བོད་ལྗོངས་ཀྱི་རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་རྣམ་གྲངས་སྤྱོད་འགོ་ཚུགས་པ།

      ཡོང་ཁུངས། : མི་དམངས་དྲ་བ།      སྤེལ་དུས། : 2017-05-19 16:24:02      རྩོམ་སྒྲིག་པ། : ཡེ་ཤེས །
       
       
             མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་16ཉིན། བོད་ལྗོངས་ནག་ཆུ་ས་ཁུལ་ནག་ཆུ་རྫོང་ཀོ་ལུག་གྲོང་རྡལ་གྱི་ས་ཚོ་གྲོང་ཚོ་ཡིས་བོད་ལྗོངས་ཀྱི་གློག་དྲ་གཙོ་བོ་དང་དངོས་སུ་འབྲེལ་མཐུད་བྱས་ཏེ་ལྟེ་བའི་གྲོང་ཚོ་དང་འདིའི་ཁོངས་གཏོགས་ཀྱི་རང་བྱུང་གྲོང་ཚོ་3གྱི་དུད་ཁྱིམ་45ཡི་གྲོང་མི་227ལ་གློག་དྲ་གཙོ་བོས་ཕྱོགས་ཡོངས་ནས་གློག་མཁོ་འདོན་བྱས་པ་མངོན་འགྱུར་བྱུང་བས། བདེ་འཇགས་གདེང་འཁེལ་ངང་གློག་བེད་སྤྱོད་པར་འགན་ལེན་བྱས་པ་དང་། དེས་བོད་ལྗོངས་ཀྱི་རེས་འཁོར་གསར་པའི་གྲོང་གསེབ་ཀྱི་ལྟེ་བའི་གྲོང་ཚོ་དང་པོར་གློག་དྲ་བསྒྱུར་བཀོད་རིམ་སྤར་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱས་པ་མཚོན་པ་རེད།

        ས་ཚོ་གྲོང་ཚོ་ནི་ནག་ཆུ་རྫོང་ཀོ་ལུག་གྲོང་རྡལ་ཁོངས་ཀྱི་འབྲོག་ལས་ཁོ་ན་གཉེར་བའི་གྲོང་ཚོ་ཞིག་ཡིན་ཞིང་། ཆ་སྙོམས་སུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ལས་བརྒལ་ཡོད་པ་རེད། གྲོང་ཚོ་འདིའི་གློག་དྲ་རྙིང་པའི་དྲ་སྒྲོམ་ཞན་པ་མ་ཟད། གློག་བགོད་གློག་གནོན་སྒྱུར་ཆས་ཀྱི་ཤོང་ཚད་ཀྱང་ཆུང་བས། གློག་གནོན་སྤུས་ཚད་བརྟན་པོ་མིན་པ་མ་ཟད། རྟག་ཏུ་གློག་ཆད་པས་ས་གནས་དེ་གའི་འབྲོག་པ་ཚོས་ཤ་གསོག་ཉར་དང་། ཞོ་སྙོལ་བར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པས། འབྲོག་པ་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བར་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཀྱི་

        རྒྱལ་ཁབ་གློག་དྲའི་ནག་ཆུའི་གློག་འདོན་ཀུང་སིའི་སྤྱི་གཉེར་ཝང་ཀྲུའོ་ཡིས་ ཐེངས་འདིའི་གྲོང་གསེབ་ཀྱི་གློག་དྲ་བསྒྱུར་བཀོད་ལ་ནར་འགྱངས་ཡོངས་ཁྱབ་བྱེད་པ་ཡོད་ལ། གློག་དྲ་རྙིང་པ་བསྒྱུར་བཀོད་བྱེད་པའང་ཡོད། སྔོན་ཆད་གྲོང་ཚོ་འདི་ལའང་གློག་ཡོད་མོད། ཡིན་ནའང་གློག་ནུས་སྤུས་ཚད་དང་གློག་མཁོ་འདོན་གྱི་བརྟན་པོའི་རང་བཞིན་ཧ་ཅང་ཞན་པས། གྲོང་མི་ཚོའི་གཞི་རྩའི་གློག་སྤྱོད་དགོས་མཁོ་ཡང་སྐོང་དཀའ་བས། ཐེངས་འདིར་རྒྱལ་ཁབ་གློག་དྲའི་བླང་བྱ་གཞིར་འཛིན་ནན་ཏན་བྱས་ནས་དུང་ཚང་རེ་རེའི་གློག་སྤྱོད་ཤོང་ཚད་སྟོང་ཝ་2.5ཡི་ཚད་གཞི་ལྟར་ཇུས་འགོད་བྱས་ཡོད་ཅིང་། འཁྱག་སྒམ་དང་། ཆུ་བསྐོལ་བ། གོས་འཁྲུད་འཕྲུལ་ཆས་ཚང་མར་གློག་སྤྱོད་པར་གནད་དོན་མེད་པར་གྱུར་ཡོད་ཅེས་བརྗོད་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་དུ་རྒྱལ་ཁབ་ཀྱི་གློག་དྲའི་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་རེས་འཁོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་བསྒྱུར་བཀོད་རིམ་སྤར་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་ཨར་ལས་འཛུགས་སྐྲུན་བྱེད་པའི་འགག་སྒྲོལ་དུས་སྐབས་སུ་སླེབས་ཡོད་ཅིང་། འཛུགས་སྐྲུན་རྣམ་གྲངས་247གྱི་ཁྲོད་དུ་སྟོང་ཝོལ་110ལྡན་པའི་གློག་སྒྱུར་ས་ཚིགས་རྒྱས་སྐྲུན་ལས་གྲྭ་བསྒྲུབས་ནས་སྤྱོད་འགོ་ཚུགས་པ་རེད། དེས་ཁྱོན་བསྡོམས་བོད་ལྗོངས་ཡོངས་ཀྱི་དུད་ཁྱིམ་5443དང་། མི་ཁྲི་2.34ཡིས་གློག་བཀོལ་སྤྱོད་བྱེད་པའི་བདེ་འཇགས་གདེང་འཁེལ་རང་བཞིན་མཐོ་རུ་ཆེན་པོ་བཏང་བ་དང་། དེའི་ཁྲོད་དུ་དུད་ཁྱིམ་2300དང་། མི་འབོར་ཁྲི་1ལྷག་གློག་དྲ་གཙོ་བོ་ནས་གློག་མཁོ་འདོན་བྱེད་ཁོངས་སུ་བཅུག་པ་རེད།རྒྱལ་ཁབ་གློག་དྲའི་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་ཁུར་པས་2017ལོའི་ལོ་མཇུག་ཏུ་སླེབས་སྐབས་བོད་ལྗོངས་ཀྱིས་གྲོང་ཁྱེར(ས་ཁུལ)བདུན་དང་། རྫོང་61 གྲོང་རྡལ་ཆུང་བ་(ལྟེ་བའི་གྲོང་ཚོ་)3000ལས་བརྒལ་བ་བཅས་སུ་གློག་དྲ་བསྒྱུར་བཀོད་རིམ་སྤར་ལས་གཞིའི་ལས་འགན་ལེགས་འགྲུབ་བྱས་ནས་བོད་ལྗོངས་ཀྱི་གྲོང་རྡལ་ཆུང་བ་(ལྟེ་བའི་གྲོང་ཚོ་)ངེས་གནས་དང་འཚམས་པའི་བདེ་འཇགས་གདེང་འཁེལ་དང་། ཕན་ཆ་ཆེ་ལ་ལུགས་དང་མཐུན་པ། མཁྲེགས་ཤིང་སྤྱོད་ཤན་ཆེ་བ་བཅས་ཀྱི་དེང་རབས་ཅན་གྱི་གྲོང་གསེབ་ཀྱི་གློག་དྲ་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་དང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར་120འཇོག་རྒྱུ་ཡིན་པ་དེ་ནི་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་ཀྱི་བོད་ལྗོངས་ཀྱི་གློག་དྲ་འཛུགས་སྐྲུན་ལ་མ་དངུལ་འཇོག་གྲངས་བསྡོམས་འབོར་གྱི་ལྡབ་1.4ཡིན་ཞེས་བསྟན་པ་རེད།