ཏང་གི་སྐབས་༡༩བར་བསུ་མ་ཞུ་བའི་རྩོམ་བསྡུའི་བརྡ་སྦྱོར།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-05-18 14:55:02      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བར་བསུ་མ་དང་བཅིངས་འགྲོལ་དམག་བཙུགས་ནས་ལོ་༩༠འཁོར་བར་རྟེན་འབྲེལ་ཞུ་བའི་རྩོམ་བསྡུའི་བརྡ་སྦྱོར།

        

        གྲོང་ཁྱེར་དང་ཁུལ་ཁག་གི་ཏང་ཨུ་དྲིལ་སྒྲོག་པུའུ་དང་དམངས་སྲིད་པུའུ། ཞིང་ཆེན་ཐད་གཏོགས་ཀྱི་རིག་གནས་དྲིལ་སྒྲོག་སྡེ་ཚན་དང་། ཞིང་ཆེན་ཁོངས་གཏོགས་ཀྱི་སློབ་ཆེན་ཁག མཚོ་སྔོན་དུ་བཅའ་སྡོད་བྱས་པའི་དམག་སྡེ་ཁག་བཅས་ལ།

        ལོ་རྒྱུས་ཀྱི་ཚོགས་ཆེན་ཏེ་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བར་དགའ་བས་བསུ་མ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ༩༠འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་ཆེད་དང་། སྐྱིད་སྡུག་མཉམ་མྱོང་དང་། ལས་དབང་གཅིག་པ། གཅིག་སེམས་གཅིག་ལ་འབྲེལ་བའི་དམག་སྲིད་དང་དམག་དམངས་ཀྱི་འབྲེལ་བ་ཇེ་བརྟན་དང་། ཞིང་ཆེན་ཡོངས་ཀྱི་དམངས་དམག་ཀྱིས་མཉམ་དུ་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ལྡན་གྱི་ཕུགས་ལྡན་མངོན་འགྱུར་ལ་འབད་འབུངས་བྱེད་ཆེད་དུ། ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་དམངས་སྲིད་ཐིང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བ་དང་བཅིངས་འགྲོལ་དམག་བཙུགས་ནས་ལོ༩༠འཁོར་བར་རྟེན་འབྲེལ་ཞུ་བ་བརྗོད་བྱར་བཟུང་བའི་རྩོམ་བསྡུ་རྒྱུ་ཡིན་པས། འབྲེལ་ཡོད་ཀྱི་ནང་དོན་གཤམ་གསལ།

        དང་པོ། བསྡུ་བྱའི་རྩོམ་ཡིག་གི་བརྗོད་གཞི་ཐད་ཀྱི་རེ་བ། ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བར་བསུ་མ་དང་བཅིངས་འགྲོལ་དམག་བཙུགས་ནས་ལོ༩༠འཁོར་བར་རྟེན་འབྲེལ་ཞུ་བ་བརྗོད་དོན་གཙོ་བྱས། བཅིངས་འགྲོལ་དམག་བཙུགས་ནས་ལོ་༩༠འཁོར་བའི་རིང་གི་འོད་སྟོང་འབར་བའི་གྲུབ་འབྲས་དང་། རྒྱལ་ཁབ་སྟོབས་འབྱོར་དང་དམག་དཔུང་སྟོབས་ཅན་གྱི་རླབས་ཆེན་ལག་ལེན་དང་། དམངས་དམག་ཁྱིམ་གཅིག་དང་འདྲ་ཞིང་། གསར་གཏོད་དང་གོང་སྤེལ་གཉིས་བཀུར་གྱི་ལས་ལ་བརྩོན་པ། རྒྱལ་ཁབ་ལ་ཞེན་བའི་དམག་དང་། དམངས་ཕན་ལ་རང་ཉིད་བློས་ཕོད་པའི་དངོས་དཔེ། མི་སེམས་འགུལ་བའི་གཏམ་རྒྱུད་བཅས་ལ་བརྟེན་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་འོད་སྟོང་འབར་བའི་ལོ་རྒྱུས་ལ་བསྟོད་པའི་སྙན་གླུ་གྱེར་བ། ཏང་གི་འགོ་ཁྲིད་འོག་གཉིས་བཀུར་གྱི་ལས་ཀའི་གྲུབ་འབྲས་དང་དམངས་དམག་ཉ་ཆུ་བཞིན་ཟབ་པ། རྒྱ་ཆེའི་དམངས་དམག་བར་མཐུན་སྒྲིལ་དམ་པོ་བྱེད་པ། དམག་སའི་དགེ་མཚན་ལྡན་པའི་ཐོན་ཁུངས་དང་སྙིང་སྟོབས་གཅིག་ཏུ་བསྡུ་བ་བཅས་ཀྱིས་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ལྡན་གྱི་རྒྱལ་ཁབ་ཤིག་མངོན་དུ་འགྱུར་བར་ཞབས་འདེགས་དང་དྲང་ནུས་ཆེན་པོ་མཚོན་པའི་སྒོ་ནས་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བ་བདེ་བླག་ངང་འཚོག་པར་ལེགས་སྐྱེས་འབུལ་རྒྱུ་དེ་རེད།

        ཐེངས་འདིའི་རྩོམ་བསྡུ་དེ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་དམངས་དམག་གི་སློབ་མ་དང་། མཚོ་སྔོན་དུ་ལས་ཀ་དང་དམག་ལ་ཞུགས་མྱོང་བའི་མི་ལ་ཕྱོགས་ཏེ། ༢༠༡༧ལོའི་ཟླ༦པའི་ཚེས༢༥ཉིན་གྱི་ཆུ་ཚོད་༢༤བར་བསྡུ་རྒྱུ་ཡིན་ལ། ཡིག་ཟམ་ཏུ་བསྐུར་བའི་དུས་ཚོད་ཚད་གཞི་འཛིན་རྒྱུ་རེད།

        ཡིད་འཇོག་བྱེད་དགོས་ས་ནི། ཐེངས་འདིའི་རྩོམ་བསྡུ་ལ་གྲོན་དངུལ་གང་ཡང་མི་བསྡུ་བ་དང་། རྩོམ་བསྐུར་མཁན་གྱིས་ཐོག་མར་གཞན་པོའི་ཤེས་ཡོན་ཐོན་དབང་དང་བདག་དབང་ལ་མི་གནོད་པར་ཁག་ཐེག་ཐུབ་དགོས། གལ་སྲིད་ཁྲིམས་ལུགས་དང་འགལ་བའི་གནད་དོན་བྱུང་དུས་རྩོམ་བསྐུར་བ་རང་བདག་གིས་ཐག་གཅོད་དགོས་པ་ལས་གཙོ་གཉེར་ཕྱོགས་ཀྱིས་ཁྲིམས་ལུགས་ཀྱི་འགན་ཅི་ཡང་མི་འཁུར། རྩོམ་བསྐུར་དུས་མི་སྒེར་དང་ལས་ཁུངས་ཀྱི་མིང་བཀོད་ཆོག་ལ་ངེས་པར་དུ་གཞན་དུ་བཀོད་མེད་པའི་རང་རྩོམ་དག་མ་ཡིན་དགོས། རྩོམ་སྟངས་གང་རུང་ཡིན་ཆོག ཁ་བྱང་རང་གིས་ཐག་བཅད་ཆོག བརྗོད་དོན་གསལ་ལ་མཚོན་དོན་གཏིང་ཟབ་པ། ཚིག་སྦྱོར་བབ་ཆགས་ཤིང་གོ་སླ་བ། བསམ་བློ་རང་བཞིན་དང་གསར་གཏོད་ཀྱི་རང་བཞིན་ལྡན་དགོས་ལ། ཡིག་གྲངས་སྟོང་གཉིས་ནས་སྟོང་གཉིས་ལྔ་བརྒྱའི་ནང་ཚོད་འཛིན་བྱེད་དགོས། རྩོམ་ཡོད་ཚད་ཡིག་ཟམ་གྱི་ནང་དུ་བསྐུར་དགོས་ལ། བསྐུར་དུས་ཁ་བྱང་ལ་མི་སྒེར་གྱི་རྩོམ་ཡིག་དང་ཡང་ན་ལས་ཁུངས་ཀྱི་རྩོམ་ཡིག་ལྟ་བུའི་མགོ་བྱང་འབྲི་དགོས། ངེས་པར་དུ་wordཡི་རྣམ་བཞག་ཡིན་དགོས། རྩོམ་གྱི་ཁ་བྱང་གསལ་བོ་འབྲི་དགོས་པ་དང་རྩོམ་མཇུག་ཏུ་རྩོམ་པ་པོའི་མིང་དང་། ལས་ཁུངས། ལས་གནས་སམ་ལས་མིང་། འབྲེལ་གཏུག་ཁ་པར་གྱི་ཨང་གྲངས། ཐོབ་ཐང་ལག་འཁྱེར(ཐོབ་ཐང་ལག་འཁྱེར་དང་། དམག་དཔོན་དང་། ཉེན་རྟོག་པ། དམག་མི་བཅས་ཀྱི་དཔང་ཡིག་ག་རུང་)། སྡོད་གནས། སྦྲགས་སྲིད་ཨང་གྲངས་དང་ཡིག་ཟམ་སོགས་ཀྱི་ཆ་འཕྲིན་འབྲི་དགོས་པ་བཅས་སོ། །

