རྐང་འཁོར་སེར་པོའི་བྱ་སྤྱོད་ཀྱིས་ལྷ་སར་དལ་བགྲོད་འགྲིམ་འགྲུལ་མ་ལག་བསྐྲུན་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་པ།

      ཡོང་ཁུངས། : མི་དམངས་དྲ་བ།      སྤེལ་དུས། : 2017-05-19 16:37:30      རྩོམ་སྒྲིག་པ། : ཡེ་ཤེས །

             མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཚེས་14ཉིན་ofoརྐང་འཁོར་སེར་པོའི་བྱ་སྤྱོད་ཀྱིས་ལྷ་སར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་ལྷ་སར་དངོས་སུ་སྤྱོད་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་ནས་ལྷ་སའི་གྲོང་མི་དང་ཡུལ་སྐོར་བར་མཉམ་སྤྱོད་རྐང་འཁོར་ཞབས་ཞུ་མཁོ་འདོན་བྱས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། ofoརྐང་འཁོར་སེར་པོའི་བྱ་སྤྱོད་ཀྱིས་ལྷ་ས་གྲོང་ཁྱེར་ལ་མཉམ་སྤྱོད་རྐང་འཁོར་ཁྲི་གཅིག་སྤྱོད་འགོ་ཚུགས་པ་མ་ཟད། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཐོན་ལས་ཚོགས་པ་དང་འཐབ་ཇུས་མཉམ་ལས་གྲོས་མཐུན་ཡང་བཞག་པ་དང་། ofoརྐང་འཁོར་སེར་པོའི་བྱ་སྤྱོད་ཀྱིས་འཁོར་སྐྱོད་ཉམས་བཟོའི་ལས་དོན་དེ་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཐོན་ལས་ཚོགས་པར་འགན་གཙང་སྤྲོད་རྒྱུ་ཡིན་པ་རེད།

        ofoརྐང་འཁོར་སེར་པོའི་ཐོ་འགོད་གཏའ་འཇོག་ལ་སྒོར་99ལས་དགོས་ཀྱི་མེད་པ་མ་ཟད། གཏའ་མ་དེ་ག་དུས་ཡིན་ནའང་ཚུར་ལེན་ཆོག་གི་ཡོད། རྐང་འཁོར་གཡར་ནས་ཆུ་ཚོད་གཅིག་སོང་ན་སྒོར་1ལས་སྤྲོད་དགོས་ཀྱི་མེད་པ་དང་རྩིས་སྤྲོད་བྱས་རྗེས་སྐད་འཕྲིན་གྱི་ཤོག་ཆག་བརྒྱུད་གཟིགས་སྐྱོང་ཤོག་བྱང་བླངས་ན་འགྲིག་གི་ཡོད་པ་རེད། ofoརྐང་འཁོར་སེར་པོ་བཏང་རྗེས་ལྷ་ས་གྲོང་ཁྱེར་གྱི་ལྗང་མདོག་དལ་བགྲོད་འགྲིམ་འགྲུལ་མ་ལག་འཛུགས་སྐྲུན་དང་། གྲོང་མི་དང་ཡུལ་སྐོར་བར“ཐོག་མའི་འགག་གནད”དང“མཐའ་མའི་འགག་གནད”ཀྱི་གནད་དོན་ཐག་གཅོད་ཐུབ་རྒྱུ་མ་ཟད“རིག་ལྡན་འགྲིམ་འགྲུལ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས”འཛུགས་སྐྲུན་བྱ་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་པ་རེད།