ཁམས་པའི་བརྙན་འཕྲིན་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་སྐྱོད་པའི་རིག་གནས་བྱེད་སྒོ།

ཡོང་ཁུངས། : བོད་ཀྱི་དྲ་བ།      སྤེལ་དུས། : 2017-05-18 10:13:46      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

 

  

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས13ཉིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་པར་བསུ་མ་དང་རྒྱལ་གཅེས། ཁྲིམས་སྲུང་། དྲིན་དྲན། མཐུན་སྒྲིལ་གྱིས་བརྗོད་བྱ་གཙོ་བོར་བྱས་པའི་ཁམས་པའི་བརྙན་འཕྲིན་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་སྐྱོད་པའི་རིག་གནས་བྱེད་སྒོ་དེ་སློབ་གྲྭའི་ནང་དུ་གཟབ་རྒྱས་ངང་སྤེལ་བ་རེད།

  བྱེད་སྒོ་འདི་ཁམས་པའི་བརྙན་འཕྲིན་ཁང་དང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་གཉིས་ཀྱིས་གཙོ་གཉེར་བྱས་པ་དང་།བསང་མཆོད་ཀྱི་དུ་སྨུག་ལང་ལོང་འཕྱུར་བའི་ཁྲོད་ནས་རིག་རྩལ་བྱེད་སྒོའི་འགོ་ཚུགས་ཤིང་།མདོ་དབུས་ཁམས་གསུམ་ནས་ཕེབས་པའི་ཕ་སྐད་མ་ཡིག་གི་རྩོམ་པ་པོ་དང་གེ་སར་རིག་གནས་ཀྱི་སྒྱུ་རྩལ་པ། མི་ཉག་ཨ་ཅེ་ལྷ་མོའི་ཟློས་གར་ཚོགས་པ་དང་བོད་ཀྱི་ཡིག་གཟུགས་མཁས་ཅན། རིག་རྩལ་འཁྲབ་སྟོན་པ་དང་སློབ་གྲྭ་རང་གི་དགེ་སློབ་བཅས་ལྷན་དུ་འཛོམས་ནས་བོད་ཆོལ་གསུམ་གྱི་ཁྱད་ཆོས་མཚོན་ལ་རིག་གནས་ཀྱི་སྙིང་བཅུད་ལྡན་པའི་སྙན་ངག་གྱེར་འདོན་དང་གེ་སར་སྒྲུང་བཤད་པ། ཁེར་གླུ། ལྷ་མོའི་ཟློས་གར། མྱོང་ཚོར་ཟབ་མོའི་གཏམ་རྒྱུད། ཁ་ཤགས། གླུ་ཤགས། བོད་ཀྱི་གནའ་བོའི་ཞབས་བྲོ་སོགས་སྲོལ་རྒྱུན་དང་དེང་རབས་ཀྱི་རིག་རྩལ་གྱི་སྟོན་མོ་གཟབ་རྒྱས་སྤེལ་བ་རེད།