2017ལོའི་རྔ་མོང་དཀར་མོ་བུམ་པའི་རྒྱལ་སྤྱིའི་སྐྱེས་པའི་གཟེབ་གྲུག་བཙན་བདག་འཕྲོག་རྩོད་འགྲན་བསྡུར་དེ་ཡ་རྫི་རྫོང་ནས་མགོ་བརྩམས་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-05-19 13:02:02      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        གསར་འགོད་པས་རྒྱུས་ལོན་པ་ལྟར་ན། 2017ལོའི་ཀྲུང་གོའི་མཚོ་སྔོན་རྔ་མོང་དཀར་མོ་བུམ་པ་ཞེས་པའི་རྒྱལ་སྤྱིའི་སྐྱེས་པའི་གཟེབ་གྲུག་བཙན་བདག་འཕྲོག་རྩོད་འགྲན་བསྡུར་སྐབས་དང་པོ་དེ༢༠༡༧ལོའི་ཟླ༥པའི་ཚེས༡༣ཉིན་ཡ་རྫི་རྫོང་ནས་མགོ་བརྩམས་འདུག

        ཐེངས་འདིའི་འགྲན་བསྡུར་ནི་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་མཚོ་སྔོན་ཞིང་ཆེན་གཟེབ་གྲྭག་འགུལ་སྐྱོད་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཡ་རྫི་རྫོང་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་བྱས་ལ། མཚོ་སྔོན་རྔ་མོང་དཀར་མོའི་ཤ་རིགས་ཐོན་ལས་ཚད་ཡོད་ཀུང་ཟིས་མཚན་བྱང་བཏགས་པའི་རིམ་པ་མཐོ་གྲས་ཀྱི་རྒྱལ་སྤྱིའི་འགྲན་བསྡུར་ཞིག་ཡིན་འདུག

        ཐེངས་འདིའི་འགྲན་བསྡུར་ལ་རྒྱལ་སྤྱིའི་སྟེང་གི་སྙན་གྲགས་ཡོད་པའི་རྒྱལ་ཁབ་བཞིའི་འཐུས་ཚབ་རུ་ཁག་ཞུགས་ཡོད་པ་སྟེ། དེ་དག་ནི་ཨ་རིའི་མཚོ་དམག་དམག་དཔོན་རུ་ཁག་དང་ཨུ་རི་སིའི་སི་པ་ཏ་ཁའེ་རུ་ཁག སི་ཕེན་རུ་ཁག ལི་ཐུ་ཝན་ནི་ཡ་རུ་ཁག་བཅས་ཡིན་འདུག དེའང་ཟླ༥པའི་ཚེས༡༣ནས་ཚེས༡༨བར་གྱི་ཉིན་ལྔའི་རིང་ལ་འགྲན་བསྡུར་བྱས་ཏེ་ས་གནས་མང་ཚོགས་ལ་གྱ་ནོམ་པའི་ལྟད་མོ་ཞིག་བསྟན། རྒྱལ་ཁབ་བཞི་བོའི་འཐུས་ཚབ་པ་དག་གིས་ཛ་དྲག་གི་འགྲན་བསྡུར་བརྒྱུད་ཨུ་རི་སིར་ཨང་དང་པོའི་བཙན་བདག་གི་གོ་མིང་ཐོབ་པ་རེད།

        འགྲན་བསྡུར་གོ་རིམ་ཁྲོད་དུ་ཚེས༡༦ཉིན་གྱི་དགོང་མོར་གོམ་གསུམ་སྤོས་པའི་ནང་འཇུག་དང་སྐར་གསུམ་འཕེན་པའི་འགྲན་བསྡུར་བྱས་ནས་ལྟད་མོ་བའི་མིག་རྒྱ་བསྐྱེད་ཅིང་འགྲན་ཞུགས་ལུས་རྩལ་པའི་རྩལ་ནུས་ངོམས།
       


      མགོ་རྩོམ་པའི་མཛད་སྒོའི་རིག་རྩལ་འཁྲབ་སྟོན།
      རྒྱལ་ཁབ་གཞན་པའི་འགྲན་བསྡུར་ལ་ལྟ་བཞིན་པའི་ཕྱི་རྒྱལ་ལུས་རྩལ་པ།
        ཛ་དྲག་གི་འགྲན་བསྡུར།

      གོམ་གསུམ་སྤོས་ནས་ནང་འཇུག་བྱེད་བཞིན་པ།

      ཛ་དྲག་གི་འགྲན་བསྡུར་ཡུལ་དངོས།

        གསར་འགོད་པ། སྐལ་བཟང་རིན་ཆེན།