ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་བྱ་བར་བཀོད་སྒྲིག་བྱས།

          ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་བཀོད་སྒྲིག་ཚོགས་འདུ་བསྡུས། ཚོགས་ཐོག་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ནས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་བཀོད་སྒྲིག་བྱས་པ་དང་རེ་བ་ཞིབ་མོ་བཏོན།

        ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ནང་དོན་དང་དགོངས་དོན་ངོ་བོ་ལ་རྒྱུས་ལོན་ཡང་དག་བྱེད་པ། གྲོས་ཚོགས་ཀྱི་བརྗོད་སྙིང་དང་མཚོ་སྔོན་འཕེལ་རྒྱས་ཐད་ཀྱི་ཉམས་མྱོང་རྩ་ཆེན། བསྒྱུར་བ་བཞི། རྗེས་ཕྱོགས་ཀྱི་ལོ་ལྔའི་འབད་འཐབ་དམིགས་འབེན། བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་བཅས་ཁོང་དུ་ཆུད་པར་བྱས་ནས། ལས་འགན་སྣ་ཚོགས་ལག་བསྟར་ནན་མོ་བྱེད་དགོས་ཟེར།

        ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་མིག་སྔའི་བྱ་བ་གལ་ཆེན་དུ་བརྩི་བ་དང་། ཉིན་ཐོའི་གྲོས་གཞི་གལ་ཆེན་ཁྲོད་བཞག་སྟེ། བསམ་བློའི་སྟེང་ནས་མཐོང་ཆེན་བྱེད་པ་དང་། འགུལ་སྐྱོད་སྟེང་ནས་གཡོ་འགུལ་མེད་པ་དང་རང་རྟོགས་བྱེད་པ། བྱ་བ་ ཤུགས་ཡོད་སྒོས་སྤེལ་བ། རྩ་འཛུགས་མགོ་ཁྲིད་དང་སློབ་སྦྱོང་གསོ་སྦྱོང་། དྲིལ་སྒྲོག་བྱ་བ། དྲིལ་སྒྲོག་སྣེ་ཁྲིད་སོགས་བྱ་བར་དམ་འཛིན་བྱས་ཏེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་ཚ་རླབས་དྲག་པོ་སློངས་དགོས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་བྱ་བ་སྒྲུབ་མཁན་དང་རྒྱ་ཆེའི་ཏང་ཡོན་གྱིས་མགོ་ཁྲིད་དེ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པ་དང་། བྱ་བའི་གནས་ཚུལ་དངོས་ལ་འབྲེལ་འདྲིས་དམ་ཟབ་བྱེད་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་སྟེང་ཤུགས་འདོན་པ་དང་གྲུབ་འབྲས་ལེན་པ། ཧུར་ཐག་གིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་སྣེ་ཁྲིད་བྱེད་པ་དང་མིག་དཔེར་བྱེད་ཐུབ་པར་བྱས་ཏེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་གྱིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་ལ་མཛུབ་སྟོན་དང་སྐུལ་འདེད་བྱེད་དགོས་ཟེར།

        ཚོགས་ཐོག་ཏུ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་། ཞིང་ཆེན་སྤྱིའི་བཟོ་ཚོགས། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས། ཀྲུང་གོ་ཐའེ་ཐ་མ་རྐང་ཚད་ཡོད་ཀུང་ཟི་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་ཟི་སོགས་ལས་ཁུངས་དྲུག་གི་ཏང་རྩ་འཛུགས་ཀྱི་འགན་ཁུར་མི་སྣས་བརྗེ་རེས་གཏམ་བཤད་སྤེལ།

        མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྡེ་ཁག་སོ་སོ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་འབྲེལ་ཡོད་སྡེ་ཁག མི་དམངས་ཚོགས་ཁག་སོ་སོའི་ཏང་ཨུའི་འགན་ཁུར་བློ་མཐུན། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་སོ་སོ་དང་ཏང་ཀྲི་པུའུ་ཧྲུའུ་ཅི་སོ་སོ་གྲོས་ཚོགས་ལ་ཞུགས།