༢༠༡༧ལོའི་གླུ་གཞས་གསར་རྩོམ་འཚོལ་སྡུད་བྱེད་པའི་བརྡ་སྦྱོར།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-05-31 11:10:51      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        ཟླ༥བའི་ཚེས༢༦ཉིན་ལ་ཟི་ལིང་གྲོང་ཁྱེར་རིག་གནས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་གཙོ་སྒྲུབ་དང་ཟི་ལིང་སྒྱུ་རྩལ་ཟློས་གར་ཁང་གིས་སྒྲུབ་འགན་འཁུར་བའི་བདེ་སྐྱིད་ཟི་ལིང་སྟེ་གྲོང་ཁྱེར་གྱི་གཞས་ཞེས་པའི་༢༠༡༧ལོའི་གླུ་གཞས་གསར་རྩོམ་འཚོལ་སྡུད་འགྲན་སྡུར་དངོས་སུ་འགོ་བརྩམས། འགྲན་སྡུར་འདི་ནི་གསར་རྩོམ་གླུ་གཞས་ཀྱི་རོལ་དབྱངས་དང་གཞས་འཚོལ་སྡུད་ཀྱི་རྣམ་པ་སྤྱད་དེ། ཟི་ལིང་གྲོང་ཁྱེར་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་བསམ་བློ་དང་། བསྒྱུར་བ་བཞིའི་བསམ་ཕྱོགས་གསར་བ། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་བཅས་ལག་བསྟར་མཐའ་འཁྱོལ་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་དབྱིབས་གྲོང་ཁྱེར་དང་བདེ་སྐྱིད་ཟི་ལིང་བསྐྲུན་པའི་ལག་ལེན་དག་གསོན་ཉམས་དང་ལྡན་པའི་སྒོ་ནས་ཕྱིར་ངོམ་ནས་ཟི་ལིང་གི་རིག་གནས་ནང་སྙིང་དང་གྲོང་ཁྱེར་གྱི་རིག་གནས་བྱང་ཚད་ཇེ་མཐོར་གཏང་ཆེད་རེད།

        ཐེངས་འདིའི་འགྲན་བསྡུར་གྱི་བརྩམས་ཆོས་འཚོལ་སྡུད་དེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཆེད་ལས་དང་ལས་ཞོར་གྱི་ཚིག་དང་གདངས་རྩོམ་མཁན་ལ་ཁ་ཕྱོགས་ནས་བསྡུ་རྒྱུ་རེད་ལ། ༢༠༡༧ལོའི་ཟླ༥བའི་ཟླ་སྨད་ནས་ཟླ༧པའི་ཟླ་མཇུག་བར་རྩོམ་བསྡུ་རྒྱུ་དང་། བར་དུ་འགྲན་ཞུགས་བརྩམས་ཆོས་དག་ལ་རིགས་དབྱེ་ཏེ་ཐོག་མར་དཔྱད་ཞིབ་རྗེས་སུ་རྟིང་རྩོད་འགྲན་སྡུར་གྱི་བརྩམས་ཆོས་ནང་འདེམས་པ་དག་ལ་འགྲན་སྡུར་ཚན་ཆུང་ཨུ་ལྷན་གྱིས་རོལ་དབྱངས་ཀྱི་རྣམ་གཞག་སྒྲིག་བཟོ་བྱ་རྒྱུ་མ་ཟད། སྨྱན་བྱད་གསར་བ་དང་དྲ་རྒྱ་སོགས་ནས་ཕྱིར་གཏང་རྒྱུ་དང་། དེར་གྲོང་ཁྱེར་སྡོད་དམངས་ཀྱིས་འདེམ་ཤོག་དང་དཔྱད་འདེམ་བྱས་པའི་མང་ཉུང་ལ་གཞིགས་ནས་བརྩམས་ཆོས་ལེགས་འདེམས་བྱ་རྒྱུ། ཟླ༩བའི་ཟླ་མཇུག་ཏུ་བྱ་དགའ་ཐོབ་པའི་བརྩམས་ཆོས་དང་ལེགས་འདེམས་བརྩམས་ཆོས་དག་ལ་མཐའ་འཇུག་གི་སྒྲིག་བཟོ་གོ་རིམ་བརྒྱུད། བདེ་སྐྱིད་ཟི་ལིང་སྟེ་གྲོང་ཁྱེར་གྱི་གཞས་ཞེས་པའི་ཐོག་མའི་གསར་རྩོམ་གྱི་གླུ་གཞས་འགྲན་བསྡུར་དང་བྱ་དགའ་གནང་བའི་དགོང་ཚོགས་སྤེལ་རྒྱུ་ཡིན་འདུག །

        ལོ་ཙཱ་བ། ཁོན་ཐར་འཚོ།