མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས།

        ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་གྲོལ་མ་ཐག མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོས་མྱུར་དུ་ཏང་ཙུའུ་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱས། ལས་ཁུངས་སོ་སོས། ཏན་ཏན་ཏིག་ཏིག་བཞིའི་དར་ཆ་མཐོན་པོ་བསྒྲེང་བ་དང་། བསམ་བློ་དང་འགུལ་སྐྱོད་གཅིག་གྱུར་བྱས་ནས། ཧུར་ཐག་གིས་བསྒྱུར་བ་བཞིའི་ཁྲོད་ནས་རྒྱུན་མ་ཆད་པར་མཚོ་སྔོན་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་པ་དང་། ཉིན་རེ་རེ་དམ་འཛིན་བྱེད་པ་དང་། བྱ་བ་རེ་རེ་བཟང་བོར་བསྒྲུབ་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱེད་པ་དང་། གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་རྒྱུའི་ཚུལ་བསྟན།

        ལས་ཁུངས་སོ་སོས་མཐའ་གཅིག་ཏུ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ནི་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་དང་། ཚོགས་ཐོག་ནས་མ་འོངས་པའི་ལོ་ལྔའི་དམིགས་འབེན་གཙོ་བོ་དང་རྩ་དོན་རེ་བ་གཏན་ཁེལ་གསལ་བོ་བྱས་པ་དང་། ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། རྒྱལ་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱེད་པ། མགོ་ཚུགས་ས་གསར་བའི་སྟེང་ནས་སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ནས་བཀོད་སྒྲིག་ཆ་ཚང་བྱས། ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཕུལ་བའི་སྙན་ཞུ་ནི། ཆབ་སྲིད་ལངས་ཕྱོགས་དང་ཆབ་སྲིད་རྣམ་འགྱུར་མངོན་པ་དང་། ཆབ་སྲིད་འདུ་ཤེས་མཚོན་པའི་དམ་བཅའ་ཡི་གེ་ཡིན་ལ། ཞིང་ཆེན་གྱི་གནས་ཚུལ་དང་ཁྱད་ཆོས་ལ་རྒྱུས་ལོན་བྱེད་པ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་གཏན་ཁེལ་གསལ་བོ་བྱེད་པ། མ་འོངས་པའི་བྱ་བར་མཛུབ་སྟོན་བྱེད་པའི་སྤྱི་སྒྲོག་སློབ་ཁྲིད་ཅིག་རེད། སྙན་ཞུ་སྐབས་རེ་རེའི་ཞིང་ཆེན་ཏང་ཨུའི་བྱ་བའི་བསམ་ཕྱོགས་དང་མཐུན་ལ། རྒྱུན་འཛིན་དང་བཅོས་བསྒྱུར། གསར་གཏོད་མངོན་པར་བྱས་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་རེ་བ་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་ཡོད་ལ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་འགན་སྲུང་དང་རྩིས་ཐང་ཡོད་པའི་འཚོ་བ་རོལ་བའི་སེམས་འདུན་དང་མཐུན་ཟེར།

        ལས་ཁུངས་སོ་སོས། འཆར་གཞི་ཇུས་འགོད་དེ་མངོན་སུམ་དུ་བསྒྱུར་བ་དང་། ཏན་ཏན་ཏིག་ཏིག་གི་སྤྱོད་ཚུལ་དར་སྤེལ་བྱེད་པ། ནམ་ཡང་ཏང་གི་མགོ་ཁྲིད་དང་མི་དམངས་བདག་པོ་བྱེད་པ། ཁྲིམས་ལྟར་ཞིང་ཆེན་སྐྱོང་བརརྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་སུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱས་ཏེ། རིགས་སོ་སོའི་སེམས་ཤུགས་གཅིག་ཏུ་བསྒྲིལ་དགོས། སློབ་སྦྱོང་བྱེད་རྒྱུ་དེ་བསམ་པའི་འཚོལ་སྙེག་དང་བྱ་བའི་འགན་འཁྲི། འཚོ་བའི་གོམས་གཤིས་སུ་བརྩིས་ནས། རང་རྟོགས་སྒོས་སློབ་སྦྱོང་བྱེད་པ་དང་རང་འགུལ་གྱིས་སློབ་སྦྱོང་བྱེད་པ། ཡུན་རིང་བོར་སློབ་སྦྱོང་བྱས་ནས། སློབ་སྦྱོང་ལ་བརྟེན་ནས་མ་འོངས་བར་བསྐྱོད་དགོས། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། འབད་འཐབ་ལྷོད་མེད་བྱེད་པ། བཅོས་བསྒྱུར་གསར་གཏོད་ཀྱིས་སྙིང་སྟོབས་བཅངས་ནས། བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་དགོས་པའི་ཚུལ་བསྟན།

        ལས་ཁུངས་སོ་སོས། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་སྒུལ་ཤུགས་སུ་བྱེད་པ་དང་། ལས་བགོས་གསལ་བོ་བྱེད་པ། འགན་འཁྲི་ཇེ་ཞིབ་ཏུ་གཏོང་བ། འཆར་གཞི་འགོད་པ། དོ་དམ་ནན་མོ་དང་ཕན་ཡོད་སྐུལ་སློང་བྱེད་པར་རྒྱུན་འཁྱོངས་བྱེད་པ། སྤྱོད་གཙང་སྲོལ་བཟང་དང་འཆམ་མཐུན་གྱི་སྣང་ཚུལ་ཁྲོད་ནས་བྱ་བ་སྒྲུབ་པ་དང་ལས་སྐྲུན་བྱས་ཏེ། སྟོབས་ཤུགས་གཅིག་བསྒྲིལ་གྱིས་བྱ་བ་སྣ་ཚོགས་ལག་བསྟར་བྱེད་པར་དམ་འཛིན་བྱེད་རྒྱུའི་ཚུལ་བསྟན།