        རྩོམ་ལེན་མཁན་ལས་ཁུངས་ནི་ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་དྲིལ་སྒྲོག་ཁྲུའུ་ཡིན། འབྲེལ་བ་བྱེད་ས། ཧྲི་ཅུང་། ཁ་པར་ཨང་གྲངས། 0971—8482515

        རྩོམ་བསྐུར་ཡུལ་གྱི་ཡིག་ཟམ་ནི། qhjnjj90znzw@163.comཡིན།

        རྩོམ་བསྡུ་མཇུག་རྫོགས་རྗེས། མི་སྣ་རྕ་འཛུགས་བྱས་ནས་རྩོམ་ཡིག་ལ་དཔྱད་བསྡུར་བྱས་ཏེ་ཨང་དང་པོ་ནས་གསུམ་པའི་བར་གྱི་བྱ་དགའ་ཐག་བཅད་ནས་དཔང་ཡིག་དང་བྱ་དགའ་གནང་རྒྱུ་མ་ཟད། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་བྱ་དགའ་ཐོབ་པའི་ཕུལ་བྱུང་བརྩམས་ཆོས་འགོད་རྒྱུ། རྩོམ་བསྡུའི་ཐོག་མཐའ་བར་གསུམ་ཕྱི་གསལ་ནང་གསལ་ཡོང་ཆེད་ལ་ཆེད་དུ་ལྟ་རྟོག་ཞུ་གཏུག་གི་ཁ་པར་0971—8482522བཀོད་སྒྲིག་བྱས་ཡོད་ལ། གལ་ཏེ་བསམ་འཆར་ཡོད་ན་ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་ལས་ཁུངས་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ལིའུ་ཧྲེང་ཞིན་ལ་གོང་གི་ཁ་པར་ཨང་གྲངས་བརྒྱུད་འབྲེལ་བ་ཞུས་ཆོག

        གྲོང་ཁྱེར་དང་ཁུལ་ཁག་གི་ཏང་ཨུ་དྲིལ་སྒྲོག་པུའུ་དང་དམགས་སྲིད་ཅུས། དེ་མིན་འབྲེལ་ཡོད་ཀྱི་ལས་ཁུངས་ཁག་གིས་ལས་འདིར་མཐོང་ཆེན་དང་སེམས་ཞིབ་མོས་བཀོད་སྒྲིག་བྱས་ཏེ། མཚམས་སྦྱོར་ཚན་པ་ཁག་བེད་སྤྱད་དེ་དྲིལ་སྒྲོག་རྒྱ་ཆེར་གྱིས་རིམ་པ་དང་ཁག་དང་ལས་རིགས་ཁག་གི་མི་སྣ་ནང་ཞུགས་ལ་སྐུལ་སློང་བྱེད་རྒྱུ་གལ།

        ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་དང་

        མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས༢༠༡༧ལོའི་ཟླ༥བའི་ཚེས༡༦ཉིན་ལ།

        ལོ་ཙཱ་བ། ཁོན་ཐར་འཚོ།