མཚོ་ནུབ་ཁུལ་གྱི་གདང་ལའི་ས་ཁུལ་ལ་ས་འགུལ་ཐེངས་བཞི་བྱུང་བ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-06-09 10:11:43      རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ

        མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་སྔོན་གྱི་ས་ཡོམ་ལས་ཁུངས་དྲ་བའི་ཚད་འཇལ་གཏན་འཁེལ་གཞིར་བཟུང་ནས་པེ་ཅིན་དུས་ཚོད2017ལོའི་ཟླ6པའི་ཚེས8ཉིན་གྱི་དུས་ཚོད8དང་སྐར་མ56སྟེང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱི་གདང་ལ་ས་ཁུལ་ལ(འཕྲེད་ཐིག་བྱང་མ་ཏུའུ33.54དང་ཤར་གྱི་གཞུང་ཐིག་ཏུའུ91.19)ས་རིམ4.6ཅན་གྱི་ས་འགུལ་བྱུང་སྟེ་ས་འགུལ་གྱི་གཏིང་ཚད་སྤྱི་ལེ10ཡོད་པ་རེད། ཐེངས་འདིའི་ས་འགུལ་ཟླ6པའི་ཚེས3ཉིན་དང་ཟླ6པའི་ཚེས5ཉིན་ལ་ས་གནས་གཅིག་ནས་ཐེངས་གཉིས་ལ་ས་རིམ་3ཅན་གྱི་ས་འགུལ་བྱུང་།

        གསར་འགོད་པས་ཁ་སང་མཚོ་སྔོན་ཞིང་ཆེན་ས་འགུལ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། པེ་ཅིན་དུས་ཚོད2017ལོའི་ཟླ6པའི་ཚེས8ཉིན་གྱི་དུས་ཚོད12དང་སྐར་མ31སྟེང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱི་གདང་ལ་ས་ཁུལ་ལ(འཕྲེད་ཐིག་བྱང་མ་ཏུའུ33.57དང་ཤར་གྱི་གཞུང་ཐིག་ཏུའུ91.13)ཡང་བསྐྱར་ས་རིམ4.4ཅན་གྱི་ས་འགུལ་བྱུང་སྟེ་ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ10ཡོད་པ་རེད།

        ཐེངས་འདིའི་ས་འགུལ་བྱུང་སའི་ལྟེ་བ་མི་མེད་ས་ཁུལ་ཡིན་པས་ན་གོར་མོ་གྲོང་ཁྱེར་གྱི་བར་ཐག་དང་སྤྱི་ལེ465ཡོད་ལ་གདང་ལ་རི་བོའི་གྲོང་བརྡལ་གྱི་བར་ཐག་སྤྱི་ལེ135ཡོད་པ་དང་། བྲག་སྨུག་གྲོང་བརྡལ་གྱི་བར་ཐག་དང་སྤྱི་ལེ80། མཚོ་བོད་ལྕགས་ལམ་གྱི་བར་ཐག་དང་སྤྱི་ལེ70། G109རྒྱལ་ལམ་དང་སྤྱི་ལེ70། ཆུ་ཁོལ་ཤང་དང་སྤྱི་ལེ75ཡོད་པ་རེད། གདང་ལའི་དམག་ཚུགས་དང་གདང་ལ་རི་བོའི་གྲོང་བརྡལ་ལ་ས་འགུལ་བྱུང་བ་མ་ཚོར་ལ་མཚོ་བོད་ལྕགས་ལམ་དང་ཉེ་སའི་པུའུ་ཆང་ཀུའུ་ས་ཚུགས་དང་པུའུ་མཱ་ཏུའུ་ས་ཚུགས་ནས་ས་འགུལ་བྱུང་བ་ཅུང་ཚོར་བ་རེད། རྗེས་མ་ནས་མཚོ་སྔོན་ཞིང་ཆེན་ས་འགུལ་ཅུའུ་ཡིས་གསང་སྡོམ་གྱི་གྲོས་མོལ་ཚོགས་འདུ་ཡང་བསྐྱར་བསྡུས་ཏེ་ས་འགུལ་གྱི་གནས་ཚུལ་ལ་ལྟ་སྐུལ་ནན་མོ་བྱ་རྒྱུ་རེད། གནས་ཚུལ་གཞན་པ་རྒྱུས་ལོན་བྱེད་བཞིན་པའི་སྒང་ཡིན།

      ལོ་ཙཱ་བ།ལྷ་ཆེན་རྒྱལ།