མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། : རྒྱང་སྒྲོག་བརྙན་འཕྲིན་ཁང་།      སྤེལ་དུས། : 2017-05-19 11:33:23      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

  ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས་ནས། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་གཏོང་བའི་གྲོས་གཞི་ལ་ཞིབ་འཇུག་བྱས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་ཁུངས་དག་གིས་སློབ་སྦྱོང་སློབ་གསོ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་གཏོང་བའི་བྱ་བར་བཀོད་འདོམས་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཤིང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པ་སྟག་འབུམ་ཐར་དང་སུའུ་ཉིན། ཏང་ཙུའུ་ཁོངས་མི་ཚའོ་ཝུན་ཝུའུ་དང་། ཅ་དབྱིན་ཀྲུང་བཅས་ཐེངས་འདིའི་གྲོས་ཚོགས་ལ་ཞུགས་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབང་མོ་དང་འབྲེལ་ཡོད་སྡེ་ཁག་གི་ཏང་ཙུའུ་ཁོངས་མི་སོགས་ཐེངས་འདིའི་གྲོས་ཚོགས་ལ་ཟུར་ཞུགས་བྱས།

  མུའུ་ཏུང་ཧྲིན་གྱིས་བཤད་རྒྱུར། སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་གཏོང་བ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། དམངས་འཐུས་ཚོགས་ཆེན་འབྲེལ་ཡོད་སྡེ་ཁག་གི་ཏང་འཛུགས་བྱ་བའི་ནང་དོན་གལ་ཆེན་དང་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཀྱང་ཡིན་པས། ངེས་པར་དུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས། དམངས་འཐུས་ཚོགས་ཆེན་གྱི་ཁྱད་ཆོས་མངོན་པར་མཚོན་པ་དང་དམངས་འཐུས་ཚོགས་ཆེན་གྱི་ཕན་འབྲས་མངོན་དུ་འཇུག་དགོས་ཞེས་བཤད།

  མུའུ་ཏུང་ཧྲིན་གྱིས་ནན་གྱིས་བསྟན་དོན། ནམ་རྒྱུན་གྱི་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་གཏོང་བའི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་བཏང་ནས། སློབ་གསོ་སློབ་སྦྱོང་བྱ་བ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་གཏོང་བའི་གྲུབ་འབྲས་ལེགས་པོས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་བཅུ་གསུམ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར།