ཐེམ་ཆེན་རྫོང་གི་སློབ་ཆུང་སོ་སོའི་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་དགའ་སྤྲོའི་ངང་རོལ་བ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-06-03 12:10:38      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        ལོ་རེ་རེའི་ཟླ་དྲུག་པའི་ཚེས་གཅིག་ནི་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་ཡིན་ལ། བྱིས་པ་ཚོར་མཚོན་ནའང་ལོ་གཅིག་ནང་གི་ཆེས་མེད་དུ་མི་རུང་བ་དང་ཆེས་ཡིད་དུ་འོང་བ། ཆེས་དགའ་སྤྲོའི་ཁེངས་བའི་ཉིན་མོ་ཞིག་རེད། དེ་བས། ཐེམ་ཆེན་རྫོང་སློབ་ཆུང་ཁག་དང་བྱིས་སྐྱོང་ཁང་སོ་སོའི་དགེ་རྒན་གཙོ་བྱས་སློབ་མ་རང་ཚོ་དང་ཁྱིམ་བདག་སོ་སོའི་རྒྱབ་སྐྱོར་རམ་འདེགས་འོག་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་བྱ་འགུལ་སྣ་ཚོགས་བསྟུད་མར་ཉིན་གཉིས་ནས་གསུམ་གྱི་རིང་ལ་སྤེལ་བ་རེད།


      དུས་ཆེན་གྱི་ཡུལ་དངོས།

        ཐེངས་འདིའི་དུས་ཆེན་རོལ་སྟངས་ལོ་སྔོན་མ་དང་བསྡུར་ན་ཧ་ཅང་གཟབ་རྒྱས་ཡིན་པ་མ་ཟད་བྱ་འགུལ་གྱི་རིགས་སྣའང་ཕུན་སུམ་ཚོགས་པ་རེད་དེ། བོད་ཀྱི་སྲོལ་རྒྱུན་རིག་གནས་གཙོ་བྱས་པའི་དམངས་གླུ་དང་ཁ་ཤགས། ཞབས་བྲོ་ལ་སོགས་པའི་རིག་རྩལ་དང་། བོད་ཀྱི་དཀྲོལ་ལེན་འགྲན་བསྡུར། བོད་ཀྱི་ཡིག་གཟུགས་འགྲན་བསྡུར། རྐང་རྒྱུག་དང་ཐག་འཐེན། འཇུ་རེས་སོགས་ཀྱི་ལུས་རྩལ་འགྲན་བསྡུར་སོགས་ཡོད་པ་མ་ཟད། ད་དུང་ཕ་མ་དང་བུ་ཕྲུག་གིས་མཉམ་འབྲེལ་རྩེད་རིགས་སོགས་དེང་རབས་སློབ་གསོ་དང་བསྟུན་པའི་རྩེད་རིགས་དང་འགྲན་བསྡུར་སྣ་ཚོགས་ཡོད་པ་རེད།


      དགེ་རྒན་ལྷག་བསམ་རྒྱ་མཚོ་ལ་བཅར་འདྲི་བྱས་པ།

        ཐེམ་ཆེན་རྫོང་བྱིས་སློབ་ཁང་གཉིས་པའི་དགེ་རྒན་ལྷག་བསམ་རྒྱ་མཚོས་བཤད་རྒྱུར། ང་ཚོའི་བྱིས་སློབ་ཁང་ལ་མཚོན་ན་ཐེངས་འདིའི་དུས་ཆེན་ལ་གཟའ་འཁོར་གཉིས་ཀྱི་རིང་ལ་གྲ་སྒྲིག་བྱས་པ་ཡིན། བྱིས་པ་རེ་རེའི་དགའ་ཕྱོགས་སོགས་དང་བསྟུན་ནས་རྩེད་རིགས་སྣ་མང་བོ་ཞིག་ཀྱང་གྲ་སྒྲིག་བྱས་ཡོད་པ་ཡིན་མོད། བྱིས་པར་མཚོན་ན་དུས་ཆེན་འདི་དགའ་སྤྲོའི་ངང་རོལ་བར་ངེད་དགེ་བཟོ་བའི་དམིགས་འབེན་དུ་བཟུང་སྟེ་བྱིས་པ་ཚོར་རྩེད་པའི་ཁྲོད་ནས་སློབ་པ་དང་སློབ་པའི་ཁྲོད་ནས་རྩེད་པ་ལྟ་བུར་ཡོང་ཨེ་ཐུབ་ལ་འབད་ཡོད་ལ། མ་ཟད་ཁྱིམ་བདག་ཚོ་ཁོང་རང་ཚོའི་བུ་ཕྲུག་ཚོ་དང་མཉམ་དུ་དུས་ཆེན་ལ་རོལ་རྒྱུ་གཙོ་བོར་བཟུང་ཡོད་པ་ཡིན། རྗེས་ཕྱོགས་ཀྱང་དུས་ཆེན་ཅི་ཞིག་རོལ་ན་བྱ་འགུལ་ཅི་ཞིག་སྤེལ་ན་ངེད་དགེ་རྒན་དང་སློབ་མ། ཁྱིམ་བདག་ཡོངས་མཉམ་འབྲེལ་གྱིས་ཟབ་ཞུགས་བྱས་ནས་བྱིས་པ་ཚོར་སློབ་གསོ་ཡང་དག་ཅིག་དང་ཁོར་ཡུལ་ཡང་དག་ཅིག སྤྱི་ནས་འཇིག་རྟེན་གྱི་འགྲོ་འདུག་སྤྱོད་གསུམ་ཡང་དག་ཅིག་མྱོང་དུ་འཇུག་པར་ང་ཚོ་ཚང་མའི་འོས་འགན་ཡིན་ལ་དེ་ལས་ཀྱང་བྱིས་པ་འདི་དག་མི་བུ་ཡ་རབས་ཅན་ཞིག་དང་སྤྱོད་བཟང་ཅན་ཞིག མི་བུ་སྒལ་ཚིགས་ཅན་ཞིག་ཏུ་འགྱུར་བར་འབད་པ་ལྷོད་མེད་བྱེད་བཞིན་ཡོད་ཟེར།


      བྱིས་པའི་རུ་སྟར།

      ཕ་དང་བུ།

        བོད་ཀྱི་གཅེས་ཕྲུག

       

        གསར་འགོད་པ། གཅོད་པ་ཐར།