རི་མོའི་ལམ་ནས་ང་ཚོའི་རིན་ཐང་གི་ལྟ་བ་བརྗོད་ཅེས་པའི་ཀུན་ཕན་བརྡ་ཁྱབ་བརྩམས་ཆོས་འཚོལ་སྡུད་བྱེད་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-05-31 11:54:00      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་བདེ་བླག་ངང་འཚོག་པར་བསུ་མ་དང་། མཐུན་སྒྲིལ་འབད་འབུངས་ལ་བྲེལ་བའི་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བཏོད་ཆེད་ལ། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གཉིས་ཀྱིས་རི་མོའི་ལམ་ནས་ང་ཚོའི་རིན་ཐང་གི་ལྟ་བ་བརྗོད་ཅེས་པའི་ཀུན་ཕན་བརྡ་ཁྱབ་སྐོར་གྱི་བརྩམས་ཆོས་འཚོལ་སྡུད་བྱེད་རྒྱུ་ཡིན་པས། རང་ཞིང་གི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་རྣམས་བྱེད་སྒོ་འདིའི་ནང་ལ་ཞུགས་པར་དགའ་བསུ་ཞུ།

        བསྡུ་བྱའི་བརྩམས་ཆོས་སྐོར། ལས་རིགས་ཁག་དང་ལས་སྒོ་ཁག བརྡ་ཁྱབ་སྒྲིག་བཟོ་ལས་ཁུངས་ལ་སོགས་ཀྱི་བརྡ་ཁྱབ་ཇུས་འགོད་ལ་དགའ་ཞེན་ཆེ་བ་རྣམས་ཀྱིས་གསར་རྩོམ་འདི་གར་བསྐུར་ཆོག བསྐུར་བའི་བརྩམས་ཆོས་རྣམས་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་གཉིས་ཀྱིས་ཐོག་མར་དཔྱད་འདེམས་བྱས་རྗེས་ཐབས་གཅིག་ཏུ་ཀྲུང་གོའི་དཔལ་ཡོན་དྲ་བར་བསྐུར་རྒྱུ། ཀྲུང་གོའི་དཔལ་ཡོན་དྲ་བས་བརྩམས་ཆོས་དེ་དག་ལ་དཔྱད་ཞིབ་གནང་རྗེས་བརྩམས་ཆོས་ཕུལ་བྱུང་ཅན་ལ་བྱ་དགའ་གནང་རྒྱུ་རེད།

        རྩོམ་གྱི་རེ་བ་ནི། རི་མོ་དང་ཡི་གེ་གཉིས་ཀྱི་ལམ་ནས་ཀྲུང་གོའི་ཕུགས་འདུན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་བཟང་བཅས་དར་སྤེལ་གཞིར་བཟུང་ནས་དུས་རབས་ཀྱི་དར་ལུགས་མངོན་པར་དོད་དེ་སྤྱི་ཚོགས་ཀྱི་དྲང་ནུས་བརྒྱུད་སྒྲོག་བྱེད་དགོས། ཇུས་འགོད་ཐད་ནས་གསར་རྩོམ་གྱི་ཁྱད་ཆོས་ལྡན་ལ། བློ་བཀོད་ངོ་མཚར་བ། རི་མོའི་སྒྱུ་རྩལ་རང་བཞིན་དང་མཚོན་བྱེད་རང་བཞིན་ཤུགས་དྲག་པ། ཚོན་མདངས་ཀྱི་སྡེབ་ལེགས་ལ་ཆ་མཐུན་པ་ཡིན་དགོས། རྩོམ་གྱི་རྣམ་གཞག་དེ་jpgཡིན་དགོས་པ་དང་། གསལ་ཚད་72PPIདང་། ཤོག་དྲིལ་གྱི་ཚད་གཞི་ A3མམA4། ཁ་དོག་གི་མཚོན་སྟངསCMYK། ཆེ་ཆུང་3Mལས་བརྒལ་མི་རུང་བཅས་ཡིན་དགོས། ངེས་པར་དུ་རང་ནས་བྲིས་པའི་བརྩམས་ཆོས་ཡིན་དགོས་པ་དང་། བརྩམས་ཆོས་ཀྱི་བདག་དབང་རྩོམ་བསྐུར་མཁན་གྱི་ཡིན།

        བྱེད་སྒོ་འདིར་མོས་པ་ཡོད་མཁན་ཚོས་ཟླ༧པའི་ཚེས༢༡ཉིན་(གཟའ་པ་སངས)གྱི་སྔ་རོལ་ཏུ་ཡིག་ཟམ་བརྒྱུད་མཚོ་སྔོན་ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་གི་ཡིག་ཟམ་ qhswmb2074@163.comལ་གཅིག་གྱུར་ཐོག་བསྐུར་ཆོག་པ་མ་ཟད། འོད་སྡེར་དུ་ཕབ་ནས་མཚོ་སྔོན་ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་(ས་གནས། ཟི་ལིང་གྲོང་ཁྱེར་བདུན་གཅིག་ལམ་ཨང་346)ལ་བསྐུར་ཆོག

        ཡིག་ཟམ་དང་འོད་སྡུར་གང་རུང་ལམ་ནས་བསྐུར་དུས། ས་གནས་དང་། རིགས་གྲས། བརྩམས་ཆོས་ཀྱི་མིང་། རྩོམ་པ་པོ་བཅས་གསལ་བོར་འགོད་དགོས།
       

      འབྲེལ་བ་བྱེད་ས། པའེ་ཡ་ཆིང་། ཁ་པར་ཨང་གྲངས0971-8482156ཡིན།