མཚོ་ལྷོ་ཁུལ་མགོ་མང་གིས2017ལོའི་ཐན་ཞོད་སྔོན་འགོག་བྱ་བའི་ཚོགས་འདུ་བསྡུས་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-05-19 16:48:28      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

      གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཕྱོགས་ཡོངས་ནས་ཞང་དང་ཁུལ།རྫོང་བཅས་ཀྱི་ཐན་ཞོད་སྔོན་འགོག་གི་བྱ་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡོང་ཆེད་དང་།2016ལོའི་གྲོང་རྡལ་ཡོངས་ཀྱི་ཐན་ཞོད་སྔོན་འགོག་གི་བྱ་བར་སྤྱི་བསྡོམས་དང་ད་ལོའི་ཐན་ཞོད་བྱ་བར་བཀོད་སྒྲིག་ལེགས་པོ་བྱེད་ཆེད། ཉིན་འགའི་སྔོན་ལ2017ལོའི་ཐན་ཞོད་སྔོན་འགོག་བྱ་བའི་བཀོད་སྒྲིག་ཚོགས་འདུ་བསྡུས། གྲོང་གཙོ་བསམ་གཏན་གྱིས་ཚོགས་འདུ་ལ་འགོ་འཛིན་བྱས་ཤིང་། གྲོང་གཏོགས་ལས་ཁུངས་སོ་སོ་དང་རྡོ་ཟགས་བཟོ་གྲྭ་བཅས་ཀྱི་འགན་འཁུར་བ་དང་སྡེ་བ་སོ་སོའི་སྡེ་དཔོན་བཅས་མི40ལྷག་ཚོགས་འདུར་ཞུགས།
           

       ཚོགས་ཐོག་ཏུ་གྲོང་གཙོ་གཞོན་པ་ནོར་བུ་ཚེ་རིང་གིས་འབྲེལ་ཡོད་ཡིག་ཆ་ཁྱབ་སྒྲོག་དང་ཐན་ཞོད་སྔོན་འགོག་གི་ཤེས་བྱ་འཆད་ཁྲིད་བྱས། ད་ལོའི་ཐན་ཞོད་སྔོན་འགོག་བྱ་བ་བདེ་བླག་ཡོང་ཆེད་གྲོང་གཙོ་བསམ་གཏན་གྱིས་བཀོད་སྒྲིག་ཞིབ་ཚགས་བྱས་པ་སྟེ། གཅིག་ནི་འགན་འཁྲི་ཇེ་མཐོར་གཏོང་བ་དང་འགན་འཁུར་ཅན་གྱི་ལམ་ལུགས་དོན་འཁྱོལ་ཡོང་བར་བྱེད་པ། གཉིས་ནི་ཐན་ཞོད་སྔོན་འགོག་གི་བྱ་བ་སྔ་མོ་ནས་གྲ་སྒྲིག་བྱེད་པ། གསུམ་ནི་ཆུ་མཛོད་ཁག་གི་བདེ་འཇགས་ཁག་ཐེག་བྱེད་པ། བཞི་ནི་ཆུ་ལོག་སྔོན་འགོག་དང་ཆུ་རགས་བརྟན་པོ་བྱེད་པ། ལྔ་ནི་ས་བབ་ཀྱི་ཉེན་ཁ་སྔོན་འགོག་བྱེད་པ། དྲུག་ནི་འགན་འཁུར་ངེས་གཏན་དང་ཐན་ཞོད་སྔོན་འགོག་གི་བྱ་བར་རྒྱུན་ཏུ་ལྟ་ཞིབ་བྱེད་པ། བདུན་ནི་སྒྲིག་ལམ་དམ་པོ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན།  
               མཇུག་མཐར་གྲོང་གཙོ་བསམ་གཏན་གྱིས་ཚོགས་ཞུགས་སྡེ་ཁག་ཡོངས་ཀྱི་བར་དུ《མགོ་མང་གྲོང་རྡལ་གྱི2017ལོའི་ཐན་ཞོད་སྔོན་འགོག་བྱ་བའི་བདེ་འཇགས་གན་རྒྱ》བཞག །

      གསར་འགོད་པ།       ཚེ་རིང་འབུམ།