གཞོང་ཐང་རྫོང་གིས་བྱེ་རྡོ་བཟོ་གྲྭས་ཁོར་ཡུག་གཏོར་བརླག་ལ་དག་ཐེར་ཚ་ནན་བྱས་པ།

      ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།      སྤེལ་དུས། : 2017-06-09 10:29:07      རྩོམ་སྒྲིག་པ། : ཁོན་ཐར་འཚོ།

        ཀྲུང་གོའི་གསར་འགྱུར་དྲ་བས་ཟླ༦པའི་ཚེས༨ཉིན་ལ་ཟི་ལིང་ནས་སྤེལ་བའི་འཕྲིན། གསར་འགོད་པས་ཚེས་༨ཉིན་ལ་མཚོ་སྔོན་ཞིང་ཆེན་གྱི་ཤར་སྒོ་ཆེན་མོ་ཞེས་འབོད་པའི་མཚོ་ཤར་གྲོང་ཁྱེར་གཞོང་ཐང་རྫོང་གི་སྡེ་ཁག་དུ་མ་ནས་རྒྱུས་ལོན་པའི་གནས་ཚུལ་ནི། རྫོང་དེས་ད་ལོར་བྱེ་རྡོ་སྔོག་འདོན་དང་འགན་སྒྲུབ་འཐོས་ཤོར་བྱུང་བའི་འབྲེལ་ཡོད་འགན་འཁུར་བ༡༩ལ་འགན་འདེད་རྩད་གཅོད་བྱས་ཡོད་པ་རེད། སྤྱིར་རྫོང་དེར་གཏེར་ཁ་འདོན་མཁན་ཁེ་ལས་༡༧ཡོད་པ་དང་། བཟོ་བཀོད་ཐད་མཁོ་འདོན་གྱི་རྡོ་རྒྱུ་གཏེར་ཁ༧། བྱེ་རྡོ་གཏེར་ཁ༤༩། ས་ཉུགས་གཏེར་ཁ༢༤བཅས་འདུག  །
        གསར་འགོད་པས་རྫོང་དེའི་སྒྲིག་བཤེར་ཨུ་ལྷན་ནས་ཤེས་པའི་གནས་ཚུལ་ལྟར་ན། རྫོང་དེས་ད་ལོར་ཆེད་དོན་དག་ཐེར་མགོ་ཁྲིད་ཚན་ཆུང་བཙུགས་ཏེ།འབྲེལ་ཡོད་སྡེ་ཚན་གྱིས་རྡོ་རིགས་ཀྱི་གཏེར་འདོན་བཟོ་གྲྭར་ལྟ་རྟོག་དོ་དམ་བྱས་པ་གནད་ལ་མ་འཁེལ་བ་དང་། ལྟ་སྐུལ་དོ་དམ་དམ་འཛིན་ནན་མོ་མ་བྱས་པ་བཅས་ཀྱི་དབང་གིས་སྣོད་བཅུད་ཁོར་ཡུག་ལ་གཏོར་བརླག་ཐེབས་ཡོད་པའི་གནད་དོན་ཐག་གཅོད་ཐེར་འདོན་བྱས་ནས་འབྲེལ་ཡོད་འགན་འཛིན་པ༡༩ལ་ཚུལ་མི་འདྲ་བའི་ཆད་པ་བཅད་འདུག དེའི་ནང་མི་གཅིག་ལ་ཏང་ནང་ཁུལ་ནས་ཐ་ཚིག་ནན་མོ་བསྒྲགས་ནས་ཆད་པ་བཅད་ཡོད་པ་དང་། མི་གསུམ་ལ་ཏང་ནང་ཁུལ་ནས་ཐ་ཚིག་བསྒྲགས་ནས་ཆད་པ་བཅད། མི་གསུམ་ལ་སློབ་འདོམ་སྐུལ་ལྕག་བྱས། མི་༡༠ལ་དྲན་སྐུལ་བྱས། མི་གཉིས་རྩ་འཛུགས་ནས་ཆད་པ་བཅད་ཡོད་པ་རེད། གསར་འགོད་པས་རྫོང་དེའི་ཞ་མན་གསེར་གྱི་གཏེར་ཁར་དེ་སྔ་ཕྱོགས་ཀྱི་གཏེར་སྙིགས་༤༠༠༠ལྷག་སྤུངས་པ་ཡོད་པ་ཉེ་ལམ་བདེ་བོར་སྙོམས་ཤིང་སྟེང་ལ་གསོན་ཕྲུག་བཙུགས་ཤིང་། ཡུག་པོ་དང་པད་པ་སོགས་ཀྱི་ས་བོན་གཏོར་ནས་ད་ལོར་གཏེར་སྙིགས་ཀྱིས་ཁོར་ཡུག་ལ་འབག་བཙོག་བཟོ་བར་སྔོན་འགོག་བྱས་ཡོད་པ་རེད།

        ལོ་ཙཱ་བ། ཁོན་ཐར་འཚོ།