མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་བདེ་འཇགས་དང་བརྟན་འཇགས་སྲུང་སྐྱོབ་བྱ་བའི་སྐུལ་སློང་བཀོད་སྒྲིག་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟི་ལིང་ནས་ཚོགས།

        ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་བདེ་འཇགས་དང་བརྟན་འཇགས་སྲུང་སྐྱོབ་བྱ་བའི་སྐུལ་སློང་བཀོད་སྒྲིག་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

        ཚོགས་ཐོག་ནས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ནི་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། སྟོབས་ཤུགས་ཡོད་རྒུ་བཏོན་ནས་གྲོས་ཚོགས་བདེ་བླག་ངང་འཚོགས་པ་འགན་སྲུང་བྱེད་རྒྱུ་ནི་དེང་སྐབས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་ལས་ཁུངས་སོ་སོའི་ཁྱོན་ཡོངས་ཀྱི་བྱང་ཚད་དང་འཐབ་འཛིང་ནུས་པ། ཆབ་སྲིད་གོ་རྟོགས། འདུ་ཤེས་བཞི་ལག་ལེན་བྱེད་པར་ཉམས་སད་ཐེག་པར་བྱས་ཡོད། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་འབྲེལ་ཏེ། བྱེད་ཐབས་ཞིབ་ཕྲ་འདོན་པ་དང་བྱ་བའི་ལག་བསྟར་ཇུས་གཞི་དང་ཆ་ཚང་ཇུས་གཞི། གྲ་སྒྲིག་ཇུས་གཞི་སྣ་ཚོགས་གཏན་འཁེལ་བྱས་ཏེ། གྲོས་ཚོགས་བདེ་བླག་ངང་འཚོགས་པ་འགན་སྲུང་བྱེད་དགོས་ཟེར།