བོད་ལུགས་ས་གདན་འགྲེམས་སྟོན་སྟེང་ས་གདན་སྣ་ཁ500ལྷག་འགྲེམས་སྟོན་བྱ་རྒྱུ་ཡིན་པ།

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། 2017ལོའི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་བོད་ལུགས་ས་གདན་འགྲེམས་སྟོན་ནིཟླ6པའི་ཚེས2ཉིན་ནས་ཚེས6བར་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་སྟོན་དུ་བསྡུ་རྒྱུ་ཡིན་པ་རེད། གསར་འགོད་པས་ཟླ5བའི་ཚེས18ཉིན་བསྡུས་པའི་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་གྲོས་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྐབས་འདིའི་འགྲེམས་ཚོགས་ཀྱི་གཞི་ཁྱོན་ཅུང་སྐབས་སྔོན་མ་ལས་སླར་ཡང་རྒྱ་བསྐྱེད་དེ། སྔར་ལས་རྒྱལ་སྤྱིའི་ཆེད་ལས་རང་བཞིན་མངོན་གསལ་དོད་དུ་ཐོན་ཡོད་པ་རེད།

        ཐེངས་འདིའི་འགྲེམས་སྟོན་ནི་རྒྱུད་གཅིག་ལམ་གཅིག་གི་རྒྱུ་ལམ་བརྗོད་གཞི་བྱས་ཏེ། མཚོ་སྔོན་རྒྱལ་སྤྱིའི་ཚོགས་འགྲེམས་སྟོན་ལྟེ་གནས་སུ་འགྲེམས་སྟོན་ཁང3སྤྱོད་འགོ་ཚུགས་རྒྱུ་རེད། འགྲེམས་སྟོན་ཁང་གི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ4ཡོད་པ་རེད། ཉིན་དེར་མཛད་སྒོ་དང་། ཆེད་ལས་གླེང་སྟེགས། སྐུ་མགྲོན་གཙོ་བོའི་ཞིང་ཆེན་བྱེད་སྒོ་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་མ་ཟད། ས་གདན་རིག་གནས་འགྲེམས་སྟོན་ལ་སྔར་བས་གཙིགས་འཛིན་བྱས་ཏེ། ཀྲུང་གོའི་མི་རིགས་རིག་གནས་གཞི་རྒྱུ་གྲུབ་ཚུལ་དང་ལོ་རྒྱུས་རིག་གནས་ཀྱི་རྒྱུན་འཛིན་རང་བཞིན། ས་གདན་བཟོ་རྩལ་རང་བཞིན་སྔར་བས་མངོན་གསལ་དོད་པའི་སྒོ་ནས་འབུར་ཐོན་བྱས་ཏེ། དྲ་སྦྲེལ+ འགྲེམས་ཚོགས་ཀྱི་ནུས་པ་རྒྱ་སྐྱེད་བྱས་ནསVRལག་རྩལ་སྤྱད་དེ་འགྲེམས་དངོས་བཤེར་ཨང་ཉོ་ཚོང་དང་། དྲ་ཐོག་གཏོང་སྤྲོད་སོགས་ཀྱི་གློག་རྡུལ་ཚོང་དོན་གཉེར་འཚོང་བྱ་ཐབས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཚོང་པ་དང་འཛད་སྤྱོད་པས་དྲ་ཐོག་ཉོ་འཚོང་བྱེད་པར་ཆ་འཕྲིན་ཅན་དང་། སྟབས་བདེ་ཅན་གྱི་ཞབས་འདེགས་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

        མིག་སྔར། སྔོན་དཔག་བྱས་པ་ལྟར་ན། འགྲེམས་སྟོན་ནང་ཞུགས་མཁན་ཁེ་ལས་པ71དང་། འགྲེམས་གནས་སྤྱི་འབོར་591དང་། ཆེད་ལས་ཉོ་མཁན600 ལྷག་གིས་ཉོ་སྒྲུབ་བྱེད་རྒྱུ་ཡིན་པ་རེད། ཕྱི་རྒྱལ་ནས་ཞུགས་མཁན་པ་པ་ཁི་སི་ཐན་དང་། རྒྱ་གར། བལ་བོ། དབྱི་རན།ཧོ་ལན། འཇར་མན་སོགས་རྒྱལ་ཁབ23དང་། ས་ཁུལ་གྱི་ཁེ་ལས་ཆེད་མཁས་པ173དང་། ཚད་ལྡན་རེ་ཞུ་འགྲེམས་གནས369དང་། ཡོ་རོབ་དང་ཨ་མེ་རི་ཁ། འཇར་པན་བཅས་ས་གདན་འཛད་སྤྱོད་རྒྱལ་ཁབ་གཙོ་བོ་ཉོ་སྒྲུབ་ཚོང་པ་མི་གྲངས50ལས་བརྒལ་ཡོད་པ་རེད།

        གཞན་ཡང་། ད་ལོའི་འགྲེམས་ཚོགས་ཀྱིསམཚོ་སྔོན་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་ཀྱིA B C བཅས་འགྲེམས་ཁང་གསུམ་སྤྱད་དེ། གྲོས་མོལ་དང་། བྱེད་སྒོ་སྤེལ་བ། ལག་ཡོད་ཚོང་ཟོག་ཉོ་ཚོང་ལུགས་མཐུན་ཁུལ་བཅས་སུ་བགར་ཡོད་པ་མ་ཟད། སྤྱི་པའི་ཞབས་ཞུ་ཁུལ། ཚོང་དོན་སྤྲོ་གསེང་ཁུལ། བཅར་འདྲི་ཁུལ་སོགས་ཀྱི་ཞབས་ཞུ་ས་ཁོངས་ཡོད་པ་རེད། དེ་སྔོན་དང་མི་འདྲ་ས་ནི། ད་ཐེངས་ཀྱི་འགྲེམས་ཚོགས་ཀྱིས་ཁྱོན་ཡོངས་ནས་མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་ས་གདན་གྱི་ཁེ་ལས་སྤུས་རྟགས་ཀྱི་ཤུགས་རྐྱེན་དང་། ཁེ་ལས་གསར་གཏོད་སྐུལ་ཁྲིད་ཐོན་རྫས། རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་པ། འགྲེམས་སྟོན་ཁངA ནང་ཆེད་དུ“ བོད་ལུགས་ས་གདན་ཕ་ས” བཅས་ཀྱི་སྤུས་རྟགས་འགྲེམས་ཁུལ་དང་། སྤྱི་ཡོངས་ནས་མཚོན་པར་བྱེད་པའི་མཚོ་སྔོན་གྱི་བོད་ལུགས་ས་གདན་ཁེ་ལས་དང་འཛམ་གླིང་གི་བོད་ལུགས་ས་གདན་གྱི་གྲོང་ཁྱེར་གྱི་སྣང་བརྙན་ཆེད་གཉེར་བྱས་ཡོད་པ་རེད། བོད་ལུགས་ས་གདན་འགྲེམས་ཚོགས་ཀྱི་ལག་ཡོད་ཚོང་ཟོག་ཉོ་ཚོང་ཅུང་ཆེ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ལོ་འདིར་གསར་དུC ཁང་ཁ་སྣོན་བྱས་ནས། ཆེད་དུ་རྒྱལ་ཁབ་ཕྱི་ནང་གི་ལག་ཡོད་ས་གདན་དང་ཕྱི་རྒྱལ་གྱི་ལག་ཤེས་བཟོ་རྩལ་ཐོན་རྫས་ཁང་བྱས། འགྲེམས་ཚོགས་ཐོག་རྒྱལ་ཁབ་ཕྱི་ནང་གི་ལག་ཤེས་བཟོ་ལས་ཀྱི་ས་གདན་དང་། འཕྲུལ་འཁོར་གྱིས་བཏགས་པའི་ས་གདན། གནའ་རྫས་ས་གདན་དང་། ས་གདན་རམ་འདེགས་མ་བཅོས་རྒྱུ་ཆ་དང་། ཕྱི་རྒྱལ་གྱི་ལག་ཤེས་བཟོ་རྩལ་ཐོན་རྫས་རྩེ་གྲས་སོགས་བཤམས་ཏེ། གནའ་རྫས་ས་གདན་འགྲེམས་ཚོགས་སུ་ཐོག་མརབཤམས་རྒྱུ་ཡིན་པ་རེད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། འགྲེམས་ཚོགས་ནང་ཞུགས་མཁན་ས་གདན་སྣ་ཁ500 ཙམ་དང་། འགྲེམས་སྟོན་སྤྱི་འབོར་ཏུན280ཡོད་པ་རེད།

        ལོ་ཙཱ་བ།རྟ་མགྲིན་དཔལ།