ཀྲང་ཡུང་ཙེ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོས་པ།

ཡོང་ཁུངས། : མི་དམངས་དྲ་བ།      སྤེལ་དུས། : 2017-05-19 16:37:30      རྩོམ་སྒྲིག་པ། : ཡེ་ཤེས །
 
 
        མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་དུ་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། ཉེ་སྔོན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་སོ་གཉིས་པ་འཚོགས་ཤིང་། ཚོགས་འདུའི་ཐོག་ཧྥང་ལིང་རྨིན་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དྲུང་ཆེའི་གོ་གནས་ཕྱིར་འཐེན་བྱེད་རྒྱུ་དང་། ཀྲང་ཡུང་ཙེ་(张永泽)བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པའི་འགན་བཞེས་རྒྱུའི་གྲོས་ཐག་བཅད་པ་རེད།

  བློ་མཐུན་ཀྲང་ཡུང་ཙེའི་ལོ་རྒྱུས་མདོར་བསྡུས།

  ཀྲང་ཡུང་ཙེ། སྐྱེས་པ། རྒྱ་རིགས། 1969ལོའི་ཟླ་3པར་སྐྱེས་ཤིང་(རང་ལོ་48ཡིན།) ཡུན་ནན་ཆིའུ་པེ་ནས་ཡིན་པ། 1997ལོའི་ཟླ་3པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1997ལོའི་ཟླ་7པར་ལས་ཀར་ཞུགས། བསླབ་གནས་ནི་ཞིབ་འཇུག་སློབ་མ་ཡིན་ལ། བཟོ་སྐྲུན་རིགས་པའི་འབུམ་རམས་པ་དང་། ཞིབ་འཇུག་པ་ཡིན་པ་རེད།

  1987.09—1991.07བར་ཁྲེན་ཏུའུ་ཚན་རྩལ་སློབ་ཆེན་གྱི་ཆུ་བེད་ལས་གྲྭ་ཚན་ཁག་ཏུ་སྐམ་སའི་ཆུ་གཤིས་ཆེད་ལས་སློབ་སྦྱོང་བྱས།

  1991.07—1994.09བར་ཁྲེན་ཏུའུ་ཚན་རྩལ་སློབ་ཆེན་གྱི་ཆུ་བེད་ལས་གྲྭ་ཚན་ཁག་གི་ཆུ་གཤིས་རིག་པ་དང་ཆུ་ཐོན་ཁུངས་ཆེད་ལས་ཀྱི་ཤེས་རམས་པའི་ཞིབ་འཇུག་སློབ་མ་ཡིན་པ།

  1994.09—1997.07བར་སི་ཁྲོན་མཉམ་འབྲེལ་སློབ་ཆེན་གྱི་ཆུ་ཤུགས་ལས་གྲྭ་ ཚན་གི་ཆུ་ཤུགས་རིག་པ་དང་གཙང་ཆུ་འགུལ་ཤུགས་རིག་པའི་འབུམ་རམས་པའི་ཞིབ་འཇུག་སློབ་མ་ཡིན་པ།

  1997.07—1998.05བར་ཀྲུང་གོའི་ཁོར་ཡུག་ཚན་རིག་ཞིབ་འཇུག་གླིང་དུ་ལས་ཀ་བྱས།

  1998.05—1998.06བར་ཀྲུང་གོའི་ཁོར་ཡུག་ཚན་རིག་ཞིབ་འཇུག་གླིང་གི་ཚན་རྩལ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་གནང་།

  1998.06—2001.06བར་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་གནང་།(ཁྲུའུ་རིམ་པ་གཞོན་པ།)

  2001.06—2003.08བར་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་གནང་།(ཁྲུའུ་རིམ་པ་རྒན་པ།)

  2003.08—2008.01བར་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་གནང་།(ཐིང་རིམ་པ་གཞོན་པ།)

  2008.01—2009.11བར་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་བྱས།(ཐིང་རིམ་པ་རྒན་པ།)

  2009.11—2012.04བར་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་གནང་།

  2012.04—2015.06བར་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གནང་།

  2015.06—2016.05བར་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་ཨུ་ལྷན་གྱི་ཧྲུའུ་ཅི་གནང་། 2016.05—ནས་ད་ལྟ་བར་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་གནང་།