འཛུགས་སྐྲུན་ལེགས་འགྲུབ་བྱས་ཚར་མེད་པའི་སློབ་ཁང་ནང་ནས་སློབ་ཁྲིད་བྱས་པའི་གནད་དོན།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-05-18 16:23:20      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཧྲིན་ལིས་ལམ་གྱི་སློབ་ཆུང་གིས་ལོ་རིམ་གཉིས་པ་དང་གསུམ་པའི་སློབ་མར་འཛུགས་སྐྲུན་ལེགས་འགྲུབ་བྱས་ཚར་མེད་པའི་སློབ་ཁྲིད་ཐོག་ཁང་ནང་ལ་གནས་སྤོར་དགོས་པའི་ཆ་རྐྱེན་བཏོན་ཏེ། 2017ལོའི་ཟླ2པའི་ཚེས29ཉིན་ཁྱིམ་བདག་དག་ལ་སློབ་ཁྲིད་ཐོག་ཁང་གསར་བའི་ནང་ལ་གཙང་སྤྲ་བྱེད་དགོས་པའི་བརྡ་བཏང་བ་རེད། སློབ་ཁྲིད་ཐོག་ཁང་གི་སློབ་ཁང་ཆ་ཤས་ད་རུང་འཛུགས་སྐྲུན་ལེགས་འགྲུབ་ཚར་མེད་པས་ནང་དུ་འཛེར་སྒྲ་ཆེ་ལ་མཛེས་སྤྲས་ཀྱི་སྦག་བཙོག་ངན་པ་མ་ཟད། ཙོག་ཙེ་དང་རྐུབ་སྟེགས་ཚང་མ་གསར་བ་ཡིན་པས་སློབ་ཁང་ནང་དུ་དྲི་ངན་གྱིས་ཁེབས་འདུག ཁྱིམ་བདག་དག་གིས་ཡར་སློབ་གྲྭར་སློབ་ཁང་ཚང་མ་འཛུགས་སྐྲུན་བྱས་ཚར་ནས་མཁའ་དབུགས་ལ་གནད་དོན་མེད་ཚེ་ད་གཟོད་སློབ་མ་ཚང་མ་སློབ་ཁང་གསར་བའི་ནང་དུ་གནས་སྤོར་བར་རེ་ཞུ་ཞུས་ཀྱང་སློབ་གྲྭ་དེ་ག་འཐད་པ་མ་བྱུང་བ་རེད། ཁོ་ཚོས་བཤད་རྒྱུར་ཟླ་གཉིས་ཀྱི་སློབ་ཁང་གི་མཁའ་དབུགས་སླར་གསོ་བྱུང་རྗེས་ངེས་པར་དུ་སློབ་ཁང་གསར་བའི་ནང་དུ་གནས་སྤོར་དགོས་ལ་གནས་སྤར་རྗེས་སུམ་ཐོག་དང་བཞི་ཐོག་ནས་མ་གཏོགས་འཛུགས་སྐྲུན་ལས་ཀ་མི་སྒྲུབ་པར་འགན་ལེན་བྱས་པ་ལས་གཞན་ཐོག་ཁང་གཞན་པ་ཚང་མ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བར་འགན་ལེན་མི་བྱེད་པ་རེད། ཁོ་ཚོས་སློབ་ཁྲིད་ཐོག་ཁང་དུས་ནམ་ཞིག་ལ་ལེགས་འགྲུབ་བྱས་པའི་དུས་ཚོད་གསལ་བོར་མི་བཤད་ལ་གལ་ཏེ་འཛུགས་སྐྲུན་ལེགས་འགྲུབ་བྱས་ཚར་ན་ཡང་ཟླ་གཉིས་ལ་མཁའ་དབུགས་གཙང་སེལ་བྱས་པ་ཞིག་གིས་བྱིས་པ་ཚོའི་བདེ་ཐང་ལ་གནོད་སྐྱེལ་མི་ཐུབ་པའི་ཁག་ཐེག་བྱེད་ག་ལ་ཐུབ། སློབ་གྲྭའི་སློབ་ཁང་ནི་རིགས་གཅིག་ཅན་གྱི་དམངས་སྤྱོད་བཟོ་སྐྲུན་གྱི་ཁོངས་སུ་གཏོགས་པས། རྒྱལ་ཁབ་ཀྱིས་དེ་ལ་གཟབ་ནན་གྱིས་ཚད་གཞི་བཞག་ཡོད་ལ་སློབ་གྲྭ་ཚང་མས་སློབ་ཁང་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས་པས་ཁོ་ཚོའི་ཚད་གཞི་མཇུག་འབྲས་ལ་ཁྱིམ་བདག་ཚོ་ཡིད་ཆེད་ཀྱིན་མེད་ཟེར། བྱིས་པ400ལྷག་གི་ཁྱིམ་བདག་ཚང་མས་འགོ་ཁྲིད་ཚོར་བྱིས་པ་ཚོའི་བདེ་ཐང་ལ་བསམ་བློ་གཏོང་བར་རེ་ཞུ་བྱས་པ་ཡིན་ལ་སློབ་ཁྲིད་ཐོག་ཁང་དངོས་གནས་བེད་སྤྱོད་བྱས་ཆོག་པའི་ཚད་གཞིར་སླེབས་རྗེས་ད་གཟོད་བྱིས་པ་ཚོ་གནས་སྤོ་བྱེད་དུ་འཇུག་དགོས་ཟེར།

        མཇུག་འབྲས། ཀྲང་ཞིས་ལེ་ཁྱེད་བདེ་མོ་ཡིན་ན། ཁྱེད་ཀྱིས་ཡར་ཞུ་བྱས་པའི་དོན་དག་དེའི་དྲི་ལན་གཤམ་གསལ་ལྟར། ཧྲིན་ལིས་ལམ་སློབ་ཆུང་གི་ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་ལ2017ལོའི་ཟླ1པོར་ཞིབ་བཤེར་རྩིས་ལེན་བྱས་པ་ཡིན་ལ། ཞིབ་བཤེར་མ་བྱས་སྔོན་ལ་མཚོ་སྔོན་ཞིང་ཆེན་འཛུགས་སྐྲུན་བཟོ་སྐྲུན་སྤུས་ཚད་ཚད་ལེན་ས་ཚུགས་བརྒྱུད་ནས་སློབ་གྲྭའི་སློབ་ཁྲིད་ཐོག་ཁང་གི་མཁའ་དབུགས་སྤུས་ཚད་ལ་ཞིབ་བཤེར་བྱས་པ་ཡིན། ཞིབ་བཤེར་མཇུག་འབྲས་ཚད་གཞི་དང་མཐུན་པ་རེད། ཐོག་ཁང་གསར་བ་ཡར་སློབ་གྲྭར་སྤྲོད་སྐབས་དགུན་གནང་སྐབས་ལ་ཁེལ་ཡོད་པས་སློབ་ཁང་དག་གི་སྒོ་རྒྱག་དགོས་པ་རེད། དེའི་སྐབས་སུ་མཁའ་དབུགས་གཙང་སེལ་བྱས་པ་དེ་འདྲའི་ལེགས་པོ་ཞིག་མིན་པས་སློབ་ཁང་ནང་དུ་དྲི་ངན་གྱིས་ཁེབས་འདུག་སྲིད། དེ་རྐྱེན་གྱིས་ཞིན་ཧེ་ལམ་སློབ་ཆུང་ན་སློབ་གཉེར་བྱེད་བཞིན་པའི་སློབ་མ་དག་གནས་སྐབས་སུ་ཕྱིར་སློབ་གྲྭའི་སློབ་ཁང་གསར་བའི་ནང་དུ་སློབ་གཉེར་བྱེད་དུ་ཡོང་མི་དགོས་པར་གཏན་ཁེལ་བྱས། འདིའི་བར་ལ་སློབ་ཁྲིད་ཐོག་ཁང་གསར་བའི་དྲྭ་མ་ཉིན་རེར་ཕྱེས་ནས་མཁའ་དབུགས་གཙང་སེལ་བྱེད་དུ་འཇུག་ངེས་ཟེར། གཙང་སེལ་བྱས་རྗེས་དགེ་རྒན་དང་དེ་ནས་ཁྱིམ་བདག་ཚོ་སློབ་ཁང་གི་མཁའ་དབུགས་ལ་ཞིབ་བཤེར་བྱེད་དུ་བཅུག་ནས་གནད་དོན་མེད་པ་ཁག་ཐེག་བྱས་རྗེས་སློབ་མ་ཚོ་སློབ་ཁང་གསར་བར་གནས་སྤོར་དུ་འཇུག་ངེས་ཟེར།

      ལོ་ཙཱ་བ།ལྷ་ཆེན་རྒྱལ།