མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བཞི་བ་ཟི་ལིང་ནས་བསྡུས།

        ཟླ་ལྔ་བའི་ཚེས་སོ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བཞི་བ་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་གོ་ཧྲིན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་དང་སྟག་འབུམ་ཐར། སུའུ་ཉིན། དབང་མོ། ཚའོ་ཝུན་ཧུའུ། མཱ་ཝེ། ཚའོ་ཧུང་། དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་། དེ་མིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཁྱོན་བསྡོམས་མི་ཞེ་གཉིས་ཐེངས་འདིའི་གྲོས་ཚོགས་ལ་ཞུགས་ཤིང་། དེ་ནི་ཁྲིམས་ཀྱི་གཏན་འཁེལ་མི་གྲངས་དང་མཐུན། ཝང་གོ་ཧྲིན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་བྱས།

        ཚོགས་ཐོག་ནས་མུའུ་ཏུང་ཧྲིན་གྱིས་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་བརྒྱུད་སྒྲོག་བྱས།

        ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཐེངས་འདིའི་གྲོས་ཚོགས་ལ་སྤྲད་པའི་མི་དོན་གནས་ཚུལ་སྐོར་གྱི་གསལ་བཤད་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྲོལ་ཡིག་ལ་གྲོས་མོལ་བྱས་པའི་མཇུག་འབྲས་སྙན་ཞུ། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཕུལ་བའི་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲག་སྦྱིན་གཏོང་བའི་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་སྐོར་གྱི་འཆར་ཟིན་གསལ་བཤད། ཟི་ལིང་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཕུལ་བའི་ཟི་ལིང་གྲོང་ཁྱེར་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་གོ་རིམ་གཏན་འཁེལ་བསྐྱར་བཅོས་སྐོར་གྱི་གསལ་བཤད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཕུལ་བའི་མི་རིགས་མཐུན་སྒྲིལ་སྔོན་ཐོན་སྲོལ་ཡིག་སྐོར་གྱི་གསལ་བཤད་བཅས་ལ་ཉན།

        གདམ་མིས་ལས་འགན་མ་ཁུར་བའི་སྔོན་གྱི་གཏམ་བཤད་བྱས།

        གྲོས་ཚོགས་ནས་ཞིང་ཆེན་དམངས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་བྱ་བའི་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲག་སྦྱིན་གཏོང་བའི་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་སྐོར་གྱི་འཆར་ཟིན་གྲོས་ཞིབ་བསམ་འཆར་དང་། ཞིང་ཆེན་དམངས་ཆེན་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཟི་ལིང་གྲོང་ཁྱེར་དམངས་ཆེན་གྱིས་ཟི་ལིང་གྲོང་ཁྱེར་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་གོ་རིམ་གཏན་འཁེལ་བསྐྱར་བཅོས་གཏན་འབེབས་སྐོར་གྱི་ཞིབ་བཤེར་སྙན་ཞུ། ཞིང་ཆེན་དམངས་ཆེན་མི་རིགས་ཕྱིར་སྡོད་རང་མིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐུན་སྒྲིལ་སྔོན་ཐོན་སྲོལ་ཡིག་སྐོར་གྱི་ཞིབ་བཤེར་སྙན་ཞུ་བཅས་དཔར་ནས་བཀྲམ།

        ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགན་ཁུར་མི་སྣ་ཚོགས་ཐེངས་འདིའི་གྲོས་ཚོགས་ལ་ཟུར་ཞུགས་བྱས།