་སྐབས་ཤོར་བ་ཡིན།

                   འབྲེལ་གཏུག་བྱ་ཡུལ། ཁ་པར་ཨང་གྲངས་ནི0971—8483937(8:30—12:00,14:30—18:00)13909716442 18997199550བཅས་རེད།

      ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ནས
      ༢༠༡༧ལོའི་ཟླ་༥བའི་ཚེས༡༦ཉིན་ལ།

      ལོ་ཙཱ་བ། ཁོན་ཐར་འཚོ།