ཞི་ཅིན་ཕིང་གིས་སེར་ཝུའེ་ཡའི་ཙུང་ཐུང་ལ་བདམས་ཐོན་བྱུང་བའི་ཙུང་ལི་ཝུའུ་ཞེ་ཆི་དང་མཇལ་འཛོམས་གནང་བ།

      ཡོང་ཁུངས། : མི་དམངས་དྲ་བ།      སྤེལ་དུས། : 2017-05-19 16:37:30      རྩོམ་སྒྲིག་པ། : ཡེ་ཤེས །
       

        མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་16ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཕེབས་པའི་སེར་ཝུའེ་ཡའི་ཙུང་ཐུང་ལ་བདམས་ཐོན་བྱུང་བའི་ཙུང་ལི་ཝུའུ་ཞེ་ཆི་དང་མཇལ་འཛོམས་གནང་བ་རེད།

        ཞི་ཅིན་ཕིང་གིས་ཝུའུ་ཞེ་ཆི་སེར་ཝུའེ་ཡའི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་སེར་དབར་གྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་ལ་འབྲས་བུ་གཡུར་དུ་ཟ་བ་ཐོབ་ནས། ཕྱོགས་གཉིས་པོའི་འབྲེལ་བར་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་ཀྱི་རྣམ་པ་མངོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སེར་ཝུའེ་ཡ་ཕྱོགས་དང་མཉམ་དུ་འགྱུར་མེད་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ཀྲུང་སེར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་མགྱོགས་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཆུ་ཚད་དེ་བས་མཐོ་བའི་ཐོག་འཁོར་སྐྱོད་བྱེད་པ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་བསྐྲུན་འདོད་ཡོད་ཅེས་མཛུབ་སྟོན་གནང་བ་རེད།

        ཞི་ཅིན་ཕིང་གིས་དུས་བབ་གསར་པའི་འོག་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་བྱེད་མགྱོགས་སུ་གཏོང་བ་དང་ཕན་ཚུན་གྱི་དོ་ཁུར་གལ་ཆེན་ལ་བསམ་ཤེས་དང་ལྟ་རྟོག་བྱས་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་འབྲེལ་གཏུག་དང་མཉམ་ལས་ཟབ་ཏུ་གཏོང་དགོས་པ་དང་། གཉིས་ཕན་མཉམ་ལས་ཟབ་ཏུ་བཏང་སྟེ་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད“སྒུལ་ཤུགས་ཨ་མ”མུ་མཐུད་བསྣན་ནས་གཙོ་གནད་རྣམ་གྲངས་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སེར་ཝུའེ་ཡ་ཕྱོགས་དང་མཉམ་དུ་ཕྱོགས་མང་ཞུགས་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་རྣམ་པ་ཞིག་གཏོད་འདོད་ཡོད། སེར་ཝུའེ་ཡ་ཕྱོགས་ནས་སྣེ་ཁྲིད་དེ་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་མཉམ་ལས་ལྟེ་གནས་བསྐྲུན་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ནུས་རྒྱུ། སློབ་གསོ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཁྲོད་སེར་ཝུའེ་ཡ་ཕྱོགས་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱ་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ཅེས་ནན་བཤད་གནང་བ་རེད། ཝུའུ་ཞེ་ཆི་ཡིས་སེར་ཝུའེ་ཡ་ནི་ཀྲུང་གོའི་གྲོགས་པོ་བློས་ཐུབ་དང་བློས་འགེལ་ཆོག་པའི་རོགས་ཟླ་ཞིག་ཡིན། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཞུགས་པ་དེ་ལས་སེར་ཝུའེ་ཡར་ཕན་པ་ཆེན་པོ་ཐོབ་ཡོད། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་པ་དེ་ལས་སེར་ཝུའེ་ཡ་དང་ཀྲུང་གོ་འབྲེལ་མཐུད་དམ་ཟབ་ཐུབ་ནས་སི་མའེ་ཏའེ་ལེ་ཝོ་ངར་ལྕགས་བཟོ་གྲྭ་སོགས་རྒྱལ་ཁབ་གཉིས་པོའི་གཙོ་གནད་མཉམ་ལས་རྣམ་གྲངས་ལ་ཕན་འབྲས་ཡག་པོ་ཐོན་རྒྱུ་རེད་ཅེས་གསུངས་པ་རེད།