2017ལོའི་ཀྲུང་གོའི་མཚོ་སྔོན་བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་དངོས་སུ་ཚོགས་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-06-03 12:10:37      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        

        སྤྱི་ཟླ༦པའི་ཚེས༢ཉིན་ལ་༢༠༡༧ལོའི་ཀྲུང་གོའི་མཚོ་སྔོན་བོད་ཀྱི་ས་གདན་འགྲེམ་ཚོགས་དེ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་གཟབ་རྒྱས་ངང་ཚོགས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ཨུ་ཝང་ཡུས་ཡན་དང་།མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཐིན་ཅིན་ཁྲེང་། ཀྲུང་གོའི་ཚོང་དོན་པུའུ་ཏང་ཙུའུ་ཁོངས་མི། པུའུ་ཀྲང་ལག་རོགས་ལི་ཁྲེང་ཀང་། ཀྲུང་གོ་འཁལ་འཐག་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཀའོ་ཡུང་བཅས་ཀྱིས་འཛམ་གླིང་ས་གདན་གྱི་གསོལ་སྟོན་གྱ་ནོམ་པ་འདིའི་སྒོ་མོ་ཡངས་པོར་ཕྱེས།

         ཐེངས་འདིའི་བོད་ཀྱི་ས་གདན་འགྲེམ་ཚོགས་ཐོག་ནང་ལོགས་ཀྱི་ཧྲན་ཏུང་དང་། ཧེ་པེ། ཧེ་ནན། པེ་ཅིང་། ཀན་སུའུ་སོགས་ཞིང་ཆེན་དང་ལྗོངས། གྲོང་ཁྱེར་བཅས༢༩ཡི་ཁེ་ལས༡༠༩་ཞུགས་ཡོད་པ་དང་། འགྲེམ་སྟེགས༥༩༡དང་ཆེད་དོན་ཉོ་སྒྲུབ་མཁན་༦༠༠ལྷག་ཞུགས་ཡོད་པ་རེད། རྒྱལ་ཕྱི་ནས་འཇར་མན་དང་།བལ་བོ། ཐུར་ཁེ། རྒྱ་གར། ཝུ་ཙི་བྷེ་ཁི་སི་ཐན། ཧོ་ལན། སོག་པོ། ཕ་ཁི་སི་ཐན། ཨ་ཧྥུ་ཧན། ཅིར་ཅི་སི་སི་ཐན། དབྱི་ལང་སོགས་རྒྱལ་ཁབ་དང་ས་གནས་༢༣གྱི་ཁེ་ལས་དང་ཆེད་དོན་ཉོ་སྒྲུབ་ཀྱི་ཚོང་བ་༡༧༣ཞུགས་ཡོད་པ་དང་། འགྲེམ་ཚོང་གི་སྟེགས་བུ་༣༦༩ཡོད་པ་རེད།

        

        ལོ་ཙཱ་བ། ཁོན་ཐར་འཚོ།