རང་ཞིང་གིས་རིམ་པ་གཉིས་པའི་གཞུང་ལམ་གྱི་ལམ་རིན་ཕྱོགས་ཡོངས་ནས་བསྡུ་མཚམས་འཇོག་རྒྱུ་ཡིན་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-05-19 16:38:27      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

         མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ་འདིའི་ཟླ་མཇུག་ཏུ་ཞིང་ཆེན་སྲིད་གཞུང་གིས་རིམ་པ་གཉིས་པའི་གཞུང་ལམ་གྱི་ལམ་རིན་ཕྱོགས་ཡོངས་ནས་བསྡུ་མཚམས་འཇོག་རྒྱུ་རེད་ལ། གནས་ཚུལ་འདི་གསར་འགོད་པས་ཞིང་ཆེན་འགྲིམ་འགྲུལ་ཐིང་ནས་རྒྱུས་ལོན་བྱུང་བ་རེད།

        ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཟླ༥བའི་ཚེས༣༡ཉིན་གྱི་ཞོགས་པའི་ཆུ་ཚོད༨ཐོག་ནས་བཟུང་རིམ་པ་གཉིས་པའི་གཞུང་ལམ་གྱི་ལམ་རིན་བསྡུ་ཚུགས་སྒོ་བརྒྱག་རྒྱུ་སྟེ། ས་ཚུགས་དེ་དག་ནི་རྒྱལ་ལམ་G315སྟེང་གི་ཝ་མགྱོགས་ས་ཚུགས་དང་། རྒྱལ་ལམ་G315སྟེང་གི་རྐང་ཚའི་ས་ཚུགས། G315སྟེང་གི་ཚ་ཧན་ནོར་ས་ཚུགས། G315སྟེང་གི་ན་གོར་མའི་ཤར་གྱི་ས་ཚུགས། ཞིང་ཆེན་གྱི་ལམ་ S303སྟེང་གི་ན་གོར་མོའི་ནུབ་སྒོ་ས་ཚུགས། G109སྟེང་གི་ན་གོར་མོའི་ཤར་སྒོ་ས་ཚུགས། S101ཞིང་ཆེན་གྱི་ལམ་ཆུ་ཁོལ་ས་ཚུགས་བཅས་ལམ་རིན་བསྡུ་སའི་ས་ཚུགས་བདུན་ཡིན་ལ། དེའི་ཁར་ད་ལོའི་ཟླ༡པོའི་ཚེས༡༨ཉིན་སྒོ་བརྒྱབ་པའི་ G109སྟེང་གི་རྟ་ནག་མ་ས་ཚུགས་དང་། G227སྟེང་གི་ཨོའུ་པའོ་峨堡收费站ས་ཚུགས། G214སྟེང་གི་དཔལ་ཁ་ས་ཚུགས། འཛུགས་མཚམས་བཞག་པའི་ཞིང་ཆེན་གྱི་ལམS302སྟེང་གི་ཨ་རིག་ས་ཚུགས་བཅས་ཁྱོན་སྡོམ་ས་ཚུགས་༡༡གི་སྒོ་བརྒྱག་རྒྱུ་རེད།ཉིན་དེ་ནས་བཟུང་ཞིང་ཆེན་སྲིད་གཞུང་གིས་རིམ་པ་གཉིས་པའི་གཞུང་ལམ་གྱི་ལམ་རིན་བསྡུ་མཚམས་འཇོག་རྒྱུ་ཡིན་ལ། དེ་ནི་ད་ལོའི་སྲིད་གཞུང་གི་ལས་ཀའི་སྙན་ཞུའི་ནང་དམངས་འཚོའི་དོན་དངོས་བཅུའི་ནང་བཀོད་པའི་དོན་དག་ལག་ལེན་ལ་བཏབས་པའི་རྟགས་ཤིག་ཀྱང་རེད།

        ཐེངས་འདིའི་ལམ་རིན་བསྡུ་མཚམས་བཞག་པའི་ལམ་ལ་ལེ་དབར་2353.28ཡོད་པ་རེད། གཞན་ཏ་པན་རི་བོའི་ཕུག་ལམ་སྟེ་ས་བབ་མཐོ་ཚད་སྨི3792.75ཡོད་པའི་ས་བབ་ཀྱི་གནས་ཚུལ་དང་རླངས་འཁོར་འགྲོ་འོང་གི་བདེ་འཇགས་ལ་བསམ་ནས་རྒྱལ་ལམG227སྟེང་གི་ཏ་པན་རི་བོའི་ལམ་རིན་བསྡུ་ཚུགས་སྔར་བཞིན་སོར་འཇོག་བྱ་རྒྱུ་རེད།

        ལོ་ཙཱ་བ། ཁོན་ཐར་འཚོ